Video Overview
འདི་ནི་རྒྱལ་པོ་ཁྲི་ཕྲག་ཁྲི་མ་འབུམ་ཟེར་བའི་སྲས་ཀྱིས་བཙུན་མོ་ལེགས་པོ་ཞིག་བུ་མོ་སྤུན་གསུམ་ལས་མི་གཤིས་ལ་བརྟག་ནས་བླངས་པའི་གཏམ་རྒྱུད་ཅིག་ཡིན།
- ཚེ་རིང་ཐར།དེང་མ་ཞིག་ལ་ས་ཆ་ཞིག་ན་རྒྱལ་བོ་ཞིག་ཡོད།
- རྒྱལ་བོའི་མིང་ལ་རྒྱལ་བོ་ཁྲི་ཕྲག་ཁྲི་མ་འབུམ་ཟེར།
- དེར་སྲས་ཤིག་ཡོད།
- དེའི་མིང་ལ་རྒོད་ག་ལ་གཡུགས་ཟེར།
- སྲས་འཚར་ལོངས་བྱུང་ནས།
- རྒྱལ་བོས་མནའ་མ་ལེན་རྒྱུ་ཟེར།
- མནའ་མ་ལེན་རྒྱུ་ཟེར་དུས།
- རྒོད་ག་ལ་གཡུགས་ཀྱིས་ཁོང་གི་མནའ་མ་དེ་ལྟར་མི་དགོས་ཟེར།
- འོ་ན་ཅི་ཞིག་བྱེད་དགོས་ཞེས་དྲིས་དུས།
- ཁོ་རང་ཉིད་བཙལ་ཏུ་འགྲོ་རྒྱུ་ཟེར།
- དེ་ནས་རྒྱལ་བོ་ཡིས་ཁོ་བཙལ་ཏུ་འགྲོ་རུ་བཅུག
- བཙལ་ཏུ་འགྲོ་རུ་བཅུག་པས་ཁོ་སོང་སོང་མཐར།
- ས་ཆ་ཞིག་ལ་སོང་ནས།
- ས་ཆ་ཞིག་ན་རྒྱལ་བོ་ཞིག་ཡོད་པ་རེད།
- རྒྱལ་བོ་དེ་ཚང་ལ་སོང་ནས་ཁོ་གཡོག་པོ་བྱས་ནས་བསྡད།
- རྒྱལ་བོ་དེ་ལ་སྲས་མོ་གསུམ་ཡོད།
- གསེར་མོ་མཚོ་དང་དངུལ་མོ་མཚོ།
- དུང་མོ་མཚོ་ཞེས་གསུམ་ཡོད་པ་རེད།
- དེ་ལྟར་ཟོག་རྫི་བྱས་ནས་བསྡད་དེ།
- དེ་ཚོ་གསུམ་ལ་མཛོ་མོ་གསུམ་ཡོད་པ་རེད།
- ཉིན་ཞིག་ལ་གསེར་མོ་མཚོ་ཡི་མཛོ་མོས་སྐྱེས་ལ་ཉེ་བ་རེད།
- སྐྱེས་ལ་ཉེ་བས་ཚང་མས་གསེར་མོ་མཚོ་ལ།
- ཁྱོད་དེ་རིང་ཟོག་རྫི་ལ་སོང་།
- ཁྱོད་ཀྱི་མཛོ་མོས་སྐྱེས་རྒྱུ་རེད་ཟེར།
- དེ་ནས་གཉིས་ཀ་ཟོག་རྫི་ལ་སོང་།
- སོང་ནས་གསེར་མོ་མཚོ་ཡིས།
- ཁོ་གཉིད་ནས་འདུག་དང་ཁྱོད་ཀྱིས་མཛོ་མོ་ལ་བལྟས་ནས་སྡོད་ཟེར།
- མཛོ་མོས་སྐྱེས་ན་ཁོར་བོས་ཟེར་བར་ཡ་ཟེར།
- གཡོག་པོའི་མིང་ལ་གཡོག་ལྡ་ལེ་ལྡེ་ལེ་བཏགས་ཡོད་པ་རེད།
- གཡོག་པོ་རེད།
- ཁོས་འཚོས་ནས་བསྡད་དུས་མཛོ་མོས་སྐྱེས་པ་རེད།
- མཛོ་མོས་སྐྱེས་པས་སོང་ནས་བོས་པ་རེད།
- ཁྱོད་ཀྱི་མཛོ་མོས་སྐྱེས་པ་རེད་ཟེར།
- དེ་ནས་གཉིས་ཀ་རྒྱུགས་ནས་སོང་སྟེ།
- མཛོ་མོས་སྐྱེས་ཡོད་པ་རེད།
- གསེར་མོ་མཛོ་ཡིས།
- རྔ་མ་སྡིག་བརྒྱ་ཁྱོད་ཀྱིས་སྡོམ་དང་།
- མཆུ་ཏོ་སྡིག་གཅིག་ངས་བསྡམ་ཡ་ཟེར།
- མཛོ་མོའི་བེའུ་བསད་པ་རེད།
- བསད་ནས་གཉིས་ཀས་ཤུན་པ་བཤུས་ནས་ཤ་བཙོས་ཏེ།
- གསེར་མོ་མཚོ་ཡིས་ཤ་མཆོད་པ་རེད།
- མཆོད་མཆོད་མཆོད་ལ་རྒྱལ་བོ་ཁྲི་ཕྲག་ཁྲི་མ་འབུམ་ལ་མཆོད།
- མཆོད་མཆོད་མཆོད་ལ་རྒོད་ག་ལ་གཡུགས་ལ་མཆོད་ཟེར།
- དེ་ལྟར་བཤད་ནས་གཡོག་ལྡ་ལེ་ལྡེ་ཡིས།
- ཁྱོད་ཀྱིས་དེ་ལྟར་མཆོད་ན་ངའི་ཁ་ནང་དུ་དམར་དྲི་ཞིག་རྒྱག་གི་ཟེར།
- གསེར་མོ་མཚོ་ཡིས་ཁྱོད་ཀྱི་ཁ་ནང་དུ་རྭ་ཁེག་རྒྱོབ་ཟེར།
- དེ་ནས་གཉིས་ཀས་ཤ་བཙོས་ནས།
- ཤ་གསེར་མོ་མཚོ་ཡིས་ཟོས།
- ཁུ་བ་ལས་གཡོག་ལྡ་ལེ་ལྡེ་ལེ་ལ་འཐུང་དུ་མ་བཅུག
- དེ་ནས་ཡུལ་ལ་སོང་བ་རེད།
- སོང་ནས་ཉི་མ་མང་པོ་འགོར་སོང་།
- དངུལ་མོ་མཚོ་ཡི་མཛོ་མོས་སྐྱེས་པ་རེད།
- ཡང་ཚང་མས་དངུལ་མོ་མཚོ་ལ།
- དེ་རིང་ཁྱོད་ཟོག་རྫི་ལ་སོང་དང་།
- ཁྱོད་ཀྱི་མཛོ་མོས་སྐྱེས་རྒྱུ་རེད་ཟེར།
- དེ་ནས་མོ་ཟོག་རྫི་ལ་སོང་།
- སོང་ནས་དངུལ་མོ་མཚོ་ཡིས།
- མོ་གཉིད་ནས་འདུག་དང་ཁྱོད་ཀྱིས་ཟོག་འཚོས་ནས་སྡོད།
- ཅུང་ཙམ་འགོར་ནས་མཛོ་མོས་སྐྱེས་ན་ཁོར་བོས་ཟེར་བ་རེད།
- གཡོག་ལྡ་ལེ་ལྡེ་ལེ་ཡིས་ཡ་ཟེར།
- དེ་ནས་ཁོས་ཟོག་འཚོས་ནས་བསྡད་དུས།
- མཛོ་མོས་སྐྱེས་པ་རེད།
- དེ་ནས་སོང་སྟེ་ཁྱོད་ཀྱི་མཛོ་མོས་སྐྱེས་བྱུང་ཞེས་བཤད།
- ཡང་ཁོ་སོང་ནས་བོས་ཏེ་གཉིས་ཀ་སོང་དུས་མཛོ་མོས་སྐྱེས་ཡོད་པ་རེད།
- དངུལ་མོ་མཚོ་ཡིས་ཨ་ཅེ་ཡིས་ལས་ལས་བྱས།
- ཡང་རྔ་མ་སྡིག་བརྒྱ་གཡོག་ལྡ་ལེ་ལྡེ་ལེ་ལ་བསྡམ་དུ་བཅུག
- མཆུ་ཏོ་སྡིག་གཅིག་མོས་བསྡམས་ནས།
- དེ་ནས་ཤ་བཙོས་ནས་ཡང་ཤ་མཆོད་པ་རེད།
- ཤ་མཆོད་དེ་མཆོད་མཆོད་མཆོད་ལ་རྒྱལ་བོ་ཁྲི་ཕྲག་ཁྲི་མ་འབུམ་ལ་མཆོད།
- མཆོད་མཆོད་མཆོད་ལ་རྒོད་ག་ལ་གཡུགས་ལ་མཆོད་ཟེར་དུས།
- ཁྱོད་ཀྱིས་དེ་ལྟར་མཆོད་ན་ཁོའི་ཁ་ནང་དུ་དམར་དྲི་ཞིག་རྒྱག་གི་ཟེར།
- ཁྱོད་ཀྱིས་ཁ་ནང་དུ་རྭ་ཁེག་རྒྱོབ་ཟེར།
- དེ་ནས་ཡང་ཤ་མོས་ཟོས་ནས་ཁུ་བ་ལས་འཐུང་ཏུ་མ་བཅུག
- གཡོག་ལྡ་ལེ་ལྡེ་ལེ་ལ།
- དེ་ནས་ཕྱིར་ཡུལ་ལ་སོང་ནས།
- ཉིན་རྒྱུན་ཁོ་ཟོག་རྫི་ཡིན་པ་རེད།
- གཡོག་པོ་ཡིན་པ་རེད།
- དེ་ལྟར་ཟོག་འཚོས་ནས་དེ་ལྟར་བྱས།
- ཉིན་ཞིག་ལ་དུང་མོ་མཚོ་ཡི་མཛོ་མོས་སྐྱེས་ལ་ཉེ།
- ཚང་མས་དུང་མོ་མཚོ་ལ་དེ་རིང་ཁྱོད་ཀྱི་མཛོ་མོས་སྐྱེས་རྒྱུ་རེད།
- ཁྱོད་ཟོག་རྫི་ལ་སོང་ཟེར།
- དེ་ནས་གཉིས་ཀ་ཟོག་རྫི་ལ་སོང་།
- ཟོག་རྫི་ལ་སོང་ནས་གཉིས་ཀས་འཚོས་ནས་བསྡད་དེ།
- བུ་མོ་མ་ཉལ་བ་རེད།
- མ་གཉིད་པ་རེད།
- གཡོག་ལྡ་ལེ་ལྡེ་ལ་ཁྱོད་གཉིད་དང་།
- མཛོ་མོས་སྐྱེས་ན་ངས་ཁྱོད་ལ་འབོད་ཟེར།
- དེ་འདྲ་ཞིག་ཡོད་པ་མ་རེད།
- ངེད་གཉིས་ཀྱིས་མཉམ་དུ་འཚོ་ཟེར།
- དེ་ལྟར་ཁྱེད་ཚང་གི་ཨ་ཅེ་གཉིས་ཀ
- སྔོན་ན་ཡོང་ནས་དེ་ལྟར་གཉིད་པ་རེད།
- ཨ་ཅེ་གཉིས་ཀ་ཨ་ཅེ་གཉིས་ཀ་རེད།
- ཁོ་ཁོ་རེད།
- ཁོས་དེ་ལྟར་བྱེད་པ་མ་རེད་ཟེར།
- གཉིས་ཀས་མཉམ་དུ་འཚོས་པ་རེད།
- འཚོས་ནས་མཛོ་མོས་སྐྱེས་པ་རེད།
- སྐྱེས་ནས་གཡོག་ལྡ་ལེ་ལྡེ་ལེ་ལ།
- ཁྱོད་ཀྱིས་མཆུ་ཏོ་སྡིག་གཅིག་སྡོམ་དང་།
- རྔ་མ་སྡིག་བརྒྱབ་ངས་བསྡམ་ཟེར།
- དེ་འདྲ་ཞིག་གང་ན་ཡོད་གི
- ཁྱོད་རྒད་པོ་བཟང་བ་རེད།
- མཆུ་ཏོ་སྡིག་གཅིག་ཁྱོད་ཀྱིས་སྡོམ་དང་།
- རྔ་མ་སྡིག་བརྒྱ་ཁོས་བསྡམ་ཟེར།
- གཉིས་ཀས་དེ་ལྟར་བསད་པ་རེད།
- བསད་ནས་ཤ་བཙོས་ནས།
- ཤ་བཙོས་ནས་ཡང་དུང་མོ་མཚོ་ཡིས་ཤ་མཆོད་པ་རེད།
- མཆོད་མཆོད་མཆོད་ལ་རྒྱལ་བོ་ཁྲི་ཕྲག་ཁྲི་མ་འབུམ་ལ་མཆོད།
- མཆོད་མཆོད་མཆོད་ལ་རྒོད་ག་ལ་གཡུགས་ལ་མཆོད་ཟེར།
- ཁྱོད་ཀྱིས་དེ་ལྟར་མཆོད་ན་ཁོའི་ཁ་ནང་དུ་དམར་དྲི་ཞིག་རྒྱག་གི་ཟེར།
- དེ་ནས་ཁྱོད་ཀྱི་ཁ་ནང་དུ་དམར་དྲི་ལོས་རྒྱག
- ཁྱོད་ཀྱང་མི་རེད་ཟེར།
- དེ་ནས་གཉིས་ཀས་ཤ་ཟོས་ནས།
- གཡོག་ལྡ་ལེ་ལྡེ་ལེ་ལ་ཤ་སྐལ་བཅོས་དེ་ཤ་བྱིན་པས།
- གཡོག་ལྡ་ལེ་ལྡེ་ལེ་ཡིས་ཁོས་ཁུ་བ་འཐུང་ན་ཆོག་གི
- ཤ་ཟ་མི་དགོས་ཟེར།
- དེ་ལྟར།
- གཡོག་ལྡ་ལེ་ལྡེ་ལེ་ཡིས།
- ཁྱོད་ཀྱི་ཨ་ཅེ་གཉིས་ཀྱིས་ཁོར་ཁུ་བ་ལས་ཤ་ཟ་རུ་མི་འཇུག་གི
- དེ་ཨ་ཅེ་གཉིས་ཀྱི་དོན་དག་རེད།
- ཁོ་ཁོ་རེད་ཟེར།
- དེ་ནས་གཡོག་ལྡ་ལེ་ལྡེ་ལེ་ཡིས་འདི་ཁོར་མནའ་མ་བཟང་གི་འདོད་ནས།
- མནའ་མ་བྱས་པ་རེད།
- མནའ་མ་བྱས་ནས་དུང་མོ་མཚོ་ཡར་གནས་ལ་སྟེར་རན་ལ་ཐོན་པ་རེད།
- རྒྱལ་བོ་ཡིས་གནས་ལ་སྟེར་རྒྱུ་ཟེར་ནས།
- བུ་མོར་དྲིས་དུས་བུ་མོ་གནས་ལ་མ་སོང་བ་རེད།
- མ་སོང་བར་ཁྱོད་ཚུར་ལ་མག་པ་ལེན་རྒྱུ་ཡིན་ནམ་ཅི་བྱེད།
- མག་པ་ལེན་མི་དགོས་གནས་ལ་ཡང་མི་འགྲོ།
- ཁོང་གིས་མག་པ་བཙལ་རྒྱུ་ཟེར།
- མག་པ་གང་ན་ཡོད་ཟེར་དུས།
- ངེད་ཚང་གི་གཡོག་ལྡ་ལེ་ལྡེ་ལེ་ཡིན།
- རྒྱལ་བོ་ལ་བཀོད་པ་མེད་པར།
- བུ་མོར་བཀོད་པ་མེད་པར།
- བུ་མོའི་ཁ་ཐོག་ཏུ་བཞག་ནས་གཉིས་ཀ་མཉམ་གཅིག་ཏུ་བཞག
- བཞག་ནས་ཁེར་འདུག་བྱེད་དུ་བཅུག
- རྟ་ཡི་གྲལ་ནས་ཆག་ཏོ་དང་ཞར་བ་དེ་དག་བྱིན་པ་རེད།
- ནོར་གྱི་གྲལ་ནས་དེ་ལྟར་བྱིན་པ་རེད།
- ལུག་གི་གྲལ་ནས་དེ་ལྟར་བྱིན་པ་རེད།
- གཉིས་ཀར་དེ་ལྟར་ཁྱིམ་གཞི་བཅོས་རྗེས་གཉིས་ཀ་བུད་སོང་།
- དེ་དེད་ནས་ལམ་རིང་བོར་འགྲོ་ཞོར་དུ།
- ཆག་ཏོ་དེད་ནས་འགྲོ་མི་ཐུབ་པར།
- ལམ་ནས་འགྲོ་མི་ཐུབ་པ་རྣམས་ཕར་གཡུགས་ནས།
- གཉིས་ཀ་ཕ་རོལ་ལ།
- རྒོད་ག་ལ་གཡུགས་ཚང་གི་ཡུལ་ལ་ཐོན་ལ་ཉེ་དུས།
- ཚང་མ་ཕྱིར་གཡུགས་ནས་ཚར་སོང་།
- སོང་དུས་རྫ་མགོ་ཞིག་ན།
- ནོར་ས་ཆ་དེར་ཁེབས་ཡོད།
- དུང་མོ་མཚོ་ཡིས།
- ཨ་་་ངེད་གཉིས་གན་གི་རྗེས་ཀྱི་རྫི་བོ་ཞིག་ཡིན་རྒྱུ་ན་སྐྱིད་པ་རེད་ཟེར།
- དེ་འདྲ་ཞིག་གི་རྗེས་ཀྱི་རྫི་བོ་ཡིན་རྒྱུ་རེད་ཟེར།
- དེ་འདྲ་ཞིག་གི་རྗེས་ཀྱི་རྫི་བོ་ཡིན་རྒྱུ་རེད་ཟེར།
- དེ་ནས་ཡང་གཉིས་ཀ་སོང་སོང་ནས་ས་ཆ་ཞིག་ལ་སོང་ནས།
- ས་ཆ་དེ་ནས་རྟ་ཡིས་ས་ཆ་དེར་བཀང་ཡོད།
- ཡང་དུང་མོ་མཚོ་ཡིས་དེ་ལྟར་བཤད།
- དེ་ལྟར་བཤད་ནས་ཡང་སྔོན་ལྟར་བཤད་པ་རེད།
- ངེད་གཉིས་དེ་འདྲ་ཞིག་གི་རྗེས་ཀྱི་རྫི་བོ་ཡིན་རྒྱུ་རེད་ཟེར།
- དེ་ནས་ཕ་རོལ་ལ་སོང་ནས་ས་ཆ་ཞིག་ལ་ཐོན་ནས།
- ཐང་ཆེན་པོ་ཞིག་ན་ཐོན་ནས།
- ས་ཆ་དེར་ལུག་གིས་བཀང་ཡོད།
- ལུག་གིས་བཀང་ནས་བསྡད་ཡོད་པས།
- ཨ་་་འདི་འདྲ་ཞིག་གི་རྗེས་ཀྱི་རྫི་བོ་ཡིན་རྒྱུ་ན་བཟང་གི་ཟེར།
- དུང་མོ་མཚོ་ཡིས།
- དེ་འདྲ་ཞིག་གི་རྗེས་ཀྱི་རྫི་བོ་ཡིན་རྒྱུ་རེད་ཟེར།
- ངེད་གཉིས་ཀྱིས་སྨོན་ལམ་དེར་བརྒྱབ་ན་འགྱུར་བ་རེད་ཟེར།
- དེ་ནས་ཕ་རོལ་ལ་ཅུང་ཙམ་སོང་ནས་ཡུལ་ལ་ཐོན་པ་རེད།
- ཁྱོད་འདི་ནས་སྡོད་དང་།
- ཁོ་གན་ན་སོང་ནས་ཕྱིར་ཡོང་ཟེར།
- རྒོད་ག་ལ་གཡུགས་ཀྱིས།
- ད་རུང་བུ་མོས་རྒོད་ག་ལ་གཡུགས་ཡིན་པ་ཤེས་པ་མ་རེད།
- དེ་ནས་ཁོ་ཡུལ་ལ་རྒྱུགས་ནས་སོང་སྟེ།
- ཁོས་མནའ་མ་ཁྲིད་ནས་ཡོང་ཡོད་ཟེར།
- ཡུལ་ལ་སོང་ནས་རྟ་ཡི་ཐོག་ཏུ་སྒ་བསྟད་ནས།
- འཇོག་དགོས་པ་རྣམས་བཞག་ནས་ཕྱིར་རྗེས་ལ་ཡོང་བ་རེད།
- རྗེས་ལ་ཡོང་དུས་བུ་མོས་ཁས་མ་བླངས་པ་རེད།
- ཁྱོད་དབུལ་བོ་ཞིག་ལ།
- འདི་འདྲ་ཞིག་གང་ན་ཡོད་ཟེར་ནས་ཁས་མ་བླངས་པ་རེད།
- ཁོས་བཤད་པ་རེད།
- རྒོད་ག་ལ་གཡུགས་ཁོ་ཡིན།
- རྒྱལ་བོ་ཁྲི་ཕྲག་ཁྲི་མ་འབུམ་ཁོའི་ཨ་ཕ་ཡིན་ཞེས།
- བུ་མོར་ཡང་ཡང་བཤད་པས་བུ་མོ་ཡིད་ཆེས་ནས།
- བུ་མོ་ཁྲིད་ནས་ཡུལ་ལ་སོང་ནས།
- ཚང་མ་སྐྱིད་པོ་བདེ་མོ་བྱས་ནས་བསྡད་པ་དེ་འདྲ་ཞིག་རེད།