Video Overview
The proceedings of the Chojam Rabney Festival was performed after construction on the Chojam Lhakhang was completed. During that time, Tang Drukpa, Ugyencholing Choe zhi, Natruth Gup and Dhazur Gup attended the festival. In the olden days, Chojam Consecration was performed on the 15th, accordding to the Bhutanese calendar, at Rabney Pang with Lham Goenpo, Yakseng, Yidam, and Thongpa Kuenley. Subsequently, many different masked dances would be performed. The main importance of Chojam Consecration, after building the lhakhang, was to subdue the local demons to prevent them from destroying the lhakhangs and ensure prosperity in the village. To this end, Chojam Rabney or Consecration is performed yearly.
སྐྱོ་བྱམས་རབ་གནས་འདི་ དང་ཕུ་ལྷ་ཁང་བཞེངས་བསྒྲུབས་ཞིནམ་ལས་ཚུར་ ད་ཚུན་གྱི་བར་ན་ཡང་ རྒྱུན་མ་ཉམས་པར་ སྐྱོ་བྱམས་རབ་གནས་ འདི་ཡང་ ས་གནས་འདི་ཁའི་ ལྷ་ཁང་འདི་ ཞིང་བསྒྲུགས་ཚར་ཞིནམ་ལས་ འགོ་བཙུགས་ཡོདཔ་ད་ དེ་བསྒང་འབད་བ་ཅིན་ རབ་གནས་འདི་ཁར་ སྟང་དྲུང་པ་དང་ ཨུ་རྒྱན་ཆོས་གླིང་ཆོས་གཞི། དེ་ལས་ སྣང་རུ་རྒཔོ་དང་ མདའ་ཟུར་རྒཔོ་ཚུ་ བྱོན་དགོཔ་ཨིན་པས། དང་ཕུག་འབད་བ་ཅིན་ རབ་གནས་ཀྱི་ཏེ་ ཚེས་བཅོ་ལྔ་གི་ དྲོ་པ་ཏེ་ རབ་གནས་སྤང་ཟེར་མི་ ཐང་ནང་ལུ་ ཏེ་ལྷམོ་ མགོན་པོ་ གཡག་སེང་ ཏེ་ཡིད་དམ་ མཐོང་པ་ཀུན་ལེགས་ ཏེ་འ་ནཱེམ་ཅིག་ཞུ་དོ་ཡོདཔ་ ཨིན་པས། ཨིན་རུང་ ཤུལ་ལས་ འཆམ་སྣ་ཁག་ཚུ་ཡང་ བཙུགས་ཡོདཔ་ ཨིན་པས། རབ་གནས་ཟེར་མི་འདི་ གཙོ་བོ་ར་ ལྷ་ཁང་འདི་ ཞིང་བསྒྲུབས་ཚར་ཞིནམ་ལས་ བགེགས་དང་འབྱུང་པོ་ ལ་སོགས་པ་ཚུ་གིས་ དབང་མི་བཅུག་ནི་གི་དོན་ལུ་ ཐབས་བྱིན་གྱིས་བརླབས་གནང་ཐབས་དང་ ལྷ་ཁང་འདི་ ལེགས་ཤོམ་སྦེ་ ཞིང་བསྒྲུབས་པའི་ བཀྲིས་ལེགས་སྨོན་གྱིས་ དུས་སྟོན་ཅིག་ཡང་ ཨིནམ་ལས་ སྐྱོ་བྱམས་རབ་གནས་འདི་ཡང་ དེ་ཁའི་ མི་སེར་ཚུ་གིས་ ལོ་བསྟར་གྱི་དུས་སྟོན་ཅིག་སྦེ་ བརྩི་སྲུང་ཞུཝ་ཨིན་པས།
- Kidzom
- Tang
- Bumthang
- ཚེ་རིང་ Tsheringཏེ་ འདི་ལས་ ང་བཅས་ རབ་གནས་ཀྱི་འདི་ལུ་ སྐུ་འཆམ་གྱི་རིགས་ཟེར་ ཏེ་ ཞུ་དགོ་པ་ཅིན་ ཏེ་ ཚེས་བཅུ་བཞི་གི་ཕྱི་རུ་ ཏེ་ འཆམ་གཡག་འཆམ་གཅིག་དང་ ལྷམོ་མགོན་པོ་ཞུ་ནི་ཡོད་ལགས།
- ཚེ་རིང་ Tsheringཏེ་ འ་ནཱི་ ཞུ་ཞིནམ་ན་ལས་ ཏེ་ ཐལཝ་སྤུད་ ལེགས་ཤོམ་སྦེ་བཟོ་འབད་ ཏེ་ བཅའ་སྒྲིག་རྐྱབ་ཨིན་ལགས། ཏེ་ བཅོ་ལྔ་གི་ དྲོ་པ་ཏེ་ ནཱ་ཐང་ནང་ལུ་ རབ་གནས་བང་ཟེར་མི་ ཐང་ནང་ལུ་ ཏེ་ ལྷམོ་ མགོན་པོ་ གཡག་སེང་ ཏེ་ ཡིད་དམ་ མཐོང་པ་ཀུན་ལེགས་ ཏེ་ འ་ནེམ་ཅིག་ཞུཝ་ཨིན་ལགས།
- ཚེ་རིང་ Tsheringཏེ་ དེ་བསྒང་ལུ་ ཏེ་ད་ གཙོ་འཛིན་འདི་ ག་བྱོན་ག་ཟེར་བ་ཅིན་ དང་ཕུ་འབད་བ་ཅིན་ སྟང་དྲུང་པ་ཟེར་ཡོད་ལགས་ དྲུང་པ་ ཉ་རུད་རྒཔོ་ མདའ་ཟུར་རྒཔོ་ ཨོ་རྒྱན་ཆོས་གླིང་ཆོས་རྗེ་ འ་ནེམ་ཅིག་ཞུ་དགོ་ལགས།
- ཚེ་རིང་ Tsheringཞུ་མི་འདི་ ང་བཅས་གཡུས་ཀྱི་ ནཱ་གྲངས་ཁ་ལས་བཏོན་ཏེ་གིས་ དཔའ་མཛངས་སྦེ་ཐོན་དགོ་ལགས་ ཏེ་ འ་ནཱི་དཔའ་མཛངསཔ་ ལས་དཔོན་ཟེར་གཅིག་ཡོད་ ལས་གཡོག་ཟེར་ཡང་ གཅིག་ཡོད་ལགས།
- ཚེ་རིང་ Tsheringལས་དཔོན་འདི་གིས་ དཔའ་མཛངསཔ་ཕྱེད་ཀ་གཅིག་འཁྱིད་དེ་ ཡར་ཨོ་རྒྱན་ཆོས་གླིང་ཞུ་སྟེ་གིས་ ཆོས་རྗེ་ཞུ་དགོ་ལགས་ ཏེ་ ལྷམ་པ་གཅིག་གིས་ ལས་གཡོག་གིས་ མར་མདའ་ཟུར་རྒཔོ་ཞུ་ དེ་ལས་ ཉ་རུད་རྒཔོ་ཞུ།
- ཚེ་རིང་ Tsheringདེ་ལས་ སྟང་དྲུང་པ་ཞུ་འབད་ཞིནམ་ན་ལས་ ཏེ་ ཁོང་གཙོ་འཛིན་མགྱོནམ་ འ་ནེམ་ཅིག་ཞུ་དགོ་ལགས་ ཏེ་ མདའ་ཟུར་རྒ་པོ་གི་འཇའ་རོགས་གཅིག་ ཉ་རུད་རྒ་པོ་གི་ འཇའ་རོགས་གཅིག་ ཏེ་ སྟང་དྲུང་པ་གི་ ཏེ་ ཨ་མ་ ཨར་མོ་གཅིག
- ཚེ་རིང་ Tsheringཨ་དྲུང་གཅིག་ ཕྱག་གཡོག་གཅིག་ འ་ནེ་སྦེ་འཁྱིད་འོང་དེས་ལགས་ ཏེ་ རབ་གནས་ཀྱི་ ངོ་མ་གི་ཉིན་མ་འདི་ ཁོང་ཆ་ཁྱབ་ནཱ་མགྱོནམ་སྦེ་ ཞུ་དགོ་ལགས་ ཏེ་ གླའན་འཐབ་(ངལ་གསོ་)ཀྱི་ཚེ་ལུ་ ཏེ་ བྱོན་མི་དགོ་ལགས་ ཞུ་མི་དགོ་ལགས་ ཏེ།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukའགོ་དང་པ་ནང་ ཞུཝ་མས་སྨོ་ལགས་ཚར་གཅིག?
- ཚེ་རིང་ Tshering འོང་དང་པ་གི་ ཚེས་བཅོ་ལྔ་གི་ཉིན་མ་ལུ་ ཏེ་ ཁོང་འ་ནེམ་ཅིག་ཞུ་དགོ་ལགས་ ཏེ་ ཕྱི་རུ་ད་འབདན་ད་ འཆམ་ལྷག་མཇུག་མཇུག་བསྡུ་དེས་ འཆམ་མཇུག་ཚང་ཅི་ཟེར་བའི་བསྒང་ལས་ ཏེ་ རྒཔོ་དང་སྟང་དྲུང་པ་དང་།
- ཚེ་རིང་ Tsheringཏེ་ ཨོ་རྒྱན་ཆོས་གླིང་ཆོས་རྗེ་ ཏེ་ ང་བཅས་གཡུས་ཀྱི་ གཡུས་ཚན་གྱི་ ཨམ་འདི་ཚུ་ ཐོན་ཞིནམ་ན་ལས་ ནག་ཡོས་བརྔོ་ཞིནམ་ན་ལས་ ཏེ་ ཞལ་འཕུར་དགོ་ལགས་ ལོ་ལེགས་ ལོ་ལེགས་ཟེར།
- ཚེ་རིང་ Tsheringད་ད་རིས་ ཡོས་མེན་པར་ ཆུམ་གྱི་ཕྱེ་འཐག་ཞིནམ་ན་ལས་ ཏེ་ ཏའི་ཏའི་ཟེར་ ཀེབ་ཏ་བཙོ་ཞིནམ་ན་ལས་ ཏེ་ འ་ནཱི་གི་ཁ་འཕུར་བའི་ལགས་ ཧ་ཧ་ཧ་ཧ་ཧ་་་ ཏེ་ ཁོང་ལུ་ འ་ནེམ་ཅིག་ཨིན་ལགས།
- ཚེ་རིང་ Tsheringཏེ་ ལཱ་གཡོག་འབད་མི་ ཐབ་ཚངཔ་ ཏེ་ དཔའ་མཛངས་པ་ཟེར་མི་འདི་ཚུ་ རང་རང་ས་གི་ གུང་གྲངས་ལས་སྦེ་ཐོན་དགོ་ལགས་ ཏེ་ཐབ་ཚངཔ་ཚུ་ཡང་ རང་རང་ས་གི་ གུང་གྲངས་སྐོར་རྒྱབ་སྦེ་ ཐོན་དགོ་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukརྩབོ་གི་ཐད་ལས་ག་དེ་སྦེ་སྨོ?
- ཚེ་རིང་ Tsheringཏེ་ ཕྱེད་ནཱ་གཞསམོ་ཕྱུང་མི་(རྐྱབ་མི་) ཏེ་ ཨམ་སྲུ་ཡང་ ཏེ་ རང་རང་ས་སྐོར་རྒྱབ་ཐོན་དགོ་ལགས་ ཏེ་ འ་ནཱི་ཚུ་ཞུཝ་ད་ ཧེ་མ་དང་པ་ ལེགས་པས་ འཆམ་ཏེ་སྦེ་ ཞུ་དགོ་ལགས་ ཏེ་ ཕར་ལོག་བྱོནམ་ད་ཡང་ ཏེ་ ལེགས་པས་འཁྱམས་ཏེ་འབད་ ཞབས་སྐྱེལ་ཕུལ་དགོ་ལགས་ འ་ནེམ་ཅིག་ཨིན་ལགས།
- ཚེ་རིང་ Tsheringརྩབོ་གི་ཐད་ལས་ག་དེ་སྦེ་སྨོ་ལགས? རབ་གནས་ཀྱི་རྩབོ་འདི་ཚུ་ ག་ག་ར་སྨོ་ལགས?
- ཚེ་རིང་ Tsheringརྩབོ་ཟེར་མི་འདི་ ང་བཅས་ནཱ་ གུང་གྲངས་ཀྱི་འབད་དེ་གིས་ ཧེ་མ་འབདབ་ཅིན་ ཏེ་ གུང་ལེ་ཤ་མེད་ལགས་ ཏེ་ ཁྲལཔ་བཅོ་ལྔ་ བཅུ་དྲུག་ བཞི་ ལྔ་ འ་ནེམ་ཅིག་འབད་ཞིནམ་ལས་ བསྡོམས་ཞིནམ་ལས་ ཐོནམ་ཨིན་ལགས།
- ཚེ་རིང་ Tsheringད་ད་རིས་འབད་ཚེ་ མི་འཕུ་གུ་ལྷོད་འདི་གིས་ ཏེ་ ད་པད་སྐོར་ ནཱ་སྐོར་རྐྱབ་ཅི་རྐྱབ་ཅི་སེྦ་ རྩབོ་ཐོན་མས་ལགས་ རྩབོ་རེ་རེ་ཐོནམ་ རྩབོ་ཚར་རེ་ཐོནམ་ད་ལུ་ ཁོང་མི་ཁལ་གཉིས་གཉིས་རེ་འདྲཝ་ འ་ནཱེམ་ཅིག་ཐོན་མས་ལགས།
- ཚེ་རིང་ Tsheringཏེ་ འ་ནཱི་གིས་ འབད་དགོཔ་བཅའ་དགོཔ་ དྭངས་འཕྲོས་འཕྲོས་ ཏེ་ རྩབོ་འདི་ཚུ་གིས་སྦེ་ ཞུ་དགོ་ལགས་ ཏེ་ བླམ་ཆོསཔ་ ཏེ་ བླམ་གཅིག་དང་ ཏེ་ ཆོསཔ་ག་ཐོབ་ བཅུ་གཉིས་དང་ བཅོ་ལྔ་ འ་ནཱི་ལས་ ཏེ་ གསུང་ཆོག་གནང་ནི་འདི་ འ་ནཱི་གིས་ གནང་དགོ་ལགས།
- ཚེ་རིང་ Tsheringཏེ་མར་ རབ་གནས་ངོ་མ་ ད་ཏེ་ ཉིནམ་གཉིས་འབད་མི་དེ་ཁར་ལུ་ དཔའ་མཛངས་ཚུ་ རྦད་རྐྱབ་ དེ་ལས་ གཞསམོ་འཆམ་ ཏེ་ ཡར་ ལྷམོ་ མགོན་པོ་ལུ་དར་བཏགས་ དེ་ལས་ དཔའ་མཛངསཔ་ཚུ་དང་ ཏེ་ ཡར་མགྱོནམ་ རྒཔོ་དང་དྲུངཔ།
- ཚེ་རིང་ Tsheringཆོས་རྗེ་འདི་ཚུ་ལུ་ ཏེ་ ཚོགས་ཆང་ཟེར་ ཏེ་ ནཱ་ཀེབ་ཏ་ ཆུམ་ཕྱེ་གི་ ཀེབ་ཏ་བཙོ་བཙོཔ་འདི་ ཏེ་ ཁོང་ལུ་ཏེ་ ངོ་ཆང་ཟེར་ བཏང་དགོ་ལགས་ དཔའ་མཛངས་ཚུ་ དང་པ་ཡར་རྒཔོ་དང་ འདི་ཚུ་ལུ་བཏང་།
- ཚེ་རིང་ Tsheringའདི་ལས་མར་དཔའ་མཛངསཔ་ འཆམ་རྐྱབ་མི་ ལྷམོ་མགོནམ་རྐྱབ་མི་ གཡག་སེང་རྐྱབ་མི་འདི་ཚུ་ག་ར་ཐོབ་ ངོ་ཆང་ཟེར་ཏེ་ ཚོགས་བང་ཅུང་ གང་གང་གང་བཏང་དགོ་ལགས་ ཏེ་ དེ་ལས་ ཁོང་ཞབས་བྲ་རྐྱབ་མི་ ཏེ་ འཆམ་ཁོང་ལེའུ་ཐེངས་ གསུམ་བཞི་དེ་ཅིག་ཡོད་ལགས།
- ཚེ་རིང་ Tsheringདཔའ་འཆམ་གཅིག་ དེ་ལས་ ཚོགས་གླིང་གཅིག་ དེ་ལས་ བརྒྱད་གཉིས་བཅུ་དྲུག་གཅིག་འཆམ་ལེའུ་གསུམ་དེ་ཅིག་ཡོད་ལགས་ འ་ནཱི་ཚུ་རྐྱབ་དགོ་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukའདི་འཆམ་འདི་ཚུ་ སྐུ་འཆམ་འདི་ཚུ་ ཧེ་མ་ལས་ར་འདུག་ག་ལགས་ ནཱ་གིས་ ཨ་རྒས་ཁྱོད་ར་གིས་ ཚོར་བའི་བསྒང་ལུ་རང་རྐྱབ་སྟེ་འདུག་ག་ ཡང་ཅིན་ཤུལ་ལས་བཙུགས་བཙུགསཔ་ཨིན་ན་ ག་དེ་སྦེ་ཨིན་ན་ གསརཔ་ཨིན་ན་ ག་དེ་སྦེ་ཨིན་ན་ལགས་ འ་ནཱི་ཚུ་འཆམ?
- ཚེ་རིང་ Tsheringལྷམོ་མགོནམ་ཚུ་ཡ་ལགས?
- ཡེ་ཤེས་དབང་ཕྱུག་ Yeshi Wangchukམེན་ལགས་ འ་ནཱི་སྐུ་འཆམ་གཞན་མི་ཚུ་ལགས་ ཚོགས་གླིང་དང་ ཨ་ནཱི་ཚུ་གི་ སྐུ་འཆམ་འདི་ཚུ།
- ཚེ་རིང་ Tsheringའེང་ ཧེ་མ་ཧེ་མ་དང་པ་ ཏེ་ རབ་གནས་ཟེར་བའི་བསྒང་ལས་འདི་ འཆམ་དང་འདི་ཚུ་ མེད་པའི་བསྒང་ལས་ ཏེ་ མིན་འདུག་ལགས་ ཏེ་ ཤུལ་མ་ ཏེ་ ག་ར་གཡས་བཤུད་གཡོན་བཤུད་འབད་དེ་གིས།
- ཚེ་རིང་ Tsheringསྤྱི་འོག་ག་ར་བསྟུན་གྲོས་འབད་ཞིནམ་ན་ལས་ ཏེ་ གསོལཝ་གསོལ་ཇ་དྲང་ནི་ ཏེ་ བླམ་སློབ་དཔོན་ གསོལ་གསོལ་ཇ་དྲང་དགོཔ་ དཔའ་མཛངས་འདི་ཚུ་ ཏེ་ ནེམ་དགའ་ཚོར་གྱིས་ གསོལཝ་གསོལ་ཇ་དྲངས་འབད་འདི་གིས་སྦེ་ ཏེ་ འཆམ་རྐྱབ་འབད་ ཏེ་ དགའ་སྤྲོ་འ་ནེ་སྦེ་འབད་བའི་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukད་ཡར་ལུ་ ད་ ནམ་མཁའ་རབ་གནས་དང་ ནཱ་གི་བར་ན་ ཁྱད་པར་ག་ཅི་ཡོདཔ་ཨིན་ན་ལགས?
- ཚེ་རིང་ Tsheringཡར་གྱི་དང་ ནཱ་གི་བར་ན་ལུ་ ཡར་གྱི་འདི་འཆམ་ཡང་ ཁོང་ལྷམོ་མགོནམ་གཅིག་དང་ དཔའ་མཛངསཔ་གཅིག་རང་ཨིན་ལགས་ ཏེ་མཆོད་པའི་ལྷམོ་ཞབས་བྲ་རྐྱབ་མི་གཅིག་ ཏེ་ ནཱ་འཆམ་ཡོད་ལགས་ ཏེ་ འཆམ་གོ་དང་ འདི་ཚུ་འདི་ ཡར་དང་ནཱ་ཅོག་ར་འཐདཔ་སྦེ་ གཞུང་ལས་གནང་སྟེ་ཡོད།
- ཚེ་རིང་ Tsheringཏེ་ རོགས་ཡར་ཁོང་འཆམ་རྐྱབ་མི་མེད་ལགས་ ནཱ་འཆམ་རྐྱབ་མི་ཡོད་ལགས་ འཆམ་རྐྱབ་མི་ཚུ་ ཏེ་ ཉིནམ་དྲུག་དྲུག་ བདུན་བདུན་རེ་ འཆམ་ལྷབ་སྟེ་གིས་ ཏེ་ རབ་གནས་བཙུགསཔ་ད་ ཏེ་ འཆམ་རྐྱམ་དགོ་ལགས་ ཁོང་ར།
- ཚེ་རིང་ Tsheringཏེ་ ཁོང་ལུ་འཆམ་རྐྱབ་མི་ཚུ་ལུ་ ཉིན་གྲངས་ཀྱི་གླ་ཆ་འདི་ ང་བཅས་གུང་གྲངས་དམངས་ཀྱིས་ མི་སེར་དམངས་ཀྱིས་ བསྡུ་སྟེ་སྦེ་ ཁོང་ལུ་ གླ་ཆ་དེ་སྦེ་འགྱོ་དགོ་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukདེ་ལས་ ད་ཅི་རང་ཨ་རྒས་ཀྱིས་ ཨ་ནཱི་ཅིག་གི་སྐོར་ལས་ གསུང་དེས་བ་ལགས་ ཞལ་འབགཔ་འདི་ཚུ་འདི་ ད་གཡག་འཆམ་དང་ ལྷ་མགོན་འདི་ཚུ་གི་ ཞལ་འབགཔ་འདི་ཚུ་ ད་ག་དེ་སྦེ་སྨོ་ ཧེ་མ་ལས་ར་ཡོདཔ་ཨིན་ན་ ཡངན་ག་དེ་སྦེ་ཨིན་ན?
- ཚེ་རིང་ Tsheringཞལ་འབགཔ་དང་འདི་ཚུ་ ཧེ་མ་དང་ཕུ་སྡོད་སྡོདཔ་མས་ལགས་ ཏེ་ འདི་ལས་བར་སྐབས་ཅིག་ལས་ ཏེ་ ལྷ་ཁང་མེ་མཆོད་ བཞེས་ཞིནམ་ན་ལས་ ཏེ་ ཏེ་ ང་བཅས་ཆུང་ཀུ་བསྒང་ལས་ ཞལ་འབགཔ་དང་འཆམ་མ་བཙུགས་ལགས།
- ཚེ་རིང་ Tsheringཏེ་ ཤུལ་མ་འབད་ཚེ་ ཏེ་ འགོར་ལས་ འགོར་ལས་སྦེ་ ཏེ་ ད་སྤྱི་འོག་དམངས་ཀྱིས་ རུབ་སྟེ་གིས་ ཏེ་ འཆམ་ཡང་ འཆམ་དཔོན་རོགས་ཕར་བྱམས་ལྷ་ཁང་གི་ འཆམ་དཔོན་ཞུ་ འཆམ་འདི་ཚུ་ཡང་ ཁོ་གིས་སྟོན་འབད་ཞིནམ་ན་ལས་ ཏེ་ འཆམ་ཡང་ འ་ནཱ་ལས་བཙུགསཔ་ཨིན་ལགས།
- ཚེ་རིང་ Tsheringཏེ་ ལྷམོ་མགོན་པོ་དང་ གཡག་སེང་འདི་ཚུ་ཡང་ ཏེ་ ཞལ་འབགཔ་ དེ་བསྒང་ལས་ ཏེ་ བསྒྲུབས་འབད་ ཏེ་ ལྷམོ་མགོནམ་ གཡག་སེང་འདི་ཚུ་ ཏེ་ འ་ནཱི་བསྒང་ལས་ ཏེ་ བཟོ་བཟོཝ་ཨིན་ལགས།
- ཚེ་རིང་ Tsheringཏེ་རོགས་ཡར་སྟང་སྟོད་ཀྱི་འདི་ ཧེ་མ་ལས་ ཏེ་ རོགས་འཆམ་ལྷམོ་མགོན་པོ་དང་ གཡག་སེང་གི་ དེམ་ཧེ་མ་ལས་སྡོད་སྡོདཔ་མས་ལགས་ ཏེ་ རོགས་གཏེར་མ་སྦེ་ སྡོད་སྡོདཔ་མས་ལགས།
- ཚེ་རིང་ Tsheringཏེ་ བར་སྐབས་ལས་ ཏེ་ ཡུདཔ་ཅིག་འཆམ་ འཆམ་ཞབས་ ནཱ་འབགཔ་འདི་ཚུ་ ཉམས་ཏེ་གིས་ ཏེ་ ཞིབ་སུ་ཞུཝ་ད་ལུ་ ཏེ་ ཡར་གྱི་ཚུ་ཡང་ ཏེ་ གཏེར་མ་འདི་ གཡག་གི་རྭཝ་གཅིག་རྐྱངམ་གཅིག་ར་ཨིན་མས་ལགས།
- ཚེ་རིང་ Tsheringའ་ནཱི་ཕར་ མཚོ་ནང་ལས་ཀྱི་ གཏེར་མ་ཅིག་ཨིན་ཟེར་ཏེ་གིས་ དེ་སྦེ་གཏམ་ཅིག་འདུག་ལགས་ ཏེ་ ང་བཅས་ནཱ་གི་འདི་ རང་གི་འབགཔ་ ལག་པ་བཟོ་སྟེ་གིས་ བཟོ་བཟོཝ་མ་གཏོགས་པ་ཅིག་བུ་ གཏེར་མ་དང་འདི་ མིན་ནུག་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukད་ཡར་གྱི་དང་ ནཱ་གི་འབདཝ་ད་ལུ་ ད་དཔའ་མཛངསཔ་གི་ ད་ལེའུ་འཁྲབ་ཐངས་ ཡངན་གཞས་འཐེན་ཐངས་འདི་ཚུ་ ཡར་གྱི་དང་ནཱ་གི་ད་ ཚིག་འདི་ཚུ་ ཅོག་ར་འཐདཔ་ཨིན་ན་ལགས་ ཡངན་ རང་གིས་སོ་སོར་སྦེ་ བཟོ་འདི་ཡོདཔ་ཨིན་ན་ ག་དེ་སྦེ་ཨིན་ན་ལགས་ དཔའ་མཛངས་ཀྱི?
- ཚེ་རིང་ Tsheringཅོག་ར་འཐད་ ཁོང་ཡར་གྱི་འདི་ ཨ་ཙི་ཉམས་སུ་ཅིག་མ་གཏོགས་པ་མེད་ལགས་ ཏེ་ ཁལཔ་ཡང་རོགས་ ཡར་གྱི་འདི་ མི་ཚན་ ནཱ་སྤྱི་འོག་ཆུང་ཀུ་ཆུང་ཀུ་ཅིག་བ་ལྷགཔ་མེད་ལགས་ ང་བཅས་ནཱ་སྤྱི་འོག་བཞི་འབདཝ་ད་ ཏེ་ད་ མི་ཚན་ཡང་རློབས་ནཱ་ཆེ།
- ཚེ་རིང་ Tsheringའཆམ་ཡང་སྟོབས་ནཱ་ཆེ་ ཏེ་ དགའ་སྤྲོ་ཡང་ ང་བཅས་ནཱ་མང་ལགས་ ང་བཅས་ནཱ་ཉིནམ་བཞི་ ཏེ་ རྟག་བུ་ན་བུ་འབད་དགོ་ལགས་ རོགས་ཡར་ ཉིནམ་གཉིས་འབད་ཞིནམ་ན་ཏེ།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukགླའན་ཐབ་ཉིནམ་གཅིག?
- ཚེ་རིང་ Tshering མཇུག་བསྡུ་བའི་ལགས་ གླའན་ཐབ་ ཉིནམ་གཅིག་ངོ་མ་ ཉིནམ་གཅིག་གླའན་ཐབ་ དེ་ལས་ ཏེ་ ཁོང་ར་ཅ་ལ་བསྡུ་བཞག་རྐྱབ་ནི་ཅིག་རང་ཨིན་ལགས་ ནཱ་ཉིནམ་བཞི་འདི་ འཆམ་རང་ཡོད་ ཉིནམ་གཉིས་འདི་ ནཱ་ཐང་ནང་ ཉིནམ་གཉིས་འདི་ ཕར་རྡོ་གཅལ་ནང་།
- ཚེ་རིང་ Tsheringདེ་ལས་ ནཱ་སྤྱི་འོག་ཆ་ཁྱབ་ག་ར་ ནང་གི་ཨམ་ཚུ་ རྩིས་རྐྱབ་དགོཔ་ དེ་སྦེ་འབདཝ་ད་ ཉིནམ་ལྔ་ལྔ་ཕྱེད་དང་དྲུག་དྲུག་རེ་དེ་སྦེ་སྡོད་དགོ་ལགས་ནཱ།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukནཱ་གི་གཞས་དཔོན་འདི་ཚུ་ཡང་ ནཱ་སོ་སོར་སྦེ་ར་འདུག་སྨོ་ལགས་ ཡར་གྱི་གཞས་དཔོན་འདི་ཚུ་མེན་པ་ ནཱ་གི?
- ཚེ་རིང་ Tsheringཨིན་ལགས་ སོ་སོ་རང་རང་ས་ཨིན་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukརང་རང་ས་གི་ཆ་ཚང་སྦེ་ཡོད་དོ་མས་སྨོ་ལགས?
- ཚེ་རིང་ Tsheringཡར་གྱི་ ཁོང་ར་ཆ་ཁྱབ་སོ་སོ་ ཏེ་ ཡར་གྱི་ཁོང་འཆམ་རྐྱབ་ད་ ང་བཅས་ནཱ་གི་ མི་ཚུ་གིས་ གནམ་མེད་ས་མེད་མི་འགྱོ་ཡར།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukལགས་སོ།
- ཚེ་རིང་ Tsheringཏེ་ཁོང་གི་ཡར་ སྤྲོ་ཆེམ་གང་ཡང་མེད་པ་ ང་བཅས་ནཱ་གི་རྐྱབ་ད་ ཁོང་ཡར་གྱི་ ལེ་ཤ་འོང་ ང་བཅས་ནཱ་གི་འདི་ ནང་ཧིང་ཞེ་ཞིང་ཚར་གཅིག་ ནཱ་སྟང་གི་རིན་པོ་ཆེ་ནཱ་བཞུགསཔ་ད་ཏེ།
- ཚེ་རིང་ Tsheringཨ་ནཱི་གེ་སར་གྱི་འཆམ་ཅིག་ཡང་ སྟོན་འབད་བའི་བསྒང་ལས་ ཏེ་ ཁེངས་རིགས་རྣམ་གསུམ་ ཀུར་སྟོད་བདེ་བཞི་ མང་སྡེ་མཚོ་བཞི་ འ་ནཱི་ཚུ་ཡང་ ནཱ་ཐོན་དགོ་ལགས་ འཆམ་མཇལ་བར་ ཏེ་ གླང་་་་སྟང་རིན་པོ་ཆེ་ནཱ་མ་བཞུགས་ཞིནམ་ན་ལས་ ཏེ་ ནཱི་གེ་སར་འཆམ་འདི་ མཇུག་བསྡུ་ཚར་ཡི།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukལགས་སོ།
- ཚེ་རིང་ Tsheringཏེ་ ང་བཅས་ར་ནཱ་སྒྲིག་གི་འཆམ་ཅིག་ར་ཨིན།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukདཔའ་མཛངསཔ་འདི་ཚུ་གི་ ད་ཚིག་འབད་རུང་ ནཱ་གི་སོ་སོ་ཡོད་དོ་མས་སྨོ་ལགས?
- ཚེ་རིང་ Tsheringཨིན་ལགས་ དཔའ་མཛངས་ཚུ་ཡང་ ང་བཅས་ར་ ང་བཅས་ར་ནཱ་གི་ཙང་ཙ་ ཁོང་ཡར་གྱི་ ཁོང་ར་ཁོང་ར་སོ་སོ་ གླིང་སྟོད་ གླིང་མེད་ ཕར་དང་ཚུར་ འཆམ་དང་འདི་ཚུ་ རྒྱུ་ཅ་ལ་ག་ནཱི་ཡང་ ཡར་དང་མར་ སླ་བསྲེ་དགོཔ་ ག་ནི་ཡང་མེད་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukདེ་ལས་ ཚེས་གྲངས་ཀྱི་ཐད་ལུ་ལྷོདཔ་ད་ལུ་ ཚེས་གྲངས་ཡང་ནཱ་གི་འདི་ ཚེས་བཅོ་ལྔ་ལུ་ཨིན་མས་བ་ ཏེ་ ཨ་ནཱི་འབདཝ་ད་ ཧེ་མ་ལས་ར་ དེ་སྦེ་ར་ཨིན་ན་ལགས་ ཚེས་བཅོ་ལྔ་ལུ་འག་བཙུགས་ཏེ་གིས་སྦེ?
- ཚེ་རིང་ Tsheringཨིན་ལགས་ ཏེ་ ཚེས་གྲངས་འདི་ ཁོང་གི་ཡར་གྱི་ ཧེ་མ་ཧེ་མ་ ང་བཅས་ནཱ་གི་ ཁོང་གི་ཡར་མཇུག་བསྡུཝ་ཅིག་ ང་བཅས་ནཱ་བཙུགས་པའི་ལགས་ བར་ན་ཉིནམ་གཅིག་ངལ་གསོ་སྡོད་འོང་།
- ལྷག་པ་ Lhakpaལོ་རྒྱུས་ཅིག་ལས་འབད་བ་ཅིན་འདི་ ཡར་གྱི་འདི་ཡང་ ཧེ་མ་འབད་བ་ཅིན་ ཚེས་བཅོ་ལྔ་ལུ་ འགོ་བཙུགས་པའི་ཟེར་ སླབ་མས་ལགས།
- ཚེ་རིང་ Tsheringཁོང་ཡར་གྱི་ ངོ་མ་འདི་ཚེས་བཅུ་ཐམ་ལུ་འབད་བའི་ལགས་ ཏེ་ གླའན་ཐབ་བཅུ་གཅིག་ལུ་ ཏེ་དེ་ལས་མཇུག་བསྡུ་བའི་ ང་བཅས་ནཱ་གི་འདི་ བཅུ་བཞི་ལུ་ ཏེ་ འགོ་བཙུགས་ བཅོ་ལྔ་ བཅུ་དྲུག་ བཅུ་བདུན་ བཅོ་བརྒྱད་ འ་ནཱི་ཚུན་ཚོད་ ནཱ་ང་བཅས་ཀྱི་དགའ་སྤྲོ་ དེ་ཅིག་སྡོད་ཡི་ལགས།
- ཚེ་རིང་ Tsheringའཆམ་ངོ་མ་འདི་ ཏེ་ ནཱ་ཕྱི་ཁར་ཐང་ནང་ལུ་ཉིནམ་གཉིས་ ཕར་རྡོ་གཅལ་ནང་ལུ་ཉིནམ་གཅིག་ ཉིནམ་གསུམ་ཡོད་ལགས།
- ལྷག་པ་ Lhakpaཏེ་ འ་ནཱི་རབ་གནས་ཀྱི་ འབྱུང་ཁུངས་ཅིག་ ཨ་རྒས་ཀྱིས་མི་མཁྱེ་ག་ལགས་ འ་ནཱི་ཡངན་ལྷ་ཁང་དང་ ལྷ་ཁང་རྐྱབ་ཞིནམ་ལས་སྦེ་ རབ་གནས་འདི་ འགོ་བཙུགས་བཙུགས་ཨིན་ན་ ཡངན་ ཤུལ་ལས་སྦེ་ འགོ་བཙུགས་བཙུགས་ཨིན་ན་ ག་དེ་སྦེ་ཨིན་ན་ལགས?
- ཚེ་རིང་ Tsheringལྷ་ཁང་འདི་ཡར་གྱི་འདི་ ཉམས་གསོ་ཡང་མ་ཞུ་ རོགས་ཧེ་མ་ལས་རང་དེ་སྦེ་འདུག་ ཏེ་ ང་བཅས་ནཱ་གི་འདི་ ན་ཧིང་ཞེ་ཧིང་ འ་ནཱ་མེ་མེ་བླ་མ་ ཞིང་གཤགས་ཀྱིས་ ཏེ་ ཉམས་བཅོས་ཞུ་སྦེ་ ཏེ་ ལོག་ཚར་གཅིག་ ཉམས་བཅོས་ལེ་ཤ་སྦེ་ར་ ཞུ་ཡི་བ་ལགས།
- ལྷག་པ་ Lhakpaམེན་ཨ་ནཱི་ འཆམ་འདི་ལགས་ རབ་གནས་འདི?
- ཚེ་རིང་ Tsheringཨོང་་ཏེ་འཆམ་དང་ འདི་ཚུ་ཡང་ ཏེ་ ང་བཅས་ནཱ་གི་འདི་རོགས་ ཕར་འཆམ་དཔོན་ཞུ་ཞིནམ་ན་ལས་ ཏེ་ འཆམ་ལྷབ་སྟེ་ ཏེ་ ཧེ་མ་ལས་རང་བཙུགས་ཅི་ལགས་ ཧེ་མ་ཧེ་མ་དང་པ་འདི་ ཏེ་ དཔའ་མཛངསཔ་ཅིག་དང་ ཏེ་ འཆམ་ལྷམོ་ཝམགོན་པོ་ཅིག་དང་ གཡག་སེང་ཅིག་ར་ཨིན་པས།
- ཚེ་རིང་ Tsheringཏེ་ བར་ན་ བར་སྐོར་ཅིག་ལས་ ཏེ་ འ་ནཱི་ང་བཅས་ར་ མི་སེར་ཡར་རྒྱས་སོང་ཞིནམ་ན་ལས་ ཏེ་ ཏེ་ འ་ནཱི་འཆམ་དང་ འདི་ཚུ་ག་ར་ཏེ་ འ་ནཱི་ལས་ གསརཔ་སྦེ་བཙུགས་བཙུགསཔ་ཨིན་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukའ་ནཱི་ ཡིད་དམ་གྱི་ སྐུ་ཅིག་ཡོད་ཟེར་གསུངས་དེས་བ་ ད་ཅི།
- ཚེ་རིང་ Tsheringཡིད་དམ་གྱི་སྐུ་འདི་ཡང་ ཡིད་དམ་གྱི་སྐུ་འདི་ ཏེ་ ཉིནམ་གཅིག་ལས་ལྷགཔ་མི་ཞུ་ དེ་ལས་ རོགས་ཕར་མཆོད་བཤམ་ནང་རང་ བཞུགསཔ་ཨིན།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukདེ་བསྒང་མཇལ་ཁ་གནངམ་ཨིན་ན་ལགས་ མཇལ་ཁ?
- ཚེ་རིང་ Tsheringམཇལ་ཁ་ མཇལ་ཁ་ཡོད་ལགས་ ནཱ་རབས་གནས་ འགོ་དང་པ་བཙུགས་པའི་ ཚེས་བཅོ་ལྔ་གི་ཚེ་ ཡིད་དམ་ཡང་མཇལ་ཁ་ཡོད་ལགས། ཏེ་ ལྷམོ་མགོནམ་འདི་ཚུ་ཞུཝ་ད་ ཏེ་ ཡིད་དམ་ཡང་ གཅིག་ཁར་ཞུ་འོང་ལགས་ཕར་ལས་ ལྷ་ཁང་ནང་ལས།
- ཚེ་རིང་ Tsheringཏེ་ ཕྱི་རུ་ཕར་ཞུ་ཞིནམ་ལས་ ཡིད་དམ་ལོག་ནཱ་མི་ཞུ་ལགས་ ཡིད་དམ་འདི་ ནཱ་གི་ ཏེ་ གཏེར་མ་ཨིན་པས་ལགས།