Skip to main content Skip to search
27 Jan 2016
1 min 35 sec
Video Overview
Creators: 
Sherig Dentshog

This humorous story narrated in Tsangla is about protecting maize crops from monkeys. A man is guarding drying maize from monkeys, but the monkeys trick him. 

 

འདི་ནང་ཡོད་མི་སྲུང་དེ་ དགོད་བྲོ་དང་འབྲེལ་བའི་ སྲུང་ཐུང་ཀུ་ཅིག་ཨིན་པས། འདི་ཡང ་མི་ཅིག་གེ་ཟ་བརྡལ་ཏེ་ ཉིནམ་ནང་བཏོན་བཞག་སྦེ་ སྤྱ་ཚུ་ལས་ སྲུང་བཅུག་བཞགཔ་ད་ གེ་ཟ་སྲུང་མི་དེ་གིས་ མིག་ཏོག་ གནམ་ཁར་ཉིམ་ཐོན་མི་ཐོན་བལྟ་སྡོད་པའི་ཟེར་ གེ་ཟ་ག་ར་སྤྱ་གིས་ བཟའ་ཚར་ཚར་བའི་སྐོར་ལས་ཨིན་པས། སྲུང་དེ་ཚུ་ མང་ཤོས་ར་ སྲུང་སླབ་མི་ རང་གི་ས་གནས་ཀྱི་གནས་སྟངས་དང་ ལམ་སྲོལ་ལུ་གཞི་བཞགཔ་ལས་ སྲུང་དེ་གི་ཐོག་ལས་ ཤར་ཕྱོགས་ཀྱི་ས་གནས་ཚུ་ནང་ འབྲུ་སྣ་མང་ཤོས་ གེ་ཟ་བཙུགས་དོ་ཡོདཔ་ད་ གནོདཔ་བཀལ་མི་སེམས་ཅན་གཙོ་ཅན་ཅིག་ སྤྱ་ཨིན་པའི་ ངོས་འཛིན་འབད་ཚུགས་པས།

 

Transcript search
No results found for this search
0 of 0
  • ཡིད་མཐུན་སྤུན་དྲུག་:Yethuen Pinduk
    དང་ཕུ་ གེ་ཟ་སྤྱ་ལས་སྲུང་དོ་ཡོདཔ་མས།
  • ཡིད་མཐུན་སྤུན་དྲུག་:Yethuen Pinduk
    སྤྱ་ལས་སྲུངམ་ད་ཏེ་ སྤྱ་བལྟ་ཟེར་མེན་པར་ ཉིམ་གཅིག་བལྟ་ཟེར་ སླབ་སླབ་མས།
  • ཡིད་མཐུན་སྤུན་དྲུག་:Yethuen Pinduk
    ཉིམ་གཅིག་བལྟ་ཟེརཝ་ད་ གནམ་ཁ་ར་བལྟ་སྡོད་སྡོདཔ་མས།
  • ཡིད་མཐུན་སྤུན་དྲུག་:Yethuen Pinduk
    ཡར་ལྟག་ཡར་ལྟགར་བལྟ་སྡོདཔ་ད་ གེ་ཟ་ཆ་མཉམ་སྤྱ་གིས་བཟའ་ཚརཝ་མས།
  • ཡིད་མཐུན་སྤུན་དྲུག་:Yethuen Pinduk
    ཁྱོད་ག་ཅི་སྲུང་ཡི་ཟེརཝ་ད་
  • ཡིད་མཐུན་སྤུན་དྲུག་:Yethuen Pinduk
    སྤྱ་ཚུ་ བལྟ་ཟེར་མི་སླབ་པས། གནམ་ཁ་བལྟ་སྡོད་ཅི། ཡར་ལས་འདི་ མི་འོང་པས་ཟེརཝ་མས་ལོ།
  • ཡིད་མཐུན་སྤུན་དྲུག་:Yethuen Pinduk
    གེ་ཟ་ཆ་མཉམ་ སྤྱ་གིས་ བཟའ་ཚར་ཚརཝ་མས།
    all maize are finished eaten by the monkeys
  • ཡིད་མཐུན་སྤུན་དྲུག་:Yethuen Pinduk
    འ་འོ་་་་ཁུངས་མིན་འདུག་སྨ་རེ་ ག་ེཟ་རྫོགས་སོང་ནུག།
  • ཡིད་མཐུན་སྤུན་དྲུག་:Yethuen Pinduk
    ད་རུང་ གེ་ཟའི་ཞིང་གཞན་ཁར་ བལྟ་བ་སོང་ཟེར་ སླབ་སླབ་མས།
  • ཡིད་མཐུན་སྤུན་དྲུག་:Yethuen Pinduk
    བལྟ་བ་སོང་ཟེརཝ་ད་ ཁོ་གིས་ གེ་ཟ་ ཡར་ལས་སྐྱེས་དོ་བཟུམ་སྦེ་མནོ་སྡོདཔ་ད་
  • ཡིད་མཐུན་སྤུན་དྲུག་:Yethuen Pinduk
    གེ་ཟ་ཆ་མཉམ་སྦུག་ལས་སྐྱེས་སྐྱེསཝ་མས།
  • ཡིད་མཐུན་སྤུན་དྲུག་:Yethuen Pinduk
    དབའི་ བསོད་ནམས་མེད་པའི་ གེ་ཟ་འདི་བཟུམ་ཟེར་
  • ཡིད་མཐུན་སྤུན་དྲུག་:Yethuen Pinduk
    ཆ་མཉམ་བརྫམ་བཏང་དཔ་མས། སྦུག་ལས་སྐྱེས་སྡོདཔ་ད་
  • ཡིད་མཐུན་སྤུན་དྲུག་:Yethuen Pinduk
    སྦུག་ལས་སྐྱེས་མི་གེ་ཟ་ཆ་མཉམ་ བསོད་ནམས་མེད་པའི་གེ་ཟ་ཟེར་
  • ཡིད་མཐུན་སྤུན་དྲུག་:Yethuen Pinduk
    ག་ར་བརྫམ་ཏེ་ ཞིང་ཕྱེད་ཀ་ཅིག བརྫམ་་ཚརཝ་ད་རྐྱངམ་ཅིག་ ལོག་ལྷོད་མས་ཟེར་ཨིན་པས།