Video Overview
འདི་ནི་རྒྱལ་པོའི་སྲས་མོ་ཞིག་གིས་བསམ་བཞིན་མ་ཡིན་པར་གཞན་གྱི་རྒྱུ་དངོས་བརྐུས་འགྲོ་བའི་གོམས་གཤིས་ངན་པ་དེ་བསྒྱུར་བའི་གཏམ་རྒྱུད་ཅིག་ཡིན།
- སྒྲོལ་མ་མཚོ།གནའ་ཞིག་ལ།
- ས་ཆ་ཞིག་ན་རྒྱལ་བོ་ཞིག་ཡོད།
- རྒྱལ་བོ་དེ་ལ་སྲས་མོ་ཞིག་ཡོད།
- སྲས་མོ་དེ་ཆུང་དུས་ཤིག་ནས།
- ཁོ་ཡར་མར་གང་ལ་སོང་ན།
- ཁྱིམ་ཚང་ཞིག་ལ་སོང་ན་ཁོ་ཡིས་ཁྱེར་ནས་མ་ཡོང་བར།
- ལག་པ་དེར་མཉམ་འཇོག་པ་མ་རེད།
- ཁོ་ཡི་ལག་པ་དེ་ངན་ལ་བཏང་ནས།
- གང་ལ་སོང་ན་ཁྱིམ་ཚང་ཞིག་ལ་སོང་ན།
- རྩེད་དུ་སོང་ན་ཅི་ཞིག་བྱས་ནས།
- ཁོ་ཡིས་ཁྱེར་ནས་ཡོང་བ་རེད།
- དེ་ནས་རྒྱལ་བོ་ལོ་ལོན་པ་རེད།
- སྲས་མོ་འཚར་ལོངས་བྱུང་བ་རེད།
- དེ་ནས་ཉིན་ཞིག་ལ་སྲས་མོ་དེ་གནས་ལ་འགྲོ་བ་ཡིན།
- རྒྱལ་བོ་དང་རྒྱལ་བོའི་བཙུན་མོ་གཉིས་སྙིང་འཕར་ནས།
- ཨ་བྱ་འདི་ངའི་བུ་མོ་འདི་གནས་ལ་འགྲོ་རྒྱུ་རེད།
- གནས་ལ་སོང་ནས།
- གནས་སར་སོང་ན་ཡར་མར་ལ་སོང་ན།
- སེམས་ཅན་རིང་ཐུང་ལ་སོང་ན།
- དངོས་པོ་ཙག་ཙིག་ཁྱེར་ཡོང་ནས།
- བརྐུ་བྱས་ནས་འདུག་ཏུ་འཇུག་རྒྱུ་མ་རེད།
- ངེད་གཉིས་ལ་ཕྱིར་ངོ་ཚ་གཏོད་རྒྱུ་རེད།
- དེ་ནས་རྒྱལ་བོ་ཡིས་བློན་པོ་ཚང་མ་བོས་ནས་ཡོང་སྟེ།
- ང་ཚོས་བཀོད་པ་ཞིག་བཙལ་དགོས་ཟེར།
- སྲས་མོ་འདིས་བརྐུ་མི་བྱེད་པར་བཀོད་པ་ཞིག་འཐེན་དགོས་ཟེར།
- དེ་ནས་བློན་པོ་ཞིག་གིས་དེ་ལྟར་བཤད།
- ང་ཚོས་བཀོད་པ་ཅི་ཞིག་བཙལ་ཟེར།
- ཚང་མས་གྲོས་བྱས་པའི་མཇུག་ཏུ།
- སྲས་མོ་འདི་ལ་ཡང་ན་ལག་པའི་མགོ་ལ།
- ལྕགས་ཀྱི་ལྕགས་སྒྲོག་བརྡུང་དགོས་ཟེར།
- དེ་མིན་ན་མཛུབ་མོ་མགོ་ལ་ཅིག་བྱེད་དགོས་ཟེར།
- དེ་ནས་བློན་པོ་ཁ་ཤས་ཀྱིས་གྲོས་བྱས་ནས།
- རྒྱལ་བོ་ཞིག་གི་སྲས་མོ་ལ།
- ལག་པའི་མགོ་ལ་ལྕགས་སྒྲོག་བརྒྱབ་ན་འགྲིག་རྒྱུ་མ་རེད།
- དེ་ནས་བློན་པོ་ཡང་གཅིག་གིས།
- དེ་ཤེས་ཏེ་མི་ཤེས་རྒྱུ་མེད་གི
- གསེར་དང་དངུལ་གྱིས་འདི་ལ་སོར་གདུབ་དང་ལག་གདུབ་བཅོས་ནས་འགྲོ་རུ་བཅུག་ན།
- ཉིན་ཞིག་ཁོ་ཡིས་ཁྱེར་ནས་ཡོང་དུས།
- ལག་པ་ཕ་རོལ་ལ་བསྲིང་ན།
- ལག་པ་མགོ་ཡི་སོར་གདུབ་དང་ལག་གདུབ་མཐོང་ན།
- ཁོས་བརྐུ་རྒྱུ་མཚམས་གཅོད་རྒྱུ་རེད་ཟེར།
- གསེར་གྱི་སོར་གདུབ་དང་གསེར་གྱི་ལག་གདུབ་བརྡུང་ནས།
- སྲས་མོ་ལ་བྱིན་པ་ཡིན།
- དེ་ནས་སྲས་མོ་དེའི་རྐུ་ཆད་པ་རེད།