Video Overview
Professor Sangdak Dorjé of Tibet University describes photographs for others to guess the vegetable.
- Lhasa
- Ü
- རྒན་ལགསདེ་ཟ་དུས་ཆུའི་ནང་ལ་བཙོས་ནས་ཟ་དགོས་རེད།
- རྒན་ལགསཆུའི་ནང་ལ་བཙོས། ཆུའི་ནང་ལ་བཙོས་ནི།
- རྒན་ལགསཡང་བཙོས་ན་ཡང་༿ནའི་༾འགྲིག་གི་རེད།
- རྒན་ལགསརླངས་བཙོས་བརྒྱབ་ན་ཡང་༿ནའི་༾འགྲིག་གི་རེད།
- རྒན་ལགསརླངས་པ་་་་རླངས་བཙོས་་་་རླངས་བཙོས་བརྒྱབ་ནའི་འགྲིག་གི་རེད།
- རྒན་ལགསཨ་ནི་་་ཁོ་རང་གཅིག་པོ་བཟས་པ་ཡིན་ན་སྤྱིར་བཏང་བྲོ་བ་མངར་སིལ་སིལ་རེད། རེད་པཱ།
- རྒན་ལགསསྐྱུར་མོའི་གྲས་མ་རེད། བྲོ་བ་དེ།
- རྒན་ལགསཨ་ནི་་་ད་ཁོ་གཅིག་པོ་ཟ་་་་ད་ད་འཚོ་བ་སྐྱོ་པོ་ཡིན་ན་ཁོ་གཅིག་པོ་ཟ་དགོས་རེད།
- རྒན་ལགསའཚོ་བ་ཡག་པོ་ཡོད་ན་ཁོ་དང་མཉམ་དུ་དེ་དང་མཉམ་པོ་ཨ་ནི་་་ཚལ་སྣ་ཁ་སུམ་ཅུ་བཞི་བཅུ་བསྒྲིག་ནའི་འགྲིག་གི་རེད།
- རྒན་ལགསཡིན་ནའི་ཁོ་གཅིག་པོ་བཟས་ནའི་གྲོད་ཁོག་རྒྱགས་ཀྱི་རེད།
- རྒན་ལགསཨེན་་་ཚལ་སྣ་ཁ་མང་པོ་བཟོས་ནའི་ཞིམ་པོ་ཡོད་རེད།
- དབྱིན་ཇིའི་མིཨ་ནི་་་་དེ་ག་རེ་ཟེར་༿ཟག་༾ ཆུང་ཆུང་རེད། འོང་།
- དབྱིན་ཇིའི་མིདེའི་ནང་ལ་་་་དེ་པར་འདི་འགྲེལ་བཤད་མར་་་་རྒྱག་མ་དགོས་པ་བྱས།
- དབྱིན་ཇིའི་མིཁོ་རང་ལ་ཕུག་ཁོ་རང་གི་ལ་ཕུག་ཁོ་རང་་་་།
- རྒན་ལགསཨ་ནི་་་་དེའི་ནང་ལ་དངོས་པོ་གཉིས་འདུག གསུམ་འདུག་གས
- དབྱིན་ཇིའི་མིམ་རེད་དེ་་་་སྒོང་ལ་ཕུག་ཆུང་ཆུང་གཅིག་འགྲིག་གི་་་་་
- རྒན་ལགསའོང་འོང་། འདི་ཁ་ལག་བཟོས་བྱས་ནི།
- རྒན་ལགསབཙོས་བྱས་བཟས་ནའི་འགྲིག་གི་རེད།
- རྒན་ལགསརྗེན་པ་ལ་བཟས་ནའི་འགྲིག་གི་རེད།
- རྒན་ལགསརེད་པཱ། ཁོ་ཁ་ལག་བཟོས་ནས་བཟས་ནའི་འགྲིག་གི་རེད།
- རྒན་ལགསརྗེན་པ་ལ་བཟས་ནའི་འགྲིག་གི་རེད།
- རྒན་ལགསཁོ་རང་བྲོ་བ་མངར་མོ་རེད།
- རྒན་ལགསཁ་མདོག་ ཚ་ལུ་མའི་མདོག་ཁ་དེ་འདྲས་འདྲ་ཅིག་༿ར་ཅིག་༾རེད།
- རྒན་ལགསའགྲིག་སོང་ངས།
- དབྱིན་ཇིའི་མིའགྲིག་ཤག
- དབྱིན་ཇིའི་མིབཟོ་ལྟ།
- རྒན་ལགསབཟོ་ལྟ་ག་རེ་ལ་ཕུག་གི་བཟོ་ལྟ་རེད། ཧ་་་་ཧ་་་།
- རྒན་ལགསབཟོ་ལྟ་ལ་ཕུག་ལབ་ན་འགྲིག་གི་རེད་པས།
- རྒན་ལགསབཟོ་ལྟ་ནར་མོ།
- རྒན་ལགསཨོ་ཁད་ཨོ་ཁད་ཨོ་ཁད།
- རྒན་ལགསལགས་སོ་༿ལད་སེ།༾ འོང་ད་ཁོའི་དབྱིབས་འདྲ་༿ར་༾འདི་དེ།
- རྒན་ལགསཁ་མདོག་དེ་ནི་ཚ་ལུ་མ་ནང་བཞིན་ཅིག་རེད།
- རྒན་ལགསདབྱིབས་དེ་ནར་མོ་ཡིན་པ།
- རྒན་ལགསདབྱིབས་ནར་མོ་་་་ཨ་ནི་་་རིལ་རིལ།
- རྒན་ལགསམགོ་ཆེ་ཙམ་རྐུབ་ཕྲ་པོ་༿ཕ་པོ་༾འོང་དེ་འདྲས་ཅིག་རེད།
- རྒན་ལགསའོང་་་་ཁ་མདོག་དམར་པོ་ཡིན་པ།
- རྒན་ལགསདབྱིབས་དེ་ལ་ཡ་འོང་་་་་ཟླུམ་པོ་འདྲ་༿ར་༾ཅིག་ད་ཟླུམ་པོ་འདྲ་པོ་༿ར་པོ་༾ཅིག་དབྱིབས་ཟླུམ་ཟླུམ་ཟླུམ་པོ།
- རྒན་ལགསརིལ་རིལ་རིལ་རྐྱང་མ་རེད་ཁོ་མར་དབྱིབས་རིལ་རིལ་ཡིན་པ་ལ། དེ་ནང་བཞིན་བྱས་རི་མོ་རེ་རེ་ཡོད་རེད་པཱ།
- རྒན་ལགསདབྱིབས་ཟླུམ་པོ།
- རྒན་ལགསཁ་དོག་དམར་པོ།
- རྒན་ལགསཨ་ནི་་་་ཚལ་བཟོ་ཡས་རེད།
- རྒན་ལགསཁ་ཤས་ཁ་ཚ་པོ་ཞེ་དྲག་ཡོད་རེད།
- རྒན་ལགསཁ་ཤས་ཁ་ཚ་པོ་ཞེ་དྲག་རང་ཡོད་མ་རེད།
- རྒན་ལགསསོ་ལོ་དམར་པོ།
- རྒན་ལགསདབྱིབས་ནར་མོ་རེད།
- རྒན་ལགསརིལ་རིལ་ཡིན་པ་ལ་རིལ་རིལ་ནར་མོ་རེད།
- རྒན་ལགསད་ཁོ་མར་དེའི་སྒང་ནས་ཚུར་བཀོག་བྱས་ནི་ཟ་ཡས་ཡོད་རེད།
- རྒན་ལགསབཀོག་བྱས་ནི་བཀོག་ བཏགས་ ཞིབ་ཞིབ་བཟོས་ནས། བཟའ་ཡས་ཡོད་རེད།
- རྒན་ལགསཡང་བཀོག་ཞིབ་ཞིབ་མ་བཟོས་པ་བྱས།
- རྒན་ལགསབརྔོས་ནི་བཟས་ན་འགྲིག་གི་རེད།
- རྒན་ལགསཡང་མ་བརྔོས་པ་བྱས་དང་པོ་འདི།
- རྒན་ལགསསྟོན་ཐོག་ནས་ཚུར་ལེན་ནས་དེ་རྡོག་ཁོ་རང་རང་གི་དང་པོའི་རྡོག་རྡོག་ཁོ་རང།
- རྒན་ལགསམེ་བསྲེགས་༿མེ་བཀྲག་༾བཏང་ནས།
- རྒན་ལགསཡང་འདུག་ཟེ་མར་དེ་འདྲས་ཟེ་བཟས་ནའི་འགྲིག་གི་རེད།
- རྒན་ལགསཁ་ཤས་དེ་འདྲས་ཞེ་དྲག་འདུག་ཟེ་ཟ་གི་རེད།
- རྒན་ལགསཨ་ནི་་་་སྤྱིར་བཏང་གི་ད་འོང་་་་། ཐུག་པ་བསྐོལ་ཡས་ཡོད་རེད།
- རྒན་ལགསའབྲས་ནང་བཞིན་གྱི་ཁོས་མོག་མོག་བཟོ་ཆོག་གི་རེད།
- རྒན་ལགསརྒྱ་ནག་ལ་མོག་མོག་བཟོ་གི་ཡོད་རེད་འདིས།
- རྒན་ལགསཧ་་་ཧ་་་་ཧ་་་ཧ་་། ཡིག་ཚད་་་་་་་།
- རྒན་ལགསདབྱིབས་༼ཁ་མདོག་༽དཀར་པོ་ཁ་མདོག་༼དབྱིབས་༽ནར་མོ་རིལ་རིལ།
- རྒན་ལགསཨ་ནི་་་་ཡང་དེ་རྗེན་པ་ལ་བཟས་ཆོག་གི་རེད་རྗེན་པ་ལ། ཚྭ་ཏོག་ཙམ་༿ཏིག་ཙ་༾བསྲེས་༿བཀྲེས་༾
- རྒན་ལགསགྲོང་གསེབ་ལ་སྤགས་ལ་སྤགས་བྱས།
- རྒན་ལགསཨ་ནི་་་ཁོ་ལྷེབ་ལེབ་ལྷེབ་ལེབ་གཏུབས།
- རྒན་ལགསཨ་ནི་་་་ཚྭ་དང་སུར་པན་༿སི་པན་༾བསྒྲེས།
- རྒན་ལགསསྤགས་རྡག་ག་གཅིག་བཟས། ཁོ་རྐང་གཅིག་བཟས་དེ་འདྲས་འདུག་ཟེ་ཟ་མཁན་ཡོད་རེད།
- རྒན་ལགསད་བཙོས་བཙོས་ནས་བཟས་བཟས་ནའི་ཞིམ་པོ་རེད།
- རྒན་ལགསཚལ་བརྔོས་ནས་བཟས་ནའི་ཞིམ་པོ་རེད།
- རྒན་ལགསའོང་ད་ཁོས་འོང་་་་་་།
- རྒན་ལགསརྗེན་པ་དང་བཙོས་ད་ག་རེ་ག་རེ་བཟས་ནའི་འགྲིག་གི་རེད།
- རྒན་ལགསདེ་ནས་ཡང་གྲོང་གསེབ་ཁག་ཅིག་ལ་བརྡར་གྱི་རེད་ཞེ་དྲག
- རྒན་ལགསཞིབ་ཞིབ་ཡག་པོ་ཅིག་བརྡར་དེ་ལ་སུར་པན་༿སི་པན་༾བརྒྱབ།
- རྒན་ལགསཞེ་དྲག་ཞིམ་པོ་རེད་འདི།
- ཨ་ཅག་ལགསལ་ཕུག་དཀར་རིལ་རེད།
- རྒན་ལགསརེད། ལ་ཕུག་དཀར་རིལ་རེད།
- རྒན་ལགསཧ་་་ཧ་་་ཧ་་ལ་ཕུག་དཀར་རིལ་་་་ལ་ཕུག་དཀར་རིལ་་་་་ལ་ཕུག་དཀར་རིལ།
- རྒན་ལགསརེད་ཁོ་རང་གིས་ཟེར་ཡས་དེ།
- རྒན་ལགསཧ་་་་ཧ་་་དབྱིབས་༼ཁ་མདོག་༽ཟིང་སྐྱ་འདྲ་༿ར༾ཅིག་རེད།
- རྒན་ལགསད་དེ་ཟིང་སྐྱ་དབྱིབས་༼ཁ་མདོག་༽ཟིང་སྐྱ།
- རྒན་ལགསཁ་མདོག་ཁ་མདོག་ཟིང་སྐྱ།
- རྒན་ལགསདབྱིབས་ཟླུམ་པོ་འོང་འདུག་ཟེ་རིང་པོ་འདྲ་༿ར་༾ཅིག
- རྒན་ལགསཏོག་ཙམ་༿ཏིག་ཙ་༾ཁ་མདོག་ཟླུམ་པོ་བྱས།
- རྒན་ལགསཡང་ཁོ་རྗེན་པ་ལ་ཡ་བཟས།
- རྒན་ལགསང་ཚོ་ད་ལྟ་དེ་་་་དེ་ཞེ་དྲག་ཟ་གི་ཡོད།
- རྒན་ལགསམཚམས་་་་་ཨ་དེ་་་་བྱས་བྱས་གཏུབས།
- རྒན་ལགསགཏུབས་ཚར་སོང་ན་དེ་སྒང་ལ་ཚྭ་བརྒྱབ།
- རྒན་ལགསཨ་ནི་་་སྦྱང་ཡུའུ་༼འདི་ནི་རྒྱ་སྐད་ཡིན་ཁ་ལག་གི་བྲོ་བ་འདོན་བྱེད་ཞིག་གི་མིང་༽བརྒྱབ།
- རྒན་ལགསཚུའུ་་་ཚུའུ་༼འདི་རྒྱ་སྐད་ཡིན་ཁ་ལག་གི་བྲོ་བ་འདོན་བྱེད་རོ་སྐྱུར་བ་ཞིག༽ཏོག་ཙམ་༿ཏིག་ཙ་༾བརྒྱབ་སུར་པན་༿སི་པན་༾བརྒྱབ།
- རྒན་ལགསདཀྲུགས་དཀྲུགས་ཡག་པོ་ཅིག་བཏང་། ཨ་ནི་འདུག་ཟེ་བཟས་བྱས།
- རྒན་ལགསརྗེན་པ་ལ་བཟས་ན་ཞིམ་པོ་ཞེ་དྲག་ཡོད་རེད།
- རྒན་ལགསབཙོས་ནས་བཟས་ནའི་ཞིམ་པོ་ཡོད་རེད།
- རྒན་ལགསཐུག་པ་ལ་བླུགས་ནའི་ཏོག་ཙམ་ཏོག་ཙམ་༿ཏིག་ཙ་ཏིག་ཙ་༾གཏུབས་བྱས།
- རྒན་ལགསབརྡར་བྱས་ཐུབ་པ་ལ་བླུགས་ནའིའགྲིག་གི་རེད།
- རྒན་ལགསགཏུབས་ནས་ཐུག་པར་བླུགས་ནའི་འགྲིག་གི་རེད།
- རྒན་ལགསརྗེན་པ་བཟས་ནའི་འགྲིག་གི་རེད།
- རྒན་ལགསའོང་་་་་བཙོས་ནས་བཟས་ནའི་འགྲིག་གི་རེད།
- རྒན་ལགསཡང་དེ་བྱས་ནའི་འགྲིག་གི་རེད།
- རྒན་ལགསའོང་་་་བསྙལ་ནས་བཟས་ནའི་འགྲིག་གི་རེད།
- རྒན་ལགསཁོ་གཏུབས་ཨ་ནི་་་་ཆུའི་ནང་ལ་ཡ་རུལ་མ་ཏོག་ཙམ་༿ཏིག་ཙ་༾ཅིག་བླུགས།
- རྒན་ལགསསུར་པན་༿སི་པན་༾རྡོག་རྡོག་དེ་འདྲས་སུར་པན་༿སི་པན་༾འོང་་་་སི་པན་གམ་བུ་ཟེར་གྱི་རེད།
- རྒན་ལགསགམ་བུ་ཁོ་རང་བླུགས་ཨ་ནི་་་་ཟེ་མ་རྭ་ཀོག་ཟེར་མཁན་ཤ་སྨན་དེ་འདྲས།
- རྒན་ལགསདེ་འདྲས་བླུགས་བྱས་ཨ་ནི་་་དོ་དགོང་བསྙལ།
- རྒན་ལགསཨ་ནི་་་་སང་ཉིན་ནས་ཁོག་མའི་ནང་ནས་བཏོན་བྱས། བཟའ་ཡས་ཡོད་རེད།
- ཨ་ཅག་ལགསཆིན་ཙི་ལ་ཕུག་རེད་པས།
- རྒན་ལགསརེད། ཆིན་ཙི་ལ་ཕུག་རེད།
- རྒན་ལགསཧ་་་་ཧ་་་་ཧ་་་།
- དབྱིན་ཇིའི་མིཆིན་ཙི་ལ་ཕུག་རེད་པཱ།
- དབྱིན་ཇིའི་མིརེད། རེད།