Skip to main content Skip to search
15 Dec 2011
7 min 8 sec
Video Overview
Creators: 
Unknown

Professor Sangdak Dorjé of Tibet University describes photographs for others to guess the vegetable.

དགེ་རྒན་གསང་བདག་རྡོ་རྗེ་ལགས་ཀྱིས་འདྲ་པར་ལ་འགྲེལ་བཤད་བྱེད་ནས་མི་གཞན་དག་རྣམས་ཀྱིས་སྔོ་ཚལ་རིགས་ལ་ཙོད་དཔག་བྱེད་པ།

桑达多吉教授,将照片中看到的东西,用谜语的形势来向大家讲解。 桑达多吉教授讲述一些谜语。

དགེ་རྒན་གསང་བདག་རྡོ་རྗེ་ལགས་ཀྱིས་སྔོ་ཚལ་སྣ་ཚོགས་ཀྱི་འདྲ་པར་ལ་བལྟས་ནས་སྔོ་ཚལ་གྱི་ཁ་དོག དབྱིབས་དང་། ཟ་ཚུལ་ལ་སོགས་པར་འགྲེལ་བཤད་བྱེད་བྱས། མི་གཞན་དག་རྣམས་ཀྱིས་སྔོ་ཚལ་རིགས་ལ་ཙོད་དཔག་བྱེད་པ།

Transcript search
No results found for this search
0 of 0
  • རྒན་ལགས
    དེ་ཟ་དུས་ཆུའི་ནང་ལ་བཙོས་ནས་ཟ་དགོས་རེད།
    de za dus chu'i nang la btsos nas za dgos red/
  • རྒན་ལགས
    ཆུའི་ནང་ལ་བཙོས། ཆུའི་ནང་ལ་བཙོས་ནི།
    chu'i nang la btsos/ chu'i nang la btsos ni/
  • རྒན་ལགས
    ཡང་བཙོས་ན་ཡང་༿ནའི་༾འགྲིག་གི་རེད།
    yang btsos na yang {na'i }'grig gi red/
  • རྒན་ལགས
    རླངས་བཙོས་བརྒྱབ་ན་ཡང་༿ནའི་༾འགྲིག་གི་རེད།
    rlangs btsos brgyab na yang {na'i }'grig gi red/
  • རྒན་ལགས
    རླངས་པ་་་་རླངས་བཙོས་་་་རླངས་བཙོས་བརྒྱབ་ནའི་འགྲིག་གི་རེད།
    rlangs pa rlangs btsos rlangs btsos brgyab na'i 'grig gi red/
  • རྒན་ལགས
    ཨ་ནི་་་ཁོ་རང་གཅིག་པོ་བཟས་པ་ཡིན་ན་སྤྱིར་བཏང་བྲོ་བ་མངར་སིལ་སིལ་རེད།  རེད་པཱ།
    a ni kho rang gcig po bzas pa yin na spyir btang bro ba mngar sil sil red/ _red pA/
  • རྒན་ལགས
    སྐྱུར་མོའི་གྲས་མ་རེད། བྲོ་བ་དེ།
    skyur mo'i gras ma red/ bro ba de/
  • རྒན་ལགས
    ཨ་ནི་་་ད་ཁོ་གཅིག་པོ་ཟ་་་་ད་ད་འཚོ་བ་སྐྱོ་པོ་ཡིན་ན་ཁོ་གཅིག་པོ་ཟ་དགོས་རེད།
    a ni da kho gcig po za da da 'tsho ba skyo po yin na kho gcig po za dgos red/
  • རྒན་ལགས
    འཚོ་བ་ཡག་པོ་ཡོད་ན་ཁོ་དང་མཉམ་དུ་དེ་དང་མཉམ་པོ་ཨ་ནི་་་ཚལ་སྣ་ཁ་སུམ་ཅུ་བཞི་བཅུ་བསྒྲིག་ནའི་འགྲིག་གི་རེད།
    'tsho ba yag po yod na kho dang mnyam du de dang mnyam po a ni tshal sna kha sum cu bzhi bcu bsgrig na'i 'grig gi red/
  • རྒན་ལགས
    ཡིན་ནའི་ཁོ་གཅིག་པོ་བཟས་ནའི་གྲོད་ཁོག་རྒྱགས་ཀྱི་རེད།
    yin na'i kho gcig po bzas na'i grod khog rgyags kyi red/
  • རྒན་ལགས
    ཨེན་་་ཚལ་སྣ་ཁ་མང་པོ་བཟོས་ནའི་ཞིམ་པོ་ཡོད་རེད།
    en tshal sna kha mang po bzos na'i zhim po yod red/
  • དབྱིན་ཇིའི་མི
    ཨ་ནི་་་་དེ་ག་རེ་ཟེར་༿ཟག་༾ ཆུང་ཆུང་རེད། འོང་།
    a ni de ga re zer {zag }_chung chung red/ 'ong /
  • དབྱིན་ཇིའི་མི
    དེའི་ནང་ལ་་་་དེ་པར་འདི་འགྲེལ་བཤད་མར་་་་རྒྱག་མ་དགོས་པ་བྱས།
    de'i nang la de par 'di 'grel bshad mar rgyag ma dgos pa byas/
  • དབྱིན་ཇིའི་མི
    ཁོ་རང་ལ་ཕུག་ཁོ་རང་གི་ལ་ཕུག་ཁོ་རང་་་་།
    kho rang la phug kho rang gi la phug kho rang /
  • རྒན་ལགས
    ཨ་ནི་་་་དེའི་ནང་ལ་དངོས་པོ་གཉིས་འདུག གསུམ་འདུག་གས
    a ni de'i nang la dngos po gnyis 'dug gsum 'dug gas
  • དབྱིན་ཇིའི་མི
    མ་རེད་དེ་་་་སྒོང་ལ་ཕུག་ཆུང་ཆུང་གཅིག་འགྲིག་གི་་་་་
    ma red de sgong la phug chung chung gcig 'grig gi
  • རྒན་ལགས
    འོང་འོང་། འདི་ཁ་ལག་བཟོས་བྱས་ནི།
    'ong 'ong /_'di kha lag bzos byas ni/
  • རྒན་ལགས
    བཙོས་བྱས་བཟས་ནའི་འགྲིག་གི་རེད།
    btsos byas bzas na'i 'grig gi red/
  • རྒན་ལགས
    རྗེན་པ་ལ་བཟས་ནའི་འགྲིག་གི་རེད།
    rjen pa la bzas na'i 'grig gi red/
  • རྒན་ལགས
    རེད་པཱ། ཁོ་ཁ་ལག་བཟོས་ནས་བཟས་ནའི་འགྲིག་གི་རེད།
    red pA/ kho kha lag bzos nas bzas na'i 'grig gi red/
  • རྒན་ལགས
    རྗེན་པ་ལ་བཟས་ནའི་འགྲིག་གི་རེད།
    rjen pa la bzas na'i 'grig gi red/
  • རྒན་ལགས
    ཁོ་རང་བྲོ་བ་མངར་མོ་རེད།
    kho rang bro ba mngar mo red/
  • རྒན་ལགས
    ཁ་མདོག་ ཚ་ལུ་མའི་མདོག་ཁ་དེ་འདྲས་འདྲ་ཅིག་༿ར་ཅིག་༾རེད།
    kha mdog _tsha lu ma'i mdog kha de 'dras 'dra cig {ra cig }red/
  • རྒན་ལགས
    འགྲིག་སོང་ངས།
    'grig song ngas/
  • དབྱིན་ཇིའི་མི
    འགྲིག་ཤག
    'grig shag
  • དབྱིན་ཇིའི་མི
    བཟོ་ལྟ།
    bzo lta/
  • རྒན་ལགས
    བཟོ་ལྟ་ག་རེ་ལ་ཕུག་གི་བཟོ་ལྟ་རེད། ཧ་་་་ཧ་་་།
    bzo lta ga re la phug gi bzo lta red/ ha ha /
  • རྒན་ལགས
    བཟོ་ལྟ་ལ་ཕུག་ལབ་ན་འགྲིག་གི་རེད་པས།
    bzo lta la phug lab na 'grig gi red pas/
  • རྒན་ལགས
    བཟོ་ལྟ་ནར་མོ།
    bzo lta nar mo/
  • རྒན་ལགས
    ཨོ་ཁད་ཨོ་ཁད་ཨོ་ཁད།
    o khad o khad o khad/
  • རྒན་ལགས
    ལགས་སོ་༿ལད་སེ།༾ འོང་ད་ཁོའི་དབྱིབས་འདྲ་༿ར་༾འདི་དེ།
    lags so {lad se/} 'ong da kho'i dbyibs 'dra {ra }'di de/
  • རྒན་ལགས
    ཁ་མདོག་དེ་ནི་ཚ་ལུ་མ་ནང་བཞིན་ཅིག་རེད།
    kha mdog de ni tsha lu ma nang bzhin cig red/
  • རྒན་ལགས
    དབྱིབས་དེ་ནར་མོ་ཡིན་པ།
    dbyibs de nar mo yin pa/
  • རྒན་ལགས
    དབྱིབས་ནར་མོ་་་་ཨ་ནི་་་རིལ་རིལ།
    dbyibs nar mo a ni ril ril/
  • རྒན་ལགས
    མགོ་ཆེ་ཙམ་རྐུབ་ཕྲ་པོ་༿ཕ་པོ་༾འོང་དེ་འདྲས་ཅིག་རེད།
    mgo che tsam rkub phra po {pha po }'ong de 'dras cig red/
  • རྒན་ལགས
    འོང་་་་ཁ་མདོག་དམར་པོ་ཡིན་པ།
    'ong kha mdog dmar po yin pa/
  • རྒན་ལགས
    དབྱིབས་དེ་ལ་ཡ་འོང་་་་་ཟླུམ་པོ་འདྲ་༿ར་༾ཅིག་ད་ཟླུམ་པོ་འདྲ་པོ་༿ར་པོ་༾ཅིག་དབྱིབས་ཟླུམ་ཟླུམ་ཟླུམ་པོ།
    dbyibs de la ya 'ong zlum po 'dra {ra }cig da zlum po 'dra po {ra po }cig dbyibs zlum zlum zlum po/
  • རྒན་ལགས
    རིལ་རིལ་རིལ་རྐྱང་མ་རེད་ཁོ་མར་དབྱིབས་རིལ་རིལ་ཡིན་པ་ལ། དེ་ནང་བཞིན་བྱས་རི་མོ་རེ་རེ་ཡོད་རེད་པཱ།
    ril ril ril rkyang ma red kho mar dbyibs ril ril yin pa la/_de nang bzhin byas ri mo re re yod red pA/
  • རྒན་ལགས
    དབྱིབས་ཟླུམ་པོ།
    dbyibs zlum po/
  • རྒན་ལགས
    ཁ་དོག་དམར་པོ།
    kha dog dmar po/
  • རྒན་ལགས
    ཨ་ནི་་་་ཚལ་བཟོ་ཡས་རེད།
    a ni tshal bzo yas red/
  • རྒན་ལགས
    ཁ་ཤས་ཁ་ཚ་པོ་ཞེ་དྲག་ཡོད་རེད།
    kha shas kha tsha po zhe drag yod red/
  • རྒན་ལགས
    ཁ་ཤས་ཁ་ཚ་པོ་ཞེ་དྲག་རང་ཡོད་མ་རེད།
    kha shas kha tsha po zhe drag rang yod ma red/
  • རྒན་ལགས
    སོ་ལོ་དམར་པོ།
    so lo dmar po/
  • རྒན་ལགས
    དབྱིབས་ནར་མོ་རེད།
    dbyibs nar mo red/
  • རྒན་ལགས
    རིལ་རིལ་ཡིན་པ་ལ་རིལ་རིལ་ནར་མོ་རེད།
    ril ril yin pa la ril ril nar mo red/
  • རྒན་ལགས
    ད་ཁོ་མར་དེའི་སྒང་ནས་ཚུར་བཀོག་བྱས་ནི་ཟ་ཡས་ཡོད་རེད།
    da kho mar de'i sgang nas tshur bkog byas ni za yas yod red/
  • རྒན་ལགས
    བཀོག་བྱས་ནི་བཀོག་ བཏགས་ ཞིབ་ཞིབ་བཟོས་ནས། བཟའ་ཡས་ཡོད་རེད།
    bkog byas ni bkog _btags _zhib zhib bzos nas/_bza' yas yod red/
  • རྒན་ལགས
    ཡང་བཀོག་ཞིབ་ཞིབ་མ་བཟོས་པ་བྱས།
    yang bkog zhib zhib ma bzos pa byas/
  • རྒན་ལགས
    བརྔོས་ནི་བཟས་ན་འགྲིག་གི་རེད།
    brngos ni bzas na 'grig gi red/
  • རྒན་ལགས
    ཡང་མ་བརྔོས་པ་བྱས་དང་པོ་འདི།
    yang ma brngos pa byas dang po 'di/
  • རྒན་ལགས
    སྟོན་ཐོག་ནས་ཚུར་ལེན་ནས་དེ་རྡོག་ཁོ་རང་རང་གི་དང་པོའི་རྡོག་རྡོག་ཁོ་རང།
    ston thog nas tshur len nas de rdog kho rang rang gi dang po'i rdog rdog kho rang/
  • རྒན་ལགས
    མེ་བསྲེགས་༿མེ་བཀྲག་༾བཏང་ནས།
    me bsregs {me bkrag }btang nas/
  • རྒན་ལགས
    ཡང་འདུག་ཟེ་མར་དེ་འདྲས་ཟེ་བཟས་ནའི་འགྲིག་གི་རེད།
    yang 'dug ze mar de 'dras ze bzas na'i 'grig gi red/
  • རྒན་ལགས
    ཁ་ཤས་དེ་འདྲས་ཞེ་དྲག་འདུག་ཟེ་ཟ་གི་རེད།
    kha shas de 'dras zhe drag 'dug ze za gi red/
  • རྒན་ལགས
    ཨ་ནི་་་་སྤྱིར་བཏང་གི་ད་འོང་་་་། ཐུག་པ་བསྐོལ་ཡས་ཡོད་རེད།
    a ni spyir btang gi da 'ong /_thug pa bskol yas yod red/
  • རྒན་ལགས
    འབྲས་ནང་བཞིན་གྱི་ཁོས་མོག་མོག་བཟོ་ཆོག་གི་རེད།
    'bras nang bzhin gyi khos mog mog bzo chog gi red/
  • རྒན་ལགས
    རྒྱ་ནག་ལ་མོག་མོག་བཟོ་གི་ཡོད་རེད་འདིས།
    rgya nag la mog mog bzo gi yod red 'dis/
  • རྒན་ལགས
    ཧ་་་ཧ་་་་ཧ་་་ཧ་་། ཡིག་ཚད་་་་་་་།
    ha ha ha ha /_yig tshad /
  • རྒན་ལགས
    དབྱིབས་༼ཁ་མདོག་༽དཀར་པོ་ཁ་མདོག་༼དབྱིབས་༽ནར་མོ་རིལ་རིལ།
    dbyibs (kha mdog )dkar po kha mdog (dbyibs )nar mo ril ril/
  • རྒན་ལགས
    ཨ་ནི་་་་ཡང་དེ་རྗེན་པ་ལ་བཟས་ཆོག་གི་རེད་རྗེན་པ་ལ། ཚྭ་ཏོག་ཙམ་༿ཏིག་ཙ་༾བསྲེས་༿བཀྲེས་༾
    a ni yang de rjen pa la bzas chog gi red rjen pa la/_tshwa tog tsam {tig tsa }bsres {bkres }
  • རྒན་ལགས
    གྲོང་གསེབ་ལ་སྤགས་ལ་སྤགས་བྱས།
    grong gseb la spags la spags byas/
  • རྒན་ལགས
    ཨ་ནི་་་ཁོ་ལྷེབ་ལེབ་ལྷེབ་ལེབ་གཏུབས།
    a ni kho lheb leb lheb leb gtubs/
  • རྒན་ལགས
    ཨ་ནི་་་་ཚྭ་དང་སུར་པན་༿སི་པན་༾བསྒྲེས།
    a ni tshwa dang sur pan {si pan }bsgres/
  • རྒན་ལགས
    སྤགས་རྡག་ག་གཅིག་བཟས། ཁོ་རྐང་གཅིག་བཟས་དེ་འདྲས་འདུག་ཟེ་ཟ་མཁན་ཡོད་རེད།
    spags rdag ga gcig bzas/_kho rkang gcig bzas de 'dras 'dug ze za mkhan yod red/
  • རྒན་ལགས
    ད་བཙོས་བཙོས་ནས་བཟས་བཟས་ནའི་ཞིམ་པོ་རེད།
    da btsos btsos nas bzas bzas na'i zhim po red/
  • རྒན་ལགས
    ཚལ་བརྔོས་ནས་བཟས་ནའི་ཞིམ་པོ་རེད།
    tshal brngos nas bzas na'i zhim po red/
  • རྒན་ལགས
    འོང་ད་ཁོས་འོང་་་་་་།
    'ong da khos 'ong /
  • རྒན་ལགས
    རྗེན་པ་དང་བཙོས་ད་ག་རེ་ག་རེ་བཟས་ནའི་འགྲིག་གི་རེད།
    rjen pa dang btsos da ga re ga re bzas na'i 'grig gi red/
  • རྒན་ལགས
    དེ་ནས་ཡང་གྲོང་གསེབ་ཁག་ཅིག་ལ་བརྡར་གྱི་རེད་ཞེ་དྲག
    de nas yang grong gseb khag cig la brdar gyi red zhe drag
  • རྒན་ལགས
    ཞིབ་ཞིབ་ཡག་པོ་ཅིག་བརྡར་དེ་ལ་སུར་པན་༿སི་པན་༾བརྒྱབ།
    zhib zhib yag po cig brdar de la sur pan {si pan }brgyab/
  • རྒན་ལགས
    ཞེ་དྲག་ཞིམ་པོ་རེད་འདི།
    zhe drag zhim po red 'di/
  • ཨ་ཅག་ལགས
    ལ་ཕུག་དཀར་རིལ་རེད།
    la phug dkar ril red/
  • རྒན་ལགས
    རེད། ལ་ཕུག་དཀར་རིལ་རེད།
    red/ la phug dkar ril red/
  • རྒན་ལགས
    ཧ་་་ཧ་་་ཧ་་ལ་ཕུག་དཀར་རིལ་་་་ལ་ཕུག་དཀར་རིལ་་་་་ལ་ཕུག་དཀར་རིལ།
    ha ha ha la phug dkar ril la phug dkar ril la phug dkar ril/
  • རྒན་ལགས
    རེད་ཁོ་རང་གིས་ཟེར་ཡས་དེ།
    red kho rang gis zer yas de/
  • རྒན་ལགས
    ཧ་་་་ཧ་་་དབྱིབས་༼ཁ་མདོག་༽ཟིང་སྐྱ་འདྲ་༿ར༾ཅིག་རེད།
    ha ha dbyibs (kha mdog )zing skya 'dra {ra}cig red/
  • རྒན་ལགས
    ད་དེ་ཟིང་སྐྱ་དབྱིབས་༼ཁ་མདོག་༽ཟིང་སྐྱ།
    da de zing skya dbyibs (kha mdog )zing skya/
  • རྒན་ལགས
    ཁ་མདོག་ཁ་མདོག་ཟིང་སྐྱ།
    kha mdog kha mdog zing skya/
  • རྒན་ལགས
    དབྱིབས་ཟླུམ་པོ་འོང་འདུག་ཟེ་རིང་པོ་འདྲ་༿ར་༾ཅིག
    dbyibs zlum po 'ong 'dug ze ring po 'dra {ra }cig
  • རྒན་ལགས
    ཏོག་ཙམ་༿ཏིག་ཙ་༾ཁ་མདོག་ཟླུམ་པོ་བྱས།
    tog tsam {tig tsa }kha mdog zlum po byas/
  • རྒན་ལགས
    ཡང་ཁོ་རྗེན་པ་ལ་ཡ་བཟས།
    yang kho rjen pa la ya bzas/
  • རྒན་ལགས
    ང་ཚོ་ད་ལྟ་དེ་་་་དེ་ཞེ་དྲག་ཟ་གི་ཡོད།
    nga tsho da lta de de zhe drag za gi yod/
  • རྒན་ལགས
    མཚམས་་་་་ཨ་དེ་་་་བྱས་བྱས་གཏུབས།
    mtshams a de byas byas gtubs/
  • རྒན་ལགས
    གཏུབས་ཚར་སོང་ན་དེ་སྒང་ལ་ཚྭ་བརྒྱབ།
    gtubs tshar song na de sgang la tshwa brgyab/
  • རྒན་ལགས
    ཨ་ནི་་་སྦྱང་ཡུའུ་༼འདི་ནི་རྒྱ་སྐད་ཡིན་ཁ་ལག་གི་བྲོ་བ་འདོན་བྱེད་ཞིག་གི་མིང་༽བརྒྱབ།
    a ni sbyang yu'u ('di ni rgya skad yin kha lag gi bro ba 'don byed zhig gi ming )brgyab/
  • རྒན་ལགས
    ཚུའུ་་་ཚུའུ་༼འདི་རྒྱ་སྐད་ཡིན་ཁ་ལག་གི་བྲོ་བ་འདོན་བྱེད་རོ་སྐྱུར་བ་ཞིག༽ཏོག་ཙམ་༿ཏིག་ཙ་༾བརྒྱབ་སུར་པན་༿སི་པན་༾བརྒྱབ།
    tshu'u tshu'u ('di rgya skad yin kha lag gi bro ba 'don byed ro skyur ba zhig)tog tsam {tig tsa }brgyab sur pan {si pan }brgyab/
  • རྒན་ལགས
    དཀྲུགས་དཀྲུགས་ཡག་པོ་ཅིག་བཏང་། ཨ་ནི་འདུག་ཟེ་བཟས་བྱས།
    dkrugs dkrugs yag po cig btang /_a ni 'dug ze bzas byas/
  • རྒན་ལགས
    རྗེན་པ་ལ་བཟས་ན་ཞིམ་པོ་ཞེ་དྲག་ཡོད་རེད།
    rjen pa la bzas na zhim po zhe drag yod red/
  • རྒན་ལགས
    བཙོས་ནས་བཟས་ནའི་ཞིམ་པོ་ཡོད་རེད།
    btsos nas bzas na'i zhim po yod red/
  • རྒན་ལགས
    ཐུག་པ་ལ་བླུགས་ནའི་ཏོག་ཙམ་ཏོག་ཙམ་༿ཏིག་ཙ་ཏིག་ཙ་༾གཏུབས་བྱས།
    thug pa la blugs na'i tog tsam tog tsam {tig tsa tig tsa }gtubs byas/
  • རྒན་ལགས
    བརྡར་བྱས་ཐུབ་པ་ལ་བླུགས་ནའིའགྲིག་གི་རེད།
    brdar byas thub pa la blugs na'i'agriga gi red/
  • རྒན་ལགས
    གཏུབས་ནས་ཐུག་པར་བླུགས་ནའི་འགྲིག་གི་རེད།
    gtubs nas thug par blugs na'i 'grig gi red/
  • རྒན་ལགས
    རྗེན་པ་བཟས་ནའི་འགྲིག་གི་རེད།
    rjen pa bzas na'i 'grig gi red/
  • རྒན་ལགས
    འོང་་་་་བཙོས་ནས་བཟས་ནའི་འགྲིག་གི་རེད།
    'ong btsos nas bzas na'i 'grig gi red/
  • རྒན་ལགས
    ཡང་དེ་བྱས་ནའི་འགྲིག་གི་རེད།
    yang de byas na'i 'grig gi red/
  • རྒན་ལགས
    འོང་་་་བསྙལ་ནས་བཟས་ནའི་འགྲིག་གི་རེད།
    'ong bsnyal nas bzas na'i 'grig gi red/
  • རྒན་ལགས
    ཁོ་གཏུབས་ཨ་ནི་་་་ཆུའི་ནང་ལ་ཡ་རུལ་མ་ཏོག་ཙམ་༿ཏིག་ཙ་༾ཅིག་བླུགས།
    kho gtubs a ni chu'i nang la ya rul ma tog tsam {tig tsa }cig blugs/
  • རྒན་ལགས
    སུར་པན་༿སི་པན་༾རྡོག་རྡོག་དེ་འདྲས་སུར་པན་༿སི་པན་༾འོང་་་་སི་པན་གམ་བུ་ཟེར་གྱི་རེད།
    sur pan {si pan }rdog rdog de 'dras sur pan {si pan }'ong si pan gam bu zer gyi red/
  • རྒན་ལགས
    གམ་བུ་ཁོ་རང་བླུགས་ཨ་ནི་་་་ཟེ་མ་རྭ་ཀོག་ཟེར་མཁན་ཤ་སྨན་དེ་འདྲས།
    gam bu kho rang blugs a ni ze ma rwa kog zer mkhan sha sman de 'dras/
  • རྒན་ལགས
    དེ་འདྲས་བླུགས་བྱས་ཨ་ནི་་་དོ་དགོང་བསྙལ།
    de 'dras blugs byas a ni do dgong bsnyal/
  • རྒན་ལགས
    ཨ་ནི་་་་སང་ཉིན་ནས་ཁོག་མའི་ནང་ནས་བཏོན་བྱས། བཟའ་ཡས་ཡོད་རེད།
    a ni sang nyin nas khog ma'i nang nas bton byas/_bza' yas yod red/
  • ཨ་ཅག་ལགས
    ཆིན་ཙི་ལ་ཕུག་རེད་པས།
    chin tsi la phug red pas/
  • རྒན་ལགས
    རེད། ཆིན་ཙི་ལ་ཕུག་རེད།
    red/ chin tsi la phug red/
  • རྒན་ལགས
    ཧ་་་་ཧ་་་་ཧ་་་།
    ha ha ha /
  • དབྱིན་ཇིའི་མི
    ཆིན་ཙི་ལ་ཕུག་རེད་པཱ།
    chin tsi la phug red pA/
  • དབྱིན་ཇིའི་མི
    རེད། རེད།
    red/ red/