15 Feb 2017
3 min 26 sec
Video Overview
Creators:
Dawa Tshering
In this video, Gyelpo talks about the production of dried cheese (chugor), a popular tradition among the highlanders in Bhutan. In the past, the production of dried cheese was mainly for the purposes of each household’s consumption, since highlanders do not grow cereals depending solely on cattle for their subsistence. Today, however, it has become an important commercial product, attracting the attention of costumers from different parts of the country. The production of dairy products is very time-consuming. While making dried cheese, first one has to churn the milk and separate away the butter. Then, the leftover milk must be heated to make the cheese.
- Thimphu
- Soe
- རྒྱལ་མཚན Gyeltshenཏེ་ད་ ཨོམ་གྱི་ཐོན་སྐྱེད་འདི་འབད་བ་ཅིན་ལགས། ཏེ་ཨ་ནཱི་སྦེ་ ཏེ་ད་ ལྷམ་པ་ལེ་ཤ་སྦེ་ཡོད་ལགས། ཏེ་ཨོམ་འདི་ དང་པ་བཞོ་ཚར་བའི་མཐའ་མ་ལུ་སྨོ་ལགས། ཏེ་ཕར་ནཱེ་སྦེ་ རྫམ་ཅིག་ནང་ འདེགས་སྦེ་བཞགཔ་ད་ ཏེ་ནཱིའི་ཁ་ལས་ཕར་ཅིག་ དཀརཔོ་ཅིག་ཆགས་ནི་ཡོད་ལགས། ཏེ་འ་ནཱི་ལུ་ ང་བཅས་འབད་བ་ཅིན་ ཅིམ་ཟེར་ སླབ་ཨིན་ལགས།
- རྒྱལ་མཚན Gyeltshenཏེ་འ་ནཱི་ཅིམ་འདི་ ཏེ་ཕར་རྡོབ་ནང་བླུགས་སྨོ་ལགས? ཏེ་རྡོབ་ནང་བླུགས་ ཏེ་ཨོམ་འདི་ ང་བཅས་དཀྱོག་དགོ་ལགས། ཏེ་ཨོམ་འདི་དཀྱོགཔ་ད་ལུ་ ཏེ་ནཱི་ནང་ལས་ མར་འཐོན་འོང་ལགས། ཏེ་མར་འདི་ ད་བྲོཝ་ངོ་མ་འདི་ མར་སྦེ་ཡར་ཉོ་འོང་སྨོ་ལགས། ཏེ་མར་འདི་བཏོན་ཚརཝ་ད་ལུ་ ཏེ་མར་ལྷག་མཇུག་ལུས་མི་འདི་ལུ་ ཨོསི་ཟེར་ སླབ་འོང་ལགས།
- རྒྱལ་མཚན Gyeltshenཏེ་འ་ནཱི་ཨོསི་འདི་ ཏེ་པ་ཀ་(ལེགས་ཤོམ་)འབད་བསྐོལ། ཏེ་ཨོསི་འདི་ བསྐོལ་ཚརཝ་ཅིག་ ཏེ་ནཱི་ནང་ལུ་ ང་བཅས་ཀྱིས་ ཏེ་ཞོ་ཟེརཝ་ཅིག་བཟོ་ནི་ཡོད་ལགས། ཨོམ་དང་འབྲེལ་བའི་གི་ར་ཨིན་ལགས་ དེ་ཡང་། ཞོ་འདི་ ཏེ་འདི་ནང་བླུགས་སྨོ་ལགས? ཏེ་དེ་ལས་ པ་ཀ་(ལེགས་ཤོམ་)འབད་བཙོཝ་ད་ལུ་ ཞོ་འདི་ སྒོང་ཆི་འོང་ལགས། པུ་ར་(ཆ་མཉམ)འ་ནཱེ་སྦེ་ ཨང་སྒོང་སྦེ་སྒོང་འབདཝ་ད་ལུ་ ཏེ་འ་ནཱི་འདི་ ཕྱུར་གོ་ཟེར་ སླབ་ཨིན་ལགས།
- རྒྱལ་མཚན Gyeltshenཏེ་ དར་ཚིལ་ཡང་ ནཱི་ལས་ར་འཐོན་འོང་ ཕྱུར་གོ་ཡང་ནཱི་ར་ཨིན་ལགས། དར་ཚིལ་ཟེར་རུང་ ཕྱུར་གོ་ཟེར་རུང་ མིང་གི་རྣམ་གྲངས་འདི་འབད་ཚེ་ སོ་སོར་སྦེ་ཡར་སོངཔ་མམ་ ཏེ་ངོ་མ་ར་ རྒྱུ་འདི་འབད་བ་ཅིན་ གཅིག་ཨིན་ལགས།
- རྒྱལ་མཚན Gyeltshenཏེ་ འ་ནཱི་ཕྱུར་གོ་འདི་ ད་ ང་བཅས་ཆུ་ར་ཟེར་ལགས། ཏེ་དང་ཕུ་ལས་འབད་བ་ཅིན་ ཧེ་མ་ཧེ་མ་གི་སྐབས་སུ་ལུ་འབད་བ་ཅིན་ ཏེ་ག་དེ་སྦེ་འབད་དོཝ་ཨིན་ན། ཏེ་ང་བཅས་ཀྱིས་ དྲནམ་ཅིག་ཁ་ལུ་འབད་བ་ཅིན་ ཏེ་ཨ་ནཱི་འདུག་ལགས། བཱོ་ར་སྨོ་ལགས? མར་ལས་ཡར་གྱི་བཱོ་ར་བཱོསི་ཏ་འདི། ཏེ་ཨ་ནཱི་སྦེ་དྲ། བཞི་སྐོར་ཁ་སྦེ་དྲ་ལགས།
- རྒྱལ་མཚན Gyeltshenཏེ་འ་ནཱ་ལུ་ ཕྱུར་གོ་དེ་བླུགས། ཏེ་ཁ་ པ་ཀ་(ལེགས་ཤོམ་)འབད་བསྡམས་སྨོ་ལགས? ཏེ་དེ་ལས་ མར་རྡོ་ལེབ་རྡོ་ལེབ་ཟེར་ སླབ་མས་བ་སྨོ་ལགས? རྡོ་ལེབ་ཏ་ཏ་སྦོམ་འདི་གུ་བཀལ། ཏེ་ནཱི་ལས་ ཟུར་བཞིཔ་འདི་བལྟབ་ལགས། ཟུར་བཞིཔ་འདི་བལྟབ་ཚརཝ་ཅིག་ ཏེ་དེ་གུ་ལུ་ རྡོ་བཀལ་ རྡོ་བཀལ་ རྡོ་བཀལ་སྦེ་ ཏེ་ཕྱུར་གོ་འདི་ ལེབ་ཏ་ཏ་སྦེ་ཡར་ཉོ་འོང་ལགས།
- རྒྱལ་མཚན Gyeltshenཏེ་འ་ནཱི་གི་ནང་ཡོད་མི་དར་ཚིལ་གི་ཆུ་འདི་ལགས། པུ་ར་(ག་ར)མར་འཐོན་འགྱོ་བཅུག་དགོ་ལགས། འ་ནཱི་ཕྱུར་གོ་འདི་ ཞོ་འདི་ འདི་ནང་བླུགས་ པ་ཀ་(ལེགས་ཤོམ་)འབད་བཙོ་ཚརཝ་ལས། ཏེ་མར་གི་འདི་ ཨོསི་སྦེ་མི་སྡོད་ལགས། ཏེ་འདི་ནང་ལུ་ ཁོ་དརཝ་དར་ཆུ་སྦེ་ ཡར་ཉོ་འོང་ལགས། ཏེ་འ་ནཱི་དར་ཆུ་འདི་ ཏེ་ཕར་ཧ་ཡང་ཅིག་ནང་བཞག་སྨོ་ལགས? ཕྱུར་གོ་འདི་ པུ་ར་(ག་ར)བཏོན་སྦེ། ཏེ་དེ་ལས་ ང་བཅས་ཕྱུར་གོ་འདི་ འ་ནཱེ་སྦེ་ཨིན་ལགས།
- རྒྱལ་མཚན Gyeltshenཏེ་ཕྱུར་གོ་ལུ་ཡང་ ད་ཕྱུར་གོ་ ཏེ་གཅིག་འདི་ ཕྱུར་གོ་གྲུ་བཞིམ་སྦོམ་སྦེ་སྨོ་ལགས། [ཡང༌རྔ༌སྦེ༌?] དཔྱངས་བཞག་མི་ཅིག་ཡོད་ལགས། ཏེ་གཅིག་འདི་ རྟ་ཕྱུར་ཟེར་ གཅིག་བཟོ་ནི་ཡོད་ལགས། ད་ རྟ་ཕྱུར་དེ་ ཕྱུར་གོ་ འ་ནཱི་སྦོམ༌བཟོ་ཚར་ཚརཝ་གི་ ཏེ་ཕར་སོ་ལས་ ཨ་ཙི་འ་ནཱི་སྦེ༌ དྲ་དུམ་ཆུང་ཀུ་འབད་བླུགས་འོང་སྨོ་ལགས། ཏེ་ལ་ལུ་ འ་ནཱི་སྦོམ་འབད་བཟོ་རང་གིས།
- རྒྱལ་མཚན Gyeltshenཏེ་དར་ཆུ་ནང་བླུགས་ལགས། པ་ཀ་(ལེགས་ཤོམ་)འབད་བཙོ་དགོ་ལགས། ལེགས་ཤོམ་འབད། ཧ་ལམ་ཅིག་བཙོ་ཞིནམ་་་་བཙོ་ཞིན་པའི་མཐའ་མ་ལུ་ ཏེ་ནཱི་ལས་ ཨ་ཙི་འ་ནཱི་སྦེ་ ད་སྤྱིན་བཟུམ་སྦེ་ལགས། འ་ནཱི་སྦེ་ སྦྱར་ནི་ཅིག་ཐོནམ་ཨིན་ལགས།
- རྒྱལ་མཚན Gyeltshenཏེ་འ་ནཱི་འདི་ ཏེ་ཕྱུར་གོ་ རྟ་ཕྱུར་འདི་ ངོ་མ་འདི་ འ་ནཱི་སྦེ་བཟོཝ་ཨིན་ལགས། ཏེ་འ་ནཱི་འདི་ཡང་ ཨ་ཙི་(ཀ་ལཱར)ཚོས་གཞི་འདི་ ད་ ཚོས་གཞི་འདི་འབད་བ་ཅིན་ དར་ཆུ་གི་བཟུམ་སྦེ་ར་སྡོད་འོང་། ཏེ་ཉི་མའི་ནང་ལུ་སྐམ་བཞག་པའི་མཐའ་མ་ལུ་ ཁོ་དཀརཔོ་དཀརཔོ་འགྱོཝ་ཨིན་ལགས།
- རྒྱལ་མཚན Gyeltshenཏེ་ ཏེ་དེ་ལས་ ཨོམ་གྱི་ཕྱུར་གོ་ཟེར་མི་འདི་ ཨོམ་ཉག་རྐྱང་གིས་བཟོ་མི་ ཕྱུར་གོ་ཅིག་ཡོད་ལགས་ནཱི་ནང་ལུ། ཞོ་ཡང་མ་བླུགས་པར་ ཨ་ནཱི་ ཨོམ་ཉག་རྐྱང་སྦེ་ པ་ཀ་(ལེགས་ཤོམ་)འབད་བསྐོལ་ཞིནམ་ན་ལས་ ཨ་ནཱི་སྦེ་བཟོ་མི་ཅིག་ཡང་ཡོད་ལགས། ཏེ་ནཱི་ལས་ ཏེ་ད་ ཨོསི་འདི་ ད་ཨོསི་གི་ ཨོ་སི་འདི་ འ་ནཱི་སྦེ་ཨིན་མས་ལགས།
- རྒྱལ་མཚན Gyeltshenཏེ་ཁོ་ བྲོཝ་ཚར་ཅིག་ ཐོན་ཚར་ནུག་བ་ལགས། ད་ མར་ལས་མར་འབད་བ་ཅིན་ ཏེ་ད་ དརཝ་ཟེར་སླབ་མས་སྨོ་ལགས? དརཝ་གི་ཚུལ་བཟུམ་ཅིག་སྦེ། ད་ འ་ནཱིམ་ཅིག་ཨིན་མས་ལགས།། །།