Skip to main content Skip to search
15 Dec 2011
17 min 34 sec
Rating
0
No votes yet
Video Overview
Creators: 
Unknown

Pasang Tséring performs an act on proverbs and one on the negative points of modern songs in exile Tibetan communities in India at the University of Virginia.

Show More

  • ཌབི༹ད
    Ok, our second performance is from Pasang Tsering.
  • ཌབི༹ད
    And Pasang can work in English as well as in Tibetan.
  • ཌབི༹ད
    He's the first and most famous stand up comedian in the exile community.
  • ཌབི༹ད
    and many of his skits emphasize the use of Tibetan language,
  • ཌབི༹ད
    and here, he's going to do two short skits; one on proverbs, and one on the negative points of modern songs, which, um, revolves around the popularity of Hindi musicals in the Tibetan refugee population, and singing Hindi songs.
  • ཌབི༹ད
    So please join me in welcoming Pasang Tsering.
  • པ་སངས་ཚེ་རིང
    ཝའེ། དོ་དགོང་། པད་ཀོག་འོད་རྒྱག་གི་འདུག་གང་། ཝའེ། ཝའེ་ལྟ་ཚོད། ངའི་ལྟ་ཚོད་ལ་གཅིག་གཉིས་གསུམ། གཅིག་གཉིས་གསུམ་གསལ་པོ་འདུག་གང་ལ། ད་དེ་རིང་འདིའི། ཨཱ་ཕྱི་དང་ནང་གི་ད་ཕེབས་མཁན་་ཚང་མ་ལ་དགོད་གཏམ་པ། པ་སངས་ཚེ་རིང་གིས་བཀྲ་ཤིས་བདེ་ལེགས། 
  • པ་སངས་ཚེ་རིང
    ཨ་ནི་ད་ངས་ཀྱི་ཆབ་གཅིག་ཞུས་པ་ཡིན་ན། ཐོག་མར་དེ་ལ། དུས་ཚོད་ངེས་པ་ཟེར་གེ་མི་འདུག། ཨ་ནི་གཅིག ག་གི་འདམས། ག་གི་མ་འདམས་ཟེར་དུས། ཨ་ནི་ཁག་པོ་ཞེ་པོ་ཅིག་རེད་ཞག
  • པ་སངས་ཚེ་རིང
    དེ་ཡིན་དུས་ད་ངས་ཐོག་མར་ནམ་རྒྱུན་གཞིར་བཟུང་བཤད་ན། གཏམ་དཔེ་བཞིན། ང་རང་ཚོ་བོད་ལ་ད་གཏམ་དཔེ་དེ་འདྲས་སྐྱོར་སྲོལ་ཡོད། ཕྱིས་སུ་གཏམ་དཔེ་དེ་ཚོ་ཚང་མ་བརླག་འགྲོ་གི་འདུག བྱས་ཙང་གཏམ་དཔེ་དེ་ངས་རྒྱ་གར་རིག་གཞུང་བཞིར་བཟུང་བྱས་བསྐྱོར་པ་ཡིན་ན། ཁོ་རང་ཚོའི་གི་ཤེས་རིག་ཟེར་གྱི་ཡོའོ་རེད།
  • ཝ་ཝ་་་་་གསུང་ཡས་ཀྱི་དེ་འདྲས་ལུགས་སྲོལ་ཡོའོ་རེད། ང་ཚོ་བོད་པ་ཡིན་པ་སོང་ཙང་།  ངས་གཏམ་དཔེ་ཚིག་གཉིས་བརྗོད་དུས། ཁྱེད་རང་ཚོས་ཨོའོ་ཙི་ལཱ།  ཨོའོ་ཙི་ལཱ།གསུངས་རོགས་གནང་།
  • ཡག་པོ་འདུག་ན། འ་ཙི་ཀས།  འ་ཙི་ཀས  ཟེར་གག་བྱས། 
  • ཨ་ནི། ཧ་ཅང་ཡག་པོ་འདུག་ན། ཨ་དེ་འདྲའི་མི་དེ། ཟེར་གག་བྱས།
  • གོ་ཡས་ཟེར་མི་འདུག་གང་། ཝ་ཝ། ལྟ་ཚོད། ངའི་ལྟ་ཚོད། ཝའི་རྒྱང་བསྒྲགས་ལྟ་ཚོད། ཝའི། ད་འདིར་གཏམ་དཔེ་ཡིན་ད། དང་པོ།
  • གནམ་ལ་རྡོ་གཅིག་ཞུས་པས། སྟར་ཁ་ཉི་ཤུ་འབབ་སོང་། ཐུགས་ཆེ་གནང་། ཐུགས་ཆེ་གནང་། གཉེས་པོ་བྱུང་ཡོད་ས་མ་རེད། 
  • གནམ་ལ་རྡོ་གཅིག་ཞུས་པས། སྟར་ཁ་ཉི་ཤུ་འབབ་སོང་། ཐུགས་ཆེ་གནང་། ཐུགས་ཆེ་གནང་། ཐུགས་ཆེ་གནང་། གནམ་ལ་རྡོ་གཅིག་ཞུས་པས། སྟར་ཁ་ཉི་ཤུ་འབབ་སོང་། ང་རང་ཚང་མ་བཟས་ཡིན། ལྷ་ལ་འཕུལ་ལོང་མ་བྱུང་།
  • དགོངས་དག དགོངས་དག དགོངས་དག 
  • དེའི། ད་འདི་ག་རེད། སྔོན་མ་ང་རང་ཚོའི་མི་དེ་དངོས་གནས་ག་རེ་བྱས་པ་ཡིན་ནའི། ཡ་རབས་སྤྱོད་བཟང་དང་འབྲེལ་སྒྲིག་ནས། དངོས་གནས་ལྷ་བླ་མ་དཀོན་མཆོག་ཟེར་མཁན་འདི་ཞེ་པོ་ཅིག་རྩ་ཆེན་པོ་ཅིག་རྩིས་ཀྱི་ཡོའོ་རེད།
  • དེང་སང་དངོས་གནས་ང་རང་ལ་བྱུང་རོགས་བྱུང་ན། དཀོན་མཆོག་ད་འང་བྱུང་ནའི་བྱུང་། མ་འབྱུང་ནའི་མ་འབྱུང་། ཧེ། བསོད་བདེ་སྐམ་འགྲོ་གི་ཡོའོ་རེད་ད། བྱས་ཙང་བསོད་བདེ་སྐམ་སོང་ན། ཨ་ནི་མགོ་བདེ་ལོས་འགྲོ་གི་ཡོད་ས་མ་རེད།
  • གཏམ་དཔེ་གཉིས་པ།
  • གནམ་ལ་རྡོ་གཅིག་ཞུས་པས། མོ་རང་མགོ་ལ་ཕོགས་སོང་། ཐུགས་ཆེ་གནང་། ཐུགས་ཆེ་གནང་། ཐུགས་ཆེ་གནང་། གནམ་ལ་རྡོ་གཅིག་ཞུས་པས།  མོ་རང་མགོ་ལ་ཕོགས་སོང་། སེམས་པ་ཤོར་དགོས་མ་རེད། ངས་ཀྱག་ཀྱག་བྱས་ཡིན་དང་།
  • ངོ་ཚ་ལ། གནམ་ལ་མིག་གཅིག་བལྟས་པས། དཀར་པའི་ཟླ་དཀར་བཞད་སོང་། གནམ་ལ་མིག་གཅིག་བལྟས་པས། དཀར་པའི་ཟླ་དཀར་བཞད་སོང་། སྒེའུ་ཁུང་ཕྱེ་ནས་བལྟས་པས། ཟླ་བ་སྒྲོལ་མ་མཇལ་སོང་།
  • ཐུགས་ཆེ་གནང་། ལག་པར་མེ་ཏོག་འཁྱེར་ནས། མོ་རང་མཇལ་ཀར་ཕྱིན་ཡིན། ལག་པར་མེ་ཏོག་འཁྱེར་ནས། མོ་རང་མཇལ་ཀར་ཕྱིན་ཡིན། ཁང་པའི་ནང་ལ་སླེབས་དུས། སྤང་༼སྤྲང་༽པོ་དཔའ་བོ་རྒྱག་པ་འདི་སྒུགས་བསྡད་བཞག
  • ཕར་ལ་མིག་གཅིག་བལྟས་པས། ཚུར་ལ་སྤྱན་གཅིག་གཟིགས་བྱུང་། ཐུགས་ཆེ་གནང་། ཕར་ལ་མིག་གཅིག་བལྟས་པས། ཚུར་ལ་སྤྱན་གཅིག་གཟིགས་བྱུང་། སེམས་པ་ཤོར་ཡོང་བསམ་བྱུང་དའི།  སྤང་༼སྲང་༽པོས་་རྐུ་མ་ཡ་ལ་བཙུགས་ཀྱི་འདུག་ག
  • གསེར་ས་འོག་དུ་ཡོད་ཀྱང་། འོད་ནམ་མཁར་ཁྱབ། གསེར་ས་འོག་ཏུ་ཡོད་ཀྱང་། འོད་ནམ་མཁར་ཁྱབ། བསོད་ནམ་མི་ཁོ་རང་ལ་ཡོད་ན། འོད་པད་ཁོག་གང་ལ་བརྒྱབ།
  • འདི་བསོད་བདེ་ཆེན་པོ་རེད། དེ་ལ་སྡང་ཆག་ཡིན་ན་ཅིག་བྱེད་ག་བྱས། ག་རེ་སྣང་བ་མ་འགྲོ་ཀླད་དམར་ཡིན་ན་ཅིག། འདི་ཀླད་དམར་ཡིན་པ་བལྟ་དགོས་མ་རེད། སྦ་ཁུག་ཐུག་ལོས་ལ་ལྟོས་དང་། 
  • དེ་རེད་ད། ཧཱ། གཏམ་དཔེ་དེ་འདིའི་བསྒྲུབས་སོང་། 
  • ད་དེ་ནས་ང་རང་ཚོ་བོད་པའི་མི་དེ་དངོས་གནས་བྱས་ན། སྔན་མ་ནས། ཨཱ། དངོས་གནས་སྤྱས་རས་གཟིགས་ཀྱི་གདུལ་ཞིང་། ཨཱ་བྱམས་སྙིང་རྗེ་ལ་ཞེ་པོ་ཅིག་རང་བཞིན་གྱི་གོམ་ཤུགས་ཐེབས་དེ་མཁན་དེ་འདྲས་ཀྱི་གནད་འགག་ཞེ་པོ་གཅིག་ཡོའོ་རེད།
  • ཨ་ནི་མ་ཎི་ཟེར་མཁན་འདི། སྤུ་གུ་ཆུང་ཆུང་ལ་སླབས་དགོས་ཀྱི་ཡོའོ་མ་རེད། ད་དེང་སང་དུས་ཚོད་དང་འཁོར་ཡུག་ཁོ་ར་འགྱུར་བ་གཅིག་ཐེབས་བཞག་དུས་ཙམ་པ། མ་ཎི་ཟེར་མཁན་ཟེར་འདི། རྒྱུགས་པ་བཏང་བསླབས་དགོས་རེད། ཨོམ། མ། ཎི། པདྨའི་ཧུམ། ཨུ་ཚུགས་བརྒྱབ་ནའི་ཨ་ནི་ཤེས་ཀྱི་ཡོའོ་མ་རེད།
  • ད་དེང་དུས་གློག་བརྙན་གྱི་གཞས་དང་དེ་བར་གི་གཞས་ཆོ་ཡོད་ན་མེད་ན།  དེ་ཚོ་ཁྱོན་ནས་སླབས་མཁན་ཡོའོ་མ་རེད་དེའི་ཁྱོན་ནས། སྤུ་གུ་ཆུང་ཆུང་གོམ་པོ་རྒྱབ་ཐུབ་ལ་མ་ཐུབ་ལ་རྒྱ་གར་གློག་བརྙན་གྱི་གཞས་གཏང་ནས། ད་་་་་་་་་་་། ཁྱོན་ནས། སྣ་རྟུག་འདི་ག་ཙེ་༼ཙམ༽སློད་ཀྱིན་སློད་ཀྱིན། རྦད་མདངས་ཤེས་ཀྱི་མེད་ནའི། ག་རས། ཚིག་ཤེས་ཀྱི་ཡོའོ་མ་རེད་དེའི་མདངས་དེའི་བློས་ཀྱི་མི་འདུག་གང་། 
  • ནེ་་་་་་་་་། ཟེར་ནས། ཨོའོ་དེ་འདྲས་ཕྱིན་ནས་འགྲོགས་པ་ཡིན་ན། དངོས་གནས་གསུམ་སྤྱིར་བཏང་རིག་གཞུང་ཟེར་མཁན་འདི་གང་འདྲས་ཅིག་རེད་ཟེར་ན།
  • དངོས་གནས། ཨཱ་ལུང་པ་སོ་སོའི་གི་ཆས་གོས་ཡོའོ་རེད། ཨཱ་དུག་ལོག་གྱོན་སྟངས། ཟ་སྟངས། འགྲོ་སྟངས། སྤྱོད་པ་འདྲ་མ་འདྲ་ཅིག་རིག་གཞུང་དང་། ད་ཨཱེ། ཨཱེ་ཆ་ལུགས། དེ་འདྲ་ཡོའོ་རེད་དེའི། དུག་ལོག་གྱོན་སྟངས་དང་། གཅིག་ག་རེ་ཟེར་དགོས་རེད། དེ་གཞས་བཏང་སྟངས་ཟེར་མཁན་དེ་དང་། དུས་ཚོད་མཉམ་དུ་བརྗེ་པ་ཐེབས་དེ་ཡས་ཅིག་རེད། ལྐུགས་པ་ཨུ་ཚུགས་ཞེ་པོ་ཞེ་པོ་རྒྱག་ས་ཡོའོ་མ་རེད།
  • ང་ཚོའི་རིག་གཞུང་ཡིན་ནའང་། ཚ་བའི་ནང་ལ་པགས་ཚག་གྱོན་བསྡད་ན། མི་སྨྱོན་པ་རེད། བརྒྱ་ཆ་བརྒྱ་ལབ་ཀྱི་རེད།
  • བྱས་ཙང་དེ་ཟེར་དུས། ཁོ་དུས་ཚོད་མཉམ་པོ་འདོད་ནའི་མ་འདོད་ནའི་འགྱུར་བ་འགྲོ་ཡས་རེད། ཡིན་ནའི་དེ་ག་ལེར་ག་ལེར་འགྱུར་དགོས་རེད།  འགྱུར་ནའི་འགྲོ་དགོས་རེད་མ་གཏོགས། ང་རང་ཚོའི་ད་དངོས་གནས་བོད་པ་བཙན་བྱོན་ནང་ལ་སླེབས་བསྡད་པ་ཡིན་ན་ནི། རྒྱ་གར་ནང་ལ་རྦད་ཧ་ཅང་ཤུགས་ཆེན་པོ། རྒྱ་གར་གློག་བརྙན་གྱི་གཞས་ལ་དོ་སྣང་བྱེད་དུས། དེ་འདྲས་རང་ད་མགོ་ལོག་རེད་ད་བསམ་གྱི་ཡོའོ་རེད།
  • ཨ་ནི་འདི་གི་གཞོགས་གཅིག་ནས་དེང་དུས་ཀྱི་གཞས་དེ་ཚོ་ཁར་ཐུག་ཁར་ཐུག་དངུལ་བཟོ་ཡས་ཀྱི་དམིགས་ཡུལ་རེད། ལྗིད་ཀོག་ཡོའོ་མ་རེད། ང་རང་ཚོ་གློག་བརྙན། རྒྱ་གར་རིག་གཞུང་སོ་སོའི་གཞས་དེ་ཚོ། ཨ་ནི་ལྗིད་ཁོག། ཡར་བླ་མར་བསྟོད་པ། ཨོང་། གནས་འདིར་བཤད་པ། གཏང་ཡོང་དུས་བསོད་ནམ་བསགས་ཡས། བར་ཆད་ལྡོག་ཡས། གཏང་ན་སྙན་རུ་སྙན་རུ་སྙན་རུ་འགྲོ་ཡས། སྐྱིད་རུ་སྐྱིད་རུ་འགྲོ་ཡས་དེ་འདྲས་ཡོའོ་རེད།
  • བྱས་ཙང་ཨ་ནི་ངས་ཕྱིས་སུ་ཨ་ནི་དེ་འདྲས། རྒྱ་གར་གློག་བརྙན་གྱི་གཞས་ཞེ་པོ་དར་ཡོང་གི་འདུག
  • ཆོས་དོན་ལས་ཀ་ནི་ད་ད་ལོ་ས་སྙོམ་གཏང་ཡས་ཉེན་ཁ་ཞེ་པོ་འདུག མ་ཎེ་བུམ་བསགས་དགོས་འདུག་ཟེར་ན། སྒྲུབ་ཁར་སླེབས་སོང་ན། གྲུབ་མཐའ་ཕྱེད་ཀས་སྒྲུབ་ཀྱི་མེད་པ་འདྲ།
  • ཨོའོ་ད་ཁྱོན་ནས། རྒྱ་གར་གློག་བརྙན་གྱི་གཞས་གཅིག་གསར་པོ་འདོན་གཞག་ཟེར་ན། མི་རེ་རེའི་བུམ་ལྔ་ལྔ་སྒྲུབ་འགྲོ་གི་ཡོད་ས་རེད།
  • ཨོའོ་དེ་འདྲས་ཀྱི་མང་པོ་ཤར་དུས། དེ་འདྲས་བྱས་ན་ང་ཚོའི་བསོད་བདེ་ཡོད་པ་དེ་སྐམ་འགྲོ་གི་རེད། ཨཱ་ཁག་པོ་བྱེད་ས་རེད། བྱས་ཙང་ད་རྒྱ་གར་གློག་བརྙན་གྱི་གཞས་མ་ཎི་ནང་བཞིན་གཏང་བསྡད་ཡས་དེ་ཁྱེད་རང་ཚོ་གང་འདྲས་ཅིག་ཡོའོ་རེད།
  • ཨ་ནི་ཚིག་དེ་ཚོར་བལྟས་པ་ཡིན་ན། དངོས་གནས་བྱས་ན། དཱ། མིག་ལྟ་ཡས་ཁོ་རེ་མི་འདུག ཁྱོན་ནས་སྐྱུགས་འགྲོ་ཡས་དེ་འདྲས་རེད་ཞག ཨཱ་སྤུན་ཀྱག་རྩ་ལ་དཱ། དེ་ཀྱང་གི་གཏང་ཕོད་ཡས་དེ་འདྲས་མ་རེད།
  • ད་དེའི་ནང་ནས་གཞས་ཁ་ཤས། ཡག་ཀ་ཡག་ཀ་ཁ་ཤས་ཅིག་ངས་བསྒྱུར་་ཡོད།
  • ཨཱ་བསྒྱུར་པ་དེ་ཚོ་མར་ཅིག་གཟིགས་པ་ཡིན་ན། ཨ་ནི་ཚིག་ཡག་ཀ་དེའི་བཟོ་ལྟ། ཆང་ཁ་ནས་བཙག་ནས་བསྡིར་དྲགས་ན། ཞབས་ནས་བཙགས་ན་ཇི་ལྟར་བྱས་ཟེར་ཡས་གཏམ་དཔེ་དེ་ནང་བཞིན་རེད་ད།
  • ཨ་ནི་ཁྱེད་རང་ཚོས་གཟིགས་ཐུབ་ཀྱི་རེད། ད་བར་རུ་ཅིག་ལ་ང་ཚོའི་རྒྱ་གར་ནང་ལ་ཡོད་པའི་གློག་བརྙན། ད་བོད་པའི་སྤུ་གུ་ཚོས་གི་ད་ཁྱོན་ནས། གཏང་གཞག་པའི་གཞས་སྐད་གྲགས་ཆེན་པོ་ཁ་ཤས་ཅིག་གཟིགས་ཡས་དང་།
  • ང་ནི་གཉིད་ཁུག་གི་མི་འདུག ཧ་ཡི། ང་ནི་གཉིད་ཁུག་གི་མི་འདུག ང་ལ་བདེ་བ་མི་འདུག ཁ་ཤས་ཕྱི་མིས་འདིས་ང་ལ་ལབ་དང། ཧ་མི་གོ་སེམས་དེ་ག་པར་བརླགས་སོང་། ཧུམ། ཧ་མི་གོ་སེམས་དེ་ག་པར་བརླགས་སོང་། ཧུམ། ཧ་མི་གོ་སེམས་དེ་ག་པར་བརླགས་སོང་། ཧུམ། ཧ་མི་གོ་སེམས་དེ་ག་པར་བརླགས་སོང་། ཧུམ། སྐུ་གཟུགས་གང་འདྲས་འདུག ང་ལ་གཅིག་གསུང་རོགས་གནང་དང་།  ཨར་ལོག་ཕར་རྒྱབ་ཚུར་རྒྱབ་མང་པོ་བྱས་པ་ཡིན། ཨཱ་ཙི་ཨཱ་ཙི་དེ་འདྲས་རང་དང་མ་གསུངས་དང་། ང་ནི་ག་དུས་ཡིན་ནའི་ཁྱེད་རང་དྲན་གྱི་འདུག ཨཱ་ཙི་ཨཱ་ཙི་དེ་འདྲས་རང་དང་མ་གསུང་དང་། ང་ནི་ག་དུས་ཡིན་ནའི་ཁྱེད་རང་དྲན་གྱི་འདུག མཚམས་མཚམས་ཁྱོད་ང་དགའ་བཅུག་གིས། མཚམས་མཚམས་ཁྱོད་ང་ངུ་བཅུག་གིས། ཁ་ཤས་ཕྱི་མིས་འདིར་ང་ལ་ལབ་དང། ཧ་མི་གོ་སེམས་དེ་ག་པར་བརླགས་སོང་། ཧུམ། ཧ་མི་གོ་སེམས་དེ་ག་པར་བརླགས་སོང་། ཧུམ།
  • ང་ནི་གཉིད་ཁུག་གི་མི་འདུག མི་འདུག ཧ་ཡིའི། སེམས་དགའ་ཡོང་དེའི་སྐྱོ། སེམས་དགའ་ཡོང་དེའི་སྐྱོ། སེམས་སྣང་བ་སྐྱིད་པོ། མ་ཉན་ན། འདི་སྨྱོན་པ་རེད། ག་ཚད་ལབ་ནས་ཉན་ཡས་ཡོའོ་མ་རེད། འདི་སྨྱོན་པ་རེད། ག་ཚད་ལབ་ནའི་ཉན་ཡས་ཡོའོ་མ་རེད། འགྲོ་གི་ཡིན་ན་འགྲོ་དང། འགྲོ་གི་མིན་ན་གཡུགས་ཞོག བརྙས་མ་རྐོའོ་་་་་། འགྲོ་གི་ཡིན་ན་འགྲོ་དང་། འགྲོ་གི་མིན་ན་གཡུགས་ཞོག བརྙས་མ་རྐོའོ་་་་་་། འདི་སྨྱོན་པ་རེད། ག་ཚད་ལབ་ནའི་ཉན་ཡས་ཡོའོ་མ་རེད། རྒྱུགས། རྒྱུགས་་་་་་་་། འང་གུ་རྒྱུགས་་་་། ཐང་པོས་རྩེ་བ་གི་ཐང་པོས་ཡི་གི། ཨོའོ་་་་་། ཐང་པོས་རྩེ་བ་གི་ཐང་པོས་ཡི་གི། དཀར་པོ་ལ་ལྟོས་ཤོག། འང་གུ་རྒྱུགས་་་་་་་་་། རྒྱུགས་་་་་། 
  • དེ་འདྲས་རེད་གཟིགས་དང་། ད་ཁྱེད་རང་ཚོས་ཚིག་དེ་གོ་སོང་ན། གད་མོ་ཤོར་གྱི་འདུག་གང་། ད་དེ་ང་ཚོས་རྟག་པར་མ་ཎེ་ནང་བཞིན་བསགས་བསྡད་ཀྱི་ཡོའོ་རེད། ས་ཡོམ་བཀག་གི་ཡོད་ས་རེད་ཕལ་ཆེར།
  • ད་ཡིན་ནའི་དེ་འདྲས་དེ་འདྲས་བར་རུ་ལ་རྒྱ་གར་གྱི་རྒྱལ་པོའི་གཞས་དེ་ཡང་ལྟོ་སྤྲོ་ཚར་པོ། པར་རུ་ཅིག་ལ་བདེ་བླག་མི་འཐེན་ཟེར་ཉན་དངོས་གནས་རྒྱ་གར་གྱི་གཞས་རྩོམ་མཁན་སྐད་གྲགས་ཞེ་པོ་ཅིག་ཡོད་པ་རེད། ཁོ་རང་ཧང་སང་ཡས་སྐད་གྲགས་ཆོད་ནས་རྦད་དེ་འཛམ་བུ་གླིང་ལ་ཕལ་ཆེར་ཕལ་ཆེར། ཨོང་ཁོ་རང་གི་གཞས་འདི་སྙན་གྲགས་བྱུང་ཡོད་ས་རེད།
  • ཨཱ་འདི། ཁོ་རྫབ་ཆེན་ཁོས་ཀྱི་ཚིག་དེ་དངོས་གནས་བྱས་ན། རྒྱ་གར་གྱི་གཞས་དང་དེ་འདྲས་བླུགས་མི་འདུག་གང་། རྫབ་ཆེན་ཁོས་བོད་པའི་ཚིག་བེད་སྤྱོད་བྱས་ཞག སུ་ཅིག་གི་ཧ་གོ་ཡོའོ་མ་རེད་ད།
  • གལ་སྲིད་དུས་ཚོད་འདི་ལ་སེམས་ཅན་སྐད་གྲགས་ཆེན་པོ་པ་ཚེ་རིང་ཟེར་མཁན་ང་མེད་པ་ཡིན་ན། ཁོས་འཛམ་བུ་གླིང་གང་ཙམ་མགོ་སྐོར་གཡོག་ཚར་རེད་ད།
  • ད་ང་སྤྱང་པོ་རེད་པཱ། ངས་བསམ་བློ་གཏང་ནས། ཁོ་སྐད་གྲགས་ཆོད་ཡས་ཀྱི་གཞས་དེ་ལ་ག་རེ་འདུག ལྗིད་གོག་ག་རེ་འདུག འདུག་བཟོ་བསམ་བློ་གཏང་ནས་བལྟས་ཡོང་དུས་ཙམ་པ། ཨོའོ་ཙི་ལགས། རྫབ་ཆེན་ཁོས་བོད་སྐད་རྒྱབ་ཤག བོད་སྐད་ལ་བཅོས་བྲིས་ཏིག་ཙེ་ཏིག་ཙེ་རྒྱབ།
  • ཨ་ནི་ཁོ་རང་གི་རྒྱ་གར་གཞས་ཡིན་མདོག་མདོག་བྱས་ནས་གཏང་། ཨ་ནི་ཁོ་སྐད་གྲགས་ཆོད་པ་རེད། ད་གཟིགས་ཨཱ་ཁོ་རང་གི། ཁོ་རང་གི་གཏང་བཞག་པའི་གཞས་འདི། ད་འདི་རེད། ངས་རྒྱ་གར་རང་གི་ཐད་ཀར་གཏང་པ་ཡིན་ན།
  • མེ་ཏ་རི་དེ། མེ་ཏ་རི་དེ། ག་རེ་རས། མས་མས་ག་རེ་དེ་ར་པ་ར་པ། ཨོའོ་ར་པ་ར་པ་་་་་་་་་་་་་་་་། བོད་སྐད་ལ་འདུག་བཟོ་བསམ་བློ་གཏང་དུས། ཁོས་རྫབ་ཆེན་དེས་ག་རེ་ལབ་བཞག་ཟེར་ན།
  • ར་ཕོ་དེ། ར་ཕོ་དེ། ར་མོ་མཐོང་དུས། ར་ཕོ་དེ། ར་མོ་མཐོང་དུས། མའེ་མའེ་ལབ་ཀྱི་འདུག  ཨོའོ་ར་ཕོ། ར་ཕོ་་་་་་་། ར་ཕོ་དེ། ར་ཕོ་དེ། ར་མོ་མཐོང་དུས། ར་ཕོ་དེ། ར་མོ་མཐོང་དུས། མའེ་མའེ་ལབ་ཀྱི་འདུག ར་མོ་ནི་ནི། ར་མོ་འདིའི་ཁ་ལ་རྩ་གཅིག་འཁྱེར་ནས་མུར་ནས་འགྲོ་གི མུ་ཡི་ཨུ་ཡི། ཨུ་ཡི་མུ་ཡི་་་་་་། ར་ཕོ་དེ་་་་་། ར་མོ་མཐོང་དུས། མའེ་མའེ་ལབ་ཀྱི་འདུག། ཨོའོ། ར་ཕོ་ར་ཕོ། གཟིགས་དང་དེ་འདྲས་རེད་ད།
  • ར་ཕོ་དེས་ར་མོ་མཐོང་དུས། མའེ་མའེ་ལབ་ཀྱི་འདུག་ལབ་ད་ཁོ་སྐད་གྲགས་ཞེ་པོ་ཆོད་ཕྱིན་པ་རེད་ད། བྱས་ཙང་། ཨོའོ་དེ་འདྲས་རེད། ཨ་ནི།
  • ད་དེ་ནས་ཡང་ང་རང་ཚོའི་ནང་ལ། ནང་མ་ཟེར་ནའི་ཟེར། རྒྱ་གར་ཁྲིས་ལ་ནག་པ་ཟེར་ནའི་ཟེར། ག་ལེ་ག་ལེར་ནང་མ་འགྱུར་པ་རེད། དེ་འདྲས་གཞས་ཀྱི་རྣམ་གྲངས་ཡག་པོ་ཞེ་པོ་ཅིག་འདུག
  • དེའི་ནང་ལ། ཨང་། ད་ཁོ་རང་ཚོའི་གི་ཡང་ཅིག། ཨོང་ཚིག་སྙན་ཆ་དེ་འདྲས་ཅིག་བུ་བུ་མོ་ལ་ཅིག་ཚིག་རྒྱག་རྒྱག་ཡས་དེ་འདྲས་གི་གཞས་དེ་འདྲས་ལ། ཁོ་རང་ཚོའི་ཤེས། ག་རེ་ཟེར། ག་ཙ་ལ་ཟེར་གྱི་ཡོའོ་རེད། བྱས་ཙང་ངས་ཀྱི་བོད་གཞས་དེ་ལ་ཅི་ག་ཙ་ལ་བསྒྱུར། བོད་རིགས་ཀྱི་གཞས་དེ་ལ། སྐད་དེ་ལ་ཡོན་ཏན་ག་རེ་ཡོད་ཟེར་ན།
  • འཛམ་བུ་གླིང་གང་འདྲས་ཅིག་གི་སྐད་ལ་ཕར་འཛུལ་ནའི་འཛུལ་ཐུབ་མཁན། ཚུར་འཛུལ་ནའི་འཛུལ་ཐུབ་མཁན། དེ་འདྲས་ཀྱི་ཡོན་ཏན་གྱི་ཁྱད་ཆོས་ཅིག་འདུག་ག
  • ད་ངས་ག་ཙ་ལ་ཟེར་མཁན་དེ་གཏང་ཡོང་དུས་ཙམ་པར། གང་དཀའ་ལས་བྱུང་མ་སོང་། ངས་འབྲི་ཐེངས་ཅིག་ལ་བྲིས་བཞག་ཡིན་དའི་ད། དངོས་གནས་རྒྱ་གར་གྱི་ག་ཙི་ནང་ལ་མར། རྣམ་གྲངས་ནང་ལ་བསྒྱུར་ན། ཚད་དང་ལྡན་པ་སླེབས་ས་ཡོད། ད་དེ་ངས་བུ་བུ་མོའི་གི་སྤྱོད་པ་དང་། གཤིས་ཀ། བྱེད་སྟངས་ལ། ད་དེ་འདྲས་ཅིག་རེད།
  • ཨོ་་་་་་། མགོ་སྒུར་ནས་མ་འགྲོ། བུ་མོ་ལགས། ཝང་་་་་་་། སྤྱན་ང་ལ་གཟིགས་དང་། བུ་མོ་ལགས། ཝང་་་། ངོ་ཚ་ནས་མ་བཞུགས། བུ་མོ་ལགས། ཝང་་་། ཞལ་ང་ལ་གསང་དང་། བུ་མོ་ལགས། མགོ་སྒུར་ནས་མ་འགྲོ། བུ་མོ་ལགས། སྤྱན་ང་ལ་གཟིགས་དང་། བུ་མོ་ལགས། ངོ་ཚ་ནས་མ་འགྲོ་བུ་མོ་ལགས། ཞལ་ང་ལ་གསང་དང་། བུ་མོ་ལགས། ཆུ་ལེན་དགོས་མེད་ནའི། བསྐོར་ར་ཡང་ཡང་བརྒྱབ་ཀྱིས། བུ་ང་འགྲམ་ལ་སླེབས་དུས། ཚ་ཀ་ཚི་གི་ཤོར་གྱིས། ཨའེ་་་། སེམས་ང་ལ་ཤོར་ཞག། མ་ཤོར་མདོག་མདོག། ཡིན་མདོག་མིན་མདོག་བྱས་ནས། མེ་ཚེ་འགྲོ་ན། ང་ནི་ཕང་ག་ལ། བུ་མོ་ཐུགས་བསམ་བཞེས། ང་ནི་ཕང་ག་ལ། བུ་མོ་ཐུགས་བསམ་བཞེས།
  • མགོ་སྒུར་ནས་མ་འགྲོ་བུ་མོ་ལགས། སྤྱན་ང་ལ་གཟིགས་དང་བུ་མོ་ལགས། ངོ་ཚ་ནས་མ་བཞུགས་བུ་མོ་ལགས། ཞལ་ང་ལ་གསང་དང་བུ་མོ་ལགས། ཧ་ཡང་འཁྲུད་དགོས་མེད་ནའི། ཆུ་ལ་ཡང་ཡང་སྦངས་ཀྱིས། བུ་ང་ཡར་མར་འགྲོ་དུས། སྤྱན་ཟུར་ཡང་ཡང་ལྟ་གིས། ཨེའི། སེམས་ང་ལ་ཤོར་ཞག་མ་ཤོར་མདོག་མདོག གོ་སྐབས་བཟང་པོ་ཡོད་དུས་བཀའ་མོལ་གནང་རོགས། ཕ་མས་ཁྱེད་རང་གཞན་ལ་མནའ་མར་བཏང་ན། ང་ནི་ཕང་ང་ལཱ། བུ་མོ་ཐུགས་བསམ་བཞེས། ང་ནི་ཕང་ང་ལཱ། བུ་མོ་ཐུགས་བསམ་བཞེས།
  • མགོ་སྒུར་ནས་མ་འགྲོ་བུ་མོ་ལགས། སྤྱན་ང་ལ་གཟིགས་དང་བུ་མོ་ལགས། ངོ་ཚ་ནས་མ་བཞུགས་བུ་མོ་ལགས། ཞལ་ང་ལ་གསང་དང་བུ་མོ་ལགས། ཁང་པའི་ཐོག་ནས་ང་ལ་ཡིབ་ནས་ཡང་ཡང་ལྟ་གིས། བུ་ང་ཡར་ལ་ལྟ་དུས་དགད་མོ་ཤོར་ནས་བྲོས་གིས། ཨའི་་་་། སེམས་ང་ལ་ཤོར་ཞག་མ་ཤོར་མདོག་མདོག སྐས་འཛེགས་གང་ནས་བུ་མོ་ག་ལེར་འབབ་རོགས། རྐང་པ་འཁྲིལ་ནས་ཁྱེད་རང་མར་ལ་རིལ་ན། ང་ནི་ཕང་ང་ལཱ། བུ་མོ་ཐུགས་བསམ་བཞེས། ང་ནི་ཕང་ང་ལཱ། བུ་མོ་ཐུགས་བསམ་བཞེས། མགོ་སྒུར་ནས་མ་འགྲོ་བུ་མོ་ལགས། ཧ་་་་་།
  • ཨོའོ། དེའི་ཆུང་ཆུང་ཅིག་ལས་༼ལུས༽ཞག ད་ང་རང་ཚོ་དངོས་གནས། ཨང་། བོད་པའི་མི་ཟེར་མཁན་འདི། ལས་ཀ་ག་རེ་བྱས་ནའི། ཡ་རབས་སྤྱོད་བཟང་དང་་འབྲེལ་བ། ད་འདི་སྔོན་མ་གོམ་གཤིས་ཡོད་པ། འདིའི་ནང་ལ་དམིགས་བསལ་གྱི་བྱམས་སྙིང་རྗེ་ཟེར་མཁན་འདི། ད་འཛམ་བུ་གླིང་གཞན་དང་མི་འདྲ་བའི་ཅིག་དམིགས་བསལ་གྱི་གོམ་གཤིས་ལ་ཡོའོ་རེད།
  • ད་འདི་བརླག་པ་ཡིན་ན་ཕང་པོ་ཞེ་པོ་ཅིག་རེད། ཨ་ནི་ལས་ཀ་ག་རེ་བྱས་ནའི་དངོས་གནས། བྱམས་སྙིང་རྗེ་དེ་བློད་ཀྱི་མ་རེད།
  • ད་སྔན་མ་ཆ་བཞག་པ་ཡིན་ན། པ་ལགས་གཅིག་དངོས་གནས་ལག་པ་ལ། ཨོང་ག་རེ། སྔན་མ་ང་གཞི་ཆགས་ཅིག་འགྲོ་བའི་སྐབས་ལ་མི་མང་པོ་ཞིག་ཟིང་བརྒྱབ་བསྡད་ནའི། ཡར་ཟིང་ཟིང་་་་། མར་ཟིང་ཟིང་་་་་།བྱེད་ཀྱི། ཨོའོ་ད་ག་རེ་ར་ཅིག་བྱེད་ཀྱི་འདུག་བསམ། དེ་འདྲས་ཅིག་ལ་མི་ཅིག་གི་སྤུ་གུ་གཅིག་ལ་མི། པ་ཚེ་རིང་མགྱོགས་པོ་དེའི་ཤོག་དང་། པ་ཚེ་རིང་དེའི་ཤོག་དང་ཟེར་གྱི་འདུག
  • ཨོང་ག་རེ་འདུག ཀས། ག་རེ་འདུག
  • མགྱོགས་པོ་འདིར་ཤོག་དང་། ཐག་པ་རིང་པོ་འདུག་ཟེར། ད་ཐག་པ་རིང་པོར་ག་རེ་ཧ་ལས་ཡས་ཡོའོ་རེད། ཡར་སྒྲུག་དར་ལྕོག་བཏགས་ཡས་ཕན་ཐོགས་ཀྱི་རེད།
  • མ་རེད་མ་རེད་མ་རེད། སྦྲུལ་འདུག་སྦྲུལ་འདུག་སྦྲུལ་འདུག་ཟེར་གྱི་འདུག
  • ཁོ་ཚོས་ད་སྦྲུལ་ལ་ཐག་པ་རིང་པོ། མ་ལབ་ན་མི་སྦྲུལ་ལབ་ན་ཡང་ནང་ལ་འཛུལ་འགྲོ་ཡས་ལ་་ཞེ་སྣང་བྱེད་ཀྱི་འདུག་ག རྣམ་རྟོག་འདྲ་ཅིག་རྩིས་ཀྱི་ཡོད་ས་རེད།
  • བྱས་ཙང་ངས་རྒྱུགས་ཕྱིན་ནས་ག་པར་འདུག ཟེར་དུས་ཙམ་པ། སྦྲུལ་འདི་དངོས་གནས། ཁོ་རང་ཞེད་སྣང་དངངས་སྐྲག་གིས་སྙིང་རྗེ། ཡར་འཁྱུར་འཁྱུར་བྲོས་ས་མ་རག་པ་བྱས་བསྡད།
  • ང་ཚོས་འདིའི། འདིར་འདུག་་་་་་། ཕ་གི་་་་་། ཟེར་ནས་ཁོ་ལ་དངངས་སྐྲག་སླངས་བསྡད།དེ་ནས་ཅིག་ལ། པ་ལགས་ཆོས་པ་གནང་མཁན། ཁོ་རང་ལག་པར་ཡ་མ་ཎེ་བསྐོར་ཡས་དཔག་ཙེ་གཅིག་འཁྱེར་ནས། ཨོམ་མ་ཎེ་པད་མའི་ཧུམ་་་་་་་། ཟེར་ནས་ཕེབས་ཡོང་གི་ཡོའོ་རེད།
  • པ་ལགས། འདིར་ཤོག་དང་་་་། སྦྲུལ་འདུག སྦྲུལ་འདུག སྦྲུལ་སྦྲུལ།
  • ག་པར་ག་པར་ག་པར། པ་ལགས་་་། འདིར་ཤོག ངས་བསྟན་དགོས། ཕ་གི་་་་་་་།
  • ཕ་གི་་་་། ཐོངས་སོང་ངས། རྡོའི་རྒྱབ་ལ། རྡོའི་རྒྱབ་ལ་་ནག་པོ་རིང་པོ་གཅིག ནག་པོ་རིང་པོ་གཅིག པ་ལགས་འདིས་ག་པར་འདུག 
  • ཨོམ་མ་ཎེ་པད་མའི་ཧུམ། ག་པར་ག་པར་ག་པར། ཨོའོ་འདུག་ཨོའོ་འདུག
  • ཨོམ་མ་ཎེ་པད་མའི་ཧུམ་་་་་་་་་་་་་་། སྙིང་བྱས། སྙིང་བྱས། མགོ་ལ་བཞུས། མགོ་ལ་བཞུས་ཟེར།
  • སེམས་ཅན་སྲོག་གཅོད་དགོས་ཟེར་ནའི་ང་ཚོའི་བྱམས་སྙིང་རྗེ་འདི་བློད་ཀྱི་མི་འདུག་ག 
  • ད་དེ་འདྲས་རེད། གང་ལྟར་འདིའི་འོང་། ངས་བསྒྲུབས་པ་ཡིན། ཨཱ་དེའི་རྗེས་ལ་ཡང་བསྐྱར་ཁོ་རང་ཡོའོ་རེད། ཐུགས་ཆེ་གནང་།