Video Overview
འདི་ནི་རྒྱལ་བུ་ཞིག་མག་པར་འགྲོ་སྐབས་གཡོག་གཉིས་ཀྱིས་རྒྱལ་བུའི་མགོ་གཡོག་ནས་ཚབ་ཏུ་སོང་ཞིང་རྒྱལ་བུ་ཕྱུགས་རྫི་བྱས་པའི་གཏམ་རྒྱུད་ཅིག་ཡིན།
གཏམ་རྒྱུད་འདིའི་ནང་དུ་སྔོན་རྒྱལ་པོ་གཉིས་ཀྱིས་མནའ་བཅད་ནས་སྲས་ཤིག་ཡོད་ཚེ་མག་པར་སྟེར་རྒྱུའི་ཐག་བཅད། དུས་ཆད་ལ་ཐོན་རྗེས་རྒྱལ་སྲས་གཡོག་དང་བཅས་ནས་ཕ་རོལ་རྒྱལ་ཁབ་ལ་མག་པར་འགྲོ་སྐབས་ལམ་དུ་གཡོག་གཉིས་ཀྱིས་ཁོའི་མགོ་གཡོག་ནས་ཁུང་ནང་དུ་བཙུད་པ་དང་རྒྱལ་སྲས་ཀྱི་གྱོན་པ་གྱོན་ནས་རྒྱལ་སྲས་ཚབ་ཏུ་སོང་། རྒྱལ་སྲས་བླ་མ་ཞིག་གི་མཛུབ་སྟོན་འོག་སོང་ཞིང་རྒྱལ་པོ་ཚང་གི་ཕྱུགས་རྫི་བྱས། སྲས་མོ་གསུམ་ལས་ཆེ་བ་གཉིས་སེམས་མི་བཟང་བ་དང་ཆུང་བ་དུང་མོ་མཚོ་སེམས་བཟང་ཡིན་པས་དུང་མོ་མཚོ་ཁོའི་རྗེས་སུ་འབྲང་། དེ་ལྟར་རྫི་ངན་གྱིས་བློ་ཐབས་ཀྱིས་གཡོག་དེ་གཉིས་ལས་རྒྱལ་ཞིང་མཐར་ལོངས་སྤྱོད་དང་བཅས་རྒྱལ་པོའི་སྲས་མོ་ཆུང་བ་དང་མཉམ་དུ་བདེ་སྐྱིད་ཀྱིས་འཚོ་བ་རོལ།
这是一则关于一位王子在去入赘他国的途中被他的两个仆人替代,而王子变成了牧人的故事。
这个故事主要讲述了两位国王立誓结为盟友,他们商量以后不管哪一方生了王子都要让王子入赘到另一国。后来,其中一位国王生了一位王子,按照誓约王子在两位仆人的陪伴下远赴他国。在途中,两位仆人把王子藏在洞里,然后穿上王子的衣服代替王子去成亲。而王子在一位活佛的指引下去国王家当了他们家的牧人。国王有三位公主,其中,两位长公主为人恶劣,而小公主心性善良,喜欢跟牧人玩耍。可怜的牧人智斗两位仆人,最终和国王的小公主过上了幸福的生活。
The story of redemption for a prince being attacked by his servants on the way to get married, so that he must become a lowly shepherd.
- དཀོན་མཆོག་སྐྱིད།གནའ་ཞིག་ལ།
- ཉིན་གྱི་རྒྱལ་པོ་དང་སྲིབ་ཀྱི་རྒྱལ་པོ་ཞིག་ཡོད།
- དེ་གཉིས་བཞི་བའི་བཅོ་ལྔ་ཉིན།
- གཉིས་ཀ་རི་བསང་ཕུད་ས་ནས་ཚེ་གང་བོར་ཐུག
- དེ་ནས་ཉིན་ཞིག་རྒྱལ་བོ་གཉིས་ཀྱི་ཨ་ཡེ་གཉིས་ལ་བྱིས་པ་ཡོད།
- དེ་ནས་ཉིན་ཀྱི་རྒྱལ་བོ་ཡིས་སྲིབ་ཀྱི་རྒྱལ་བོ་ལ།
- ཁྱོད་ཀྱི་ཨ་ཡེ་ཡིས་སྐྱེས་དུས་བྱིས་པ་བུ་ཞིག་ཡིན་ན་ཁོང་ཚང་ལ་མག་པར་བྱིན།
- ཨ་ཡེ་ཡི་བྱིས་པ་བུ་མོ་ཞིག་ཡིན་ན།
- ཁོང་གི་ཨ་ཡེ་ཡིས་སྐྱེས་དུས་བྱིས་པ་བུ་ཞིག་ཡིན་ན།
- ཁྱོད་ཀྱི་ཨ་ཡེ་ཡིས་སྐྱེས་དུས་བྱིས་པ་བུ་མོ་ཞིག་ཡིན་ན།
- ངས་ཁྱོད་ལ་མག་པར་སྟེར།
- དེ་ནས་ཡ་ཡ་ཟེར་ནས་གཉིས་ཀས་གྲོས་བྱས་ནས་བུད་སོང་།
- རྗེས་ནས་ཕྱི་ལོ་བཞི་བའི་བཅོ་ལྔ་ཉིན་ཐུག་དུས།
- ཉིན་གྱི་རྒྱལ་བོའི་ཨ་ཡེས་སྐྱེས་པ་བྱིས་པ་བུ་ཞིག་ཡིན་འདུག
- སྲིབ་ཀྱི་རྒྱལ་བོའི་ཨ་ཡེས་སྐྱེས་པའི་་བྱིས་པ་བུ་མོ་ཞིག་ཡིན་འདུག
- དེ་ནས་ཁྱོད་ཀྱི་བུ་མཚར་ལོངས་བྱུང་ན།
- མག་པར་སྟེར་དགོས་ནི་རེད།
- བྱིན་ཡོད་པ་རེད།
- ཡ་ཡ་ཞེས་བཤད་ཡོད་པ་རེད།
- དེ་ནས་བྱིས་པ་གཉིས་འཚར་ལོངས་བྱུང་བ་རེད།
- དེ་ནས་ཉིན་ཞིག་ལ།
- སྲིབ་ཀྱི་རྒྱལ་བོ་དེ་ཡོང་ནས་ཉིན་གྱི་རྒྱལ་བོ་ལ།
- ཁོང་གི་མག་པ་སྐྱེལ་དང།
- ངས་ཁྱོད་ལ་སྟོན་མོ་རྒྱ་ཆེན་པོ་ཞིག་བྱེད།
- ཉིན་དུ་ལ་སྟོན་མོ་བྱེད་དགོས་ཟེར།
- ང་ལ་སྟོན་མོ་བྱེད་མི་དགོས།
- སྟོན་ཆེན་འཇོག་མི་དགོས།
- ཁོས་གཡོག་པོ་གཉིས་མཉམ་དུ་ཡོང་དུ་འཇུག་ཟེར།
- ཡ་ཡ་ཞེས་ཁོ་དགའ་ན་དགའ་ན་དེ་ལ་དགའ་ཟེར་ནས་བུད་སོང་།
- དེ་ནས་ཕྱིར་སོང་ནས།
- ཉིན་གྱི་རྒྱལ་བོ་དེ་ལ།
- མནའ་མ་ཟེར་ན་གཡོག་མོ་ཡིན་ནི་རེད།
- མག་པ་ཟེར་ན་གཡོག་པོ་ཡིན་ནི་རེད།
- ངའི་བུས་ལས་ཀ་ལས་མི་ཤེས་ཟེར།
- ངེད་ཚང་གི་གཡག་རྒྱ་ཆེན་རྒྱ་ཆུང་གཉིས་ཁྱོད་ཀྱིས་ཁྲིད་ནས་སོང་།
- དེ་ལས་ངའི་བུས་ལས་ཀ་ལས་མི་ཤེས་ཟེར།
- དེ་ནས་བུ་ལམ་ལ་འགྲོ་རུ་བཅུག
- དེ་ལྟར་ཁྱོད་འགྲོ་དུས་སྲིབ་ནས་འཕྱི་བ་ཞིག་གྲགས།
- དེས་ཁྱོད་ཀྱི་རྟེན་འགྲེལ་རྫོགས་པ་ཡིན།
- སྲིབ་ས་ནས་ཝ་ཞིག་གྲགས།
- དེས་ཁྱོད་ཀྱི་རྟེན་འགྲེལ་རྫོགས་པ་ཡིན།
- དེ་ཁྱོད་ཀྱིས་བརྒྱབ་ནས་སོད་དང་།
- ཉིན་ས་ནས་འཕྱི་བ་ཞིག་གྲགས།
- དེས་ཁྱོད་ཀྱི་རྟེན་འགྲེལ་བཤད་པ་ཡིན།
- དེར་ཁྱོད་ཀྱིས་མ་བརྒྱག་ཟེར།
- ཡ་ཡ་ཟེར།
- དེ་ནས་རྒྱལ་བོས་ལམ་ལ་བཅུག་ནས།
- རྟ་ངང་ཆུང་གསེར་མགོར་སྐྱོན་ནས།
- མཛོ་ཀ་བ་ར་རིང་དེད་ནས།
- གཡག་རྒྱ་ཆེན་རྒྱ་ཆུང་ཁྲིད་ནས།
- གོས་ལ་གོས་སེར་གྱོན་ནས།
- གཡུ་རྭ་བ་ལ་དུང་གི་སེན་མོ་གྱོན་ནས།
- གོས་རིང་ཐུང་བཅོ་བརྒྱད་གྱོན་ནས།
- མེ་མདའ་རིང་ཐུང་གཉིས་འཁུར་ནས།
- གྲི་རིང་གྲི་ཐུང་གཉིས་བཏགས་ནས་བུད་སོང་།
- གཡག་རྒྱ་ཆེན་རྒྱ་ཆུང་ཁྲིད་ནས་དེ་ལྟར་སོང་།
- སྲིབ་ས་ནས་ཝ་ཞིག་གྲགས།
- དེར་ཁོས་མེ་མདའ་བླངས་ནས་བརྒྱག་རྩིས་བྱེད་དུས།
- གཡག་རྒྱ་ཆེན་རྒྱ་ཆུང་གཉིས་ཀྱིས་བཟུང་ནས་རྒྱག་ཏུ་མ་བཅུག
- ཁྱོད་ཀྱིས་དེ་ལ་བརྒྱབ་ན་མི་ཆོག་ཟེར།
- ཁྱོད་ཀྱིས་དེ་ལ་བརྒྱབ་ན་ཁོ་ཕྱིར་སོང་ནས།
- རྒྱལ་བོ་ལ་གན་ཡག་པོར་མི་འགྲོ།
- བཤད་ས་མི་འགྲོ་ཟེར་རྒྱུ།
- དེ་ལྟར་བཤད་པས་ཁོས་བརྒྱག་མ་ཐུབ་པར་ཤོར་སོང་།
- དེ་ནས་ཡར་ཡོང་ནས།
- ཉིན་ས་ནས་འཕྱི་བ་ཞིག་གྲགས།
- འཕྱི་བ་དེར་ཁྱོད་ཀྱིས་ངེས་པར་དུ་བརྒྱག་དགོས་ཟེར།
- གན་ན་མ་བརྒྱབ་ན་ཁོ་ཕྱིར་སོང་ནས།
- ཨ་ཁུ་རྒྱལ་བོ་ལ་ཁོང་གཉིས་ཀྱིས་བཤད་ས་མི་འགྲོ་ཟེར།
- བཙན་པོ་བྱས་ནས་རྒྱག་ཏུ་བཅུག
- བརྒྱབ་པ་རེད།
- དེ་ནས་འཕྱི་བ་དེས་མདའ་ཁྱེར་ནས་ཁུང་དུ་འཛུལ་སོང་།
- ཨ་བསམ་ནག་གཉིས་ཀ་ཁྱོད་གཉིས་སོང་ནས་ངའི་མདའ་ཁྱེར་ཤོག་ཟེར།
- ཁོང་གཉིས་གཡོག་པོ་རེད།
- ཁོང་གཉིས་ཀྱི་ལུས་ཕུང་ལ་སེར་ཀ་གས་ཏེ།
- ལུས་ཕུང་སྐྲངས་ནས་བསྡད་ཡོད།
- ཁོ་གཉིས་ཁུང་བུ་ནང་དུ་ཆུད་ནི་མ་རེད།
- ཚ་ནས་འཛུལ་ཐུབ་པ་མ་རེད།
- ཁྱོད་སོང་ནས་ཁྱེར་ཤོག
- ཁྱོད་ཀྱིས་གོས་ལྭ་གོས་སེར་ཕུད་ནས།
- གཡུ་རྭ་བ་བླངས་ནས།
- དུང་གི་སེན་མོ་བླངས་ནས།
- ཁྱོད་སོང་ནས་ཁྱེར་ཤོག་དང་ཁྱོད་ཆུད་ནི་རེད།
- ཁོང་གཉིས་སྒོ་ནས་འདུག་ཟེར།
- དེ་ནས་ཡ་ཡ་ཟེར་ནས།
- ཁོས་གོས་ལྭ་གོས་སེར་ཕུད་ནས།
- མདའ་གཞུ་ཐམས་ཅད་ས་ལ་བཞག་ནས།
- གཡུ་རྭ་བ་བླངས་ནས་ས་ལ་བཞག
- དུང་གི་སེན་མོ་བླངས་ནས་ས་ལ་བཞག
- ཁོ་ནང་གྱེན་ལ་འཛུལ་ནས་སོང་དུས།
- མཚམས་པ་ཞིག་བསྡད་ཡོད།
- མདའ་ཕ་རོལ་ལ་འཁེན་ནས་བཞག་ཡོད།
- ཨ་ཁུ་མཚམས་པ་ངའི་མདའ་དེ་ང་ལ་བྱིན་ན་མི་ཆོག་གམ་ཞེས་བཤད།
- དེ་ལོས་ཆོག་མོད་ཨ་རོད་བུ་ཆུང་ཁྱོད་ལ་ཅུང་ཙམ་ཞིག་དཀའ་རྒྱུ་རེད་ཟེར།
- དེ་ནས་ཁོས་མདའ་ཁྱེར་ནས་སྒོ་ལ་བུད་དུས།
- གཡག་རྒྱ་ཆེན་རྒྱ་ཆུང་གཉིས་ཀྱིས།
- གོས་ལྭ་གོས་སེར་གྱོན་ནས།
- མེ་མདའ་རིང་ཐུང་གཉིས་བཏགས་ནས།
- གྲི་རིང་གྲི་ཐུང་གཉིས་བཏགས་ནས།
- གཡུ་རྭ་བ་གཅིག་གིས་བཏགས་ནས།
- དུང་གི་སེན་མོ་གཅིག་གིས་བཙུགས་ནས་གཉིས་ཀ་བུད་སོང་།
- རྟ་ངང་ཆུང་གསེར་མགོར་ཞོན་ནས།
- མཛོ་ཀ་བ་ར་རིང་དེད་ནས་བུད་སོང་།
- རྒྱལ་བོ་ཚང་གི་འདབས་ལ་ཐོན་དུས།
- རྒྱལ་བོ་ཚང་གིས་ཨ་སྐྱིད་ལ།
- མག་པ་གཅིག་གི་མི་ཚད་གཉིས་ཡོད་གི
- ཉིན་འགའ་ཡི་རྗེས་ནས་སྟོན་མོ་བྱས།
- བུ་མོ་གཉིས་ལ་སྐྲ་སྟོན་བྱས།
- བུ་མོ་གསུམ་པོར་མག་པ་མཉམ་དུ་འཇོག་དགོས་ཟེར་ནས་བསྡད།
- ཁོ་ཡིས་རྗེས་ནས་གཡག་རྒྱ་ཆེན་རྒྱ་ཆུང་གཉིས་ལས་གཅིག་གི།
- རྭ་བརྩེགས་གྱོན་ནས་རྫ་ས་སོང་ནས་བསྡད་པས།
- རྒྱལ་བོ་ཚང་གི་འདབས་ལ་ཐོན་བྱུང་།
- དེ་ནས་རྒྱལ་བོ་ཚང་གི་བུ་མོ་ཆེ་བ་དེར་ཐུག
- ཆུ་ཞིག་ལེན་དུ་ཡོང་ནས་ཆུ་ཁ་ནས་དེར་ཐུག
- དེ་ནས་ཁྱོད་ཕྱིར་སོང་ནས།
- གན་ན་མི་སྐྱ་ལྡོམ་པོ་ཞིག་ཡོད་གི
- ཁྱེད་ཚང་ལ་ནོར་རྫི་ལ་ཨེ་དགོས་ཞེས་ཨ་ཁུ་རྒྱལ་བོ་ལ་དྲིས།
- དགོས་ཟེར་ན་ང་ཁྱེད་ཚང་གི་ནོར་རྫི་ལ་འདུག་ཟེར།
- ཡ་ཡ་ཟེར་ནས་ཕྱིར་རྒྱུགས་ནས་སོང་།
- ཨ་ཕ་གན་ལ་མི་སྐྱ་ལྡོམ་པོ་ཞིག་ཡོད་གི
- དེས་ཁོ་ནོར་རྫི་ལ་ཨེ་དགོས་ཟེར།
- ངེད་ཚང་གི་ནོར་རྫི་ལ་ཨེ་དགོས་ཟེར།
- དགོས་ཏེ་ཁྱོད་སོང་ནས་ཁྲིད་ལ་ཤོག་ཟེར།
- དེ་ནས་སོང་སྟེ་ཁྲིད་ནས་ཡོང་།
- ཁོས་ཉིན་མཚན་འགའ་ལ་མ་འཐུང་བས་ཁོ་ལྟོགས་ནས།
- ཟ་མ་མང་པོ་ཞིག་ཟོས་པས།
- རྫུ་མི་བྱེད་པས་མིང་ལ་རྫུ་ངན་བཏགས།
- དེ་ནས་ནོར་རྫི་རྫུ་ངན་ཟེར།
- དེ་ནས་ཁོས་ནོར་དེད་ནས་ཕྱིའི་ནངས་མོར།
- ཨ་ཁུ་རྒྱལ་བོར་ང་ཁྱེད་ཚང་གི་ནོར་རྫི་བྱས་ན།
- ནོར་འདེད་ས་ཤེས་ནི་མ་རེད།
- ནོར་གང་ལ་འདེད་དགོས་ཟེར།
- ལུང་བ་གཉིས་བསྟན་ནས།
- ཉིན་རེར་གཅིག་གི་ནང་དུ་དེད།
- ཉིན་རེར་གཞན་གཅིག་གི་ནང་དུ་དེད།
- དེ་ལས་གཞན་ལ་འདེད་མི་དགོས་ཟེར།
- ཡ་ཡ་ཟེར།
- དེ་ནས་ཁོས་ནོར་དེད་ནས་འགྲོ་དུས།
- གསེར་མོ་མཚོ་རྗེས་དེད་ནས།
- བུ་མོ་ཆེ་བའི་མིང་ལ་གསེར་མོ་མཚོ་ཟེར།
- དེ་རིང་ངའི་མཛོ་མོས་སྐྱེ་རྒྱུ་རེད།
- རྫུ་ངན་ཁྱོད་ཀྱིས་ལྟོས་ནས་སྡོད་ཟེར།
- སྐྱེ་དུས་ཁྱོད་ཀྱིས་ཉག་ག་གན་ནས་ཕྱིར་ཀུ་ཞིག་རྒྱོབ།
- ང་མཛོ་མོ་བཞོ་རུ་ཡོང་དགོས།
- དེ་ལྟར་མ་བྱས་ན་རྟོལ་ལེ་གས་འགྲོ་ཟེར།
- ཡ་ཟེར།
- དེ་ནས་ཁོ་སོང་ནས་བལྟས་ནས་བསྡད།
- གསེར་མོ་མཚོ་ཡི་མཛོ་མོ་དེས་སྐྱེ་བ་ཡིན།
- དེ་ནས་ཁོས་བྱེའུ་ཞིག་ལ་བསྐུར་ནས།
- ཁྱོད་སོང་ནས་ཁང་མགོར་བབས་ནས།
- གསེར་མོ་མཚོ་དང་གསེར་མོ་མཚོ།
- ཁྱོད་ཀྱི་གསེར་གྱི་མཛོ་མོས་སྐྱེ་བ་ཡིན།
- ཁྱོད་ཀྱིས་གསེར་གྱི་བཞོ་ཟོའུ་བཟུང་ནས་ཤོག
- གསེར་གྱི་ཉྭ་དཀྲི་ཁྱེར་ནས་ཤོག
- ཡོང་དུས་རྫུ་ངན་ལ་ལྟོ་ཟན་བཟང་བོ་ཞིག་ཁྱེར་ནས་ཤོག་ཟེར།
- དེ་ནས་སོང་སྟེ་བྱེའུ་དེ་ཁང་མགོར་བབས་ནས།
- གསེར་མོ་མཚོ་དང་གསེར་མོ་མཚོ།
- རྫུ་ངན་གྱིས་བཤད་པ་ལ།
- ཁྱོད་ཀྱི་གསེར་གྱི་མཛོ་མོས་སྐྱེས་བྱུང་།
- གསེར་གྱི་བཞོ་ཟོའུ་བཟུང་ནས་ཤོག
- གསེར་གྱི་བཞོ་བཟུང་ཐོགས་ནས་ཤོག
- གསེར་གྱི་ཉྭ་དཀྲི་ཁྱེར་ནས་ཤོག
- ཡོང་དུས་རྫུ་ངན་ལ་ལྟོ་ཟན་བཟང་བོ་ཞིག་ཁྱེར་ནས་ཤོག་ཟེར།
- དེའི་ཁ་ནང་དུ་ཐ་ཡིས་རྒྱག་པ་ལས།
- ལྟེབ་ཚག་ཞིག་གི་ནང་དུ་ཤ་རོ་ཞིག་བཏབ་ནས་དེ་ཁྱེར་ནས།
- བཞོ་ཟོའུ་ཁྱེར་ནས་ལམ་ལ་ཆས།
- དེ་ནས་སོང་སྟེ་རྫུ་ངན་ལགས་གན་ཟོ་དང་།
- ང་མཛོ་མོ་ལ་མི་རྩེབས་པས་རྐུབ་སྟེགས་ཤིག་ཁྱེར་ནས་ཤོག་ཟེར།
- དེ་ནས་ཁོས་ཟ་ཚུལ་བྱས་ནས་ཕྱི་ལ་འཕངས།
- ངས་ས་བརྐོས་ནས་མི་ཐུབ་གི
- རྡོ་འཁུར་ནས་མི་ཐེག་གི
- ཁྱོད་བུ་མོ་སྟོབས་ཆེན་ཞིག་རེད།
- ང་བུ་སྟོབས་ཆུང་ཞིག་རེད།
- ཁྱོད་ངའི་རྐུབ་སྟེགས་བྱོས་ཟེར།
- དེ་ནས་ཡ་ཡ་ཟེར་ནས་བདེན་གི་ཟེར།
- ང་སྟོབས་ཆེན་ཡིན་ཟེར་ནས་རྐུབ་སྟེགས་བྱས།
- དེ་ནས་འོ་མ་ཁྱེར་ནས་ཡུལ་ལ་སོང་།
- དེ་ནས་ཁོས་ནོར་དེད་ནས་ཕྱིར་ཡོང་།
- ཕྱིའི་ནངས་མོར་ནོར་ལ་འགྲོ་དུས།
- དངུལ་མོ་མཚོ་ཡིས་རྫུ་ངན་ངའི་མཛོ་མོས་སྐྱེ་རྒྱུ་རེད།
- ཁྱོད་ཀྱིས་བལྟས་ནས་སྡོད་དང།
- སྐྱེ་དུས་ང་ལ་ཁ་གན་ནས་བོས།
- ང་བཞོ་རུ་ཡོང་དགོས།
- དེ་ལྟར་མ་བྱས་ན་རྟོལ་ལེ་དགད་འགྲོ་ཟེར།
- ཡ་ཡ་ཟེར།
- དེ་ནས་ཁོས་བལྟས་ནས་བསྡད།
- དངུལ་མོ་མཚོ་ཡི་མཛོ་མོས་སྐྱེ་བ་ཡིན།
- དེ་ནས་ཁོས་བྱེའུ་ཞིག་ལ་སྐུར་ནས།
- ཁྱོད་སོང་ནས་ཁང་མགོར་བབས་ནས།
- དངུལ་མོ་མཚོ་དང་དངུལ་མོ་མཚོ།
- ཁྱོད་ཀྱི་དངུལ་གྱི་མཛོ་མོས་སྐྱེ་བ་ཡིན།
- དངུལ་གྱི་བཞོ་ཟོའུ་བཟུང་ནས་ཤོག
- དངུལ་གྱི་བཞོ་བཟུང་ཐོགས་ནས་ཤོག
- དངུལ་གྱི་ཉྭ་དཀྲི་ཁྱེར་ནས་ཤོག
- ཡོང་དུས་རྫུ་ངན་ལ་ལྟོ་ཟན་བཟང་བོ་ཞིག་ཁྱེར་ནས་ཤོག་ཟེར།
- ཡང་སོང་ནས་བྱེའུ་དེས་ཇི་མ་ཇི་བཞིན་དུ་བཤད།
- དེ་ནས་དེའི་ཁ་ནང་དུ་ཐ་ཡིས་རྒྱག་པ་ལས།
- ལྟེབ་ཚག་ཞིག་གི་ནང་དུ་ཤ་རོ་ཞིག་བཏབ་ནས།
- དེ་གདུས་ནས་ཁྱེར་ནས་བུད་སོང་།
- སོང་ནས་རྫུ་ངན་ལ་གན་ཟ་དགོས་ན་ཟོ།
- ང་མཛོ་མོ་ལ་མི་རྩེབས་པས་རྐུབ་སྟེགས་ཁྱེར་ནས་ཤོག་ཟེར།
- དེ་ནས་ཡ་ཡ་ཟེར་ནས་ཟ་ཚུལ་བྱས་ནས་ཕྱི་ལ་འཕངས།
- ངས་ས་བཅད་ནས་མི་ཆོད་གི
- རྡོ་འཁུར་ནས་མི་ཐེག་གི
- ཁྱོད་བུ་མོ་སྟོབས་ཆེན་ཞིག་རེད།
- ང་བུ་སྟོབས་ཆུང་ཞིག་རེད།
- ཁ་སང་ཁྱོད་ཀྱི་ཨ་ཅེ་ངའི་རྐུབ་སྟེགས་བྱས་ནས་བཞོས་པ་ཡིན།
- དེ་རིང་ཁྱོད་ཀྱིས་ཀྱང་དེ་ལྟར་བཞོས་ཟེར།
- ཡ་ཡ་ཞེས་བཤད།
- བདེན་ཏེ་ང་སྟོབས་ཆེན་ཡིན་ཟེར།
- རྐུབ་སྟེགས་བྱས་ནས་བཞོས།
- དེ་ནས་འོ་མ་ཁྱེར་ནས་སོང་།
- ཕྱིའི་ནངས་མོར་ནོར་ལ་འགྲོ་དུས།
- དུང་མོ་མཚོ་ཡིས་རྗེས་དེད་ནས།
- རྫུ་ངན་དེ་རིང་ངའི་མཛོ་མོས་སྐྱེ་རྒྱུ་རེད།
- ཁྱོད་ཀྱིས་བལྟས་ནས་སྡོད་ཟེར།
- ངའི་མཛོ་མོས་སྐྱེ་བཏང་ན།
- ཁ་གན་ནས་ཁྱོད་ཀྱིས་ཀུ་ཞིག་རྒྱོབ།
- མོ་བཞོ་རུ་ཡོང་དགོས།
- དེ་ལྟར་མ་བྱས་ན་རྟོལ་ལེ་གས་འགྲོ་ཟེར།
- ཡ་ཟེར།
- དེ་ནས་ཁོས་བལྟས་ནས་བསྡད་དུས་མཛོ་མོས་སྐྱེ་པ་རེད།
- དེ་ནས་ཁོས་བྱེའུ་ཞིག་ལ་བསྐུར་ནས།
- བྱེའུ་ཁྱོད་སོང་ནས་རྒྱལ་བོ་ཚང་གི་ཁང་མགོར་བབས་ནས།
- དུང་མོ་མཚོ་དང་དུང་མོ་མཚོ།
- ཁྱོད་ཀྱི་དུང་གྱི་མཛོ་མོས་སྐྱེ་བ་ཡིན།
- དུང་གི་བཞོ་ཟོའུ་བཟུང་ནས་ཤོག
- དུང་གི་བཞོ་བཟུང་ཐོགས་ནས་ཤོག
- དུང་གི་ཉྭ་དཀྲི་ཁྱེར་ནས་ཤོག
- ཡོང་དུས་རྫུ་ངན་ལ་ལྟོ་ཟན་བཟང་བོ་ཞིག་ཁྱེར་ནས་ཤོག་ཟེར།
- ཡ་ཟེར་ནས་ཡང་བྱེའུ་སོང་ནས་ཇི་མ་ཇི་བཞིན་དེ་ལྟར་བཤད།
- འོ་ཡ་ཡ་ཟེར་ནས་མོས་རྩམ་པ་ཞིག
- ལག་ཕྱིས་ཞིག་གི་ཁུག་ཏུ་བླུགས་ནས།
- ནང་དུ་ཀ་ར་ཞིག་བཏབ་ནས་ཆས་བཟོས།
- རྫུ་ངན་ལ་བྱིན་ནས་རྫུ་ངན་དེ་ཟོས་བཏང་ན།
- ང་མཛོ་མོ་ལ་མི་རྩེབས་ཀི།
- ཁྱོད་ཀྱིས་འོང་སྟེགས་ཁྱེར་ནས་ཤོག་ཟེར།
- དེ་ནས་འོ་ཡ་ཡ་ཟེར་ནས་ཁོས་ཟོས་པ་རེད།
- ཟོས་ནས་ངས་ས་བརྐོས་ནས་མི་ཐུབ་གི
- རྡོ་འཁུར་ནས་མི་ཐེག་གི
- ཁྱོད་བུ་མོ་སྟོབས་ཆེན་ཞིག་རེད།
- ང་བུ་སྟོབས་ཆུང་ཞིག་རེད།
- ཁྱོད་ཀྱིས་ང་ལ་འོང་སྟེགས་བྱོས་ཟེར།
- ཁྱོད་ཀྱི་ཨ་ཅེ་གཉིས་ཀྱིས་ཁ་སང་དེ་ལྟར་བཞོས་པ་ཡིན།
- ཨོ་་་ཁོང་གིས་དེ་ལྟར་མི་བཞོས།
- མི་ལུས་རིན་པོ་ཆེ་འོང་སྟེགས་མི་བྱེད་ཟེར།
- ཁྱོད་ཀྱིས་ང་ལ་ས་རྡོ་ཐེག་དང་མོས་འཁུར་ཟེར།
- དེ་ནས་ཡ་ཟེར་ནས་ས་རྡོ་བཏེག་ནས་ས་རྡོ་འཁུར།
- དེ་ནས་བརྩིགས་ནས་མཛོ་མོ་བཞོས།
- འོ་མ་ཁྱེར་ནས་སོང་།
- དེ་ནས་ཕྱིར་ཡོང་།
- ཕྱིར་ཡོང་ནས་ཁོང་ཚང་ལ་རྒོད་མ་ཞིག་ཡོད།
- ཉི་མ་བརྒྱ་བོར་རྩེད་ནས་བསྡད།
- གྱི་ལིང་ཉི་མ་བརྒྱ་བོར་ཡོད་ན་ཡང་ཁོང་ཚང་གི་ལག་ཏུ་མ་ཡོང་།
- བྱ་རྒྱལ་ཁྱུང་གིས་ཁུར་སོང་།
- དེ་ནས་རྒོད་མ་དེས་སྐྱེས་པ་ཡིན།
- དེ་ནས་རྫུ་ངན།
- ཨ་ཁུ་རྒྱལ་བོ་ཡིས་རྫུ་ངན་ཁྱོད་ཀྱིས་དགོང་མོ་རྒོད་མ་ལ་བལྟས་ནས་སྡོད།
- གྱི་ལིང་བྱ་རྒྱལ་ཁྱུང་ལ་འཁུར་དུ་མ་འཇུག་ཟེར།
- དེ་ལྟར་བྱས་ན་ཉིན་འགའི་རྗེས་ནས།
- བུ་མོ་གསུམ་ལ་མག་པ་གདམ།
- དེ་ནས་མག་པ་དག་གིས་སྲུང་བ་རེད།
- ཁྱེད་ཀྱིས་སྲུང་དགོས་པ་མ་རེད།
- ཡ་ཡ་ཟེར།
- དེ་ནས་དགོང་མོ་ཁོ་རང་རྒོད་མའི་གམ་ནས་ཉལ།
- གསེར་མོ་མཚོ་ཁྱོད་ཀྱིས་ལྟོས།
- རྫུ་ངན་གྱིས་བཟང་བོར་སྲུང་གིན་ཡོད་མེད་ལ་ལྟོས་ཟེར།
- དེ་ནས་གསེར་མོ་མཚོ་ཡིས་བལྟས་ནས་བསྡད།
- མོས་བལྟས་ནས་བསྡད་རྗེས་གཉིད་སོང་།
- གཉིད་ནས་བྱ་རྒྱལ་ཁྱུང་ནམ་གང་བོར།
- ཡང་འཁུར་དུ་ཡོང་ཡང་འཁུར་རུ་ཡོང་།
- ཁོ་ཡིས་འཁུར་དུ་མ་བཅུག
- དེ་ནས་ནངས་མོར་ནམ་ལངས་བྱུང་།
- ཕྱིར་སོང་ནས་གསེར་མོ་མཚོར་བལྟས་ཡོད་དམ་ཟེར།
- བལྟས་ཡོད།
- རྫུ་ངན་གྱིས་ལེགས་པོ་སྲུང་བ་ཡིན་ནམ།
- རྫུ་ངན་གྱིས་སྲུང་བ་མིན་ལ་ངས་སྲུང་ནས་བསྡད།
- ཨོ་ཟེར།
- དེ་ནས་ཕྱི་ཉིན་དགོང་མོར།
- དངུལ་མོ་མཚོར་ཁྱོད་ཀྱིས་རྫུ་ངན་ལ་བལྟས་ནས་སྡོད་ཟེར།
- དེས་བཟང་བོ་སྲུང་གི་ཡོད་པར་ལྟོས་ཟེར།
- ཡ་ཟེར།
- ཡང་དངུལ་མོ་མཚོ་ཡིས་བལྟས་ནས་བསྡད་དེ་མོ་གཉིད་སོང་།
- གནམ་གང་བོར་བྱ་རྒྱལ་ཁྱུང་འཁུར་དུ་ཡོང་ནས།
- ཁོས་འཁུར་དུ་མ་བཅུག
- དེ་ནས་ཕྱིའི་དགོང་མོར།
- དུང་མོ་མཚོ་ལ་དོ་དགོང་ཁྱེད་གཉིས་ཀྱིས་བལྟས་ནས་འཁུར་དུ་མ་འཇུག་པར།
- སང་ཉིན་མག་པ་ཚང་མ་གདམ་ན།
- མག་པ་གཡུ་ཡི་རྭ་བ་ཅན།
- དུང་གི་སེན་མོ་ཅན་དེ་དག་ཚང་མ།
- མག་པ་ཚང་མས་སྲུང་དགོས་པ་རེད།
- རྫུ་ངན་གྱིས་སྲུང་དགོས་ནི་མ་རེད།
- དོ་དགོང་ཁྱོད་རྫུ་ངན་ལ་ལྟོས་ལྟོས་ནས་སྡོད།
- བཟང་བོ་སྲུང་ཟེར་བར་ཡ་ཟེར།
- དེ་ནས་རྫུ་ངན་ལ་ཨ་ཕས་བཤད་པ་ལ།
- ཁྱོད་ཀྱིས་ལེགས་པོ་བལྟས་ནས་སྡོད་ཟེར།
- ངེད་གཉིས་ཀྱིས་དོ་དགོང་འཁུར་དུ་མ་བཅུག་ན།
- སང་ཉིན་གཡུ་ཡི་རྭ་བ་ཅན་དང་།
- དུང་གི་སེན་མོ་ཅན་རྣམས་མག་པར་ཡོང་ན།
- རང་རང་གིས་སྲུང་དགོས་པ་རེད།
- ཁྱོད་ཀྱིས་སྲུང་དགོས་ནི་མ་རེད་ཟེར།
- ཡ་ཡ་ཟེར་ནས་ཁོ་གཉིས་ཀྱིས་བལྟས་ནས་བསྡད།
- ནམ་ལངས་ཤིག་ལ་དུང་མོ་མཚོ་གཉིད་སོང་།
- གཉིད་ནས་ཁོ་ཁ་རོག་བསྡད་ནས།
- བྱ་རྒྱལ་ཁྱུང་དེ་ཡོང་ནས་བལྟས་ནས་འཁུར་དུ་བཅུག
- དེ་ཡིས་ནམ་མཁའ་ལ་འཁུར་ནས་གྲི་ཞིག་གཡུགས་ནས་རྔ་མ་བཅད།
- རྔ་མ་ཁྱེར་ནས་དུང་མོ་མཚོ་ཡི་འདབས་འོག་ཏུ་སྦས།
- དེ་ནས་བར་ཞིག་ལ་དུང་མོ་མཚོ་སད་ནས་ལངས་པ་ཡིན།
- དུང་མོ་མཚོ་ལགས་རྟེའུ་མེད་པ་ཁྱོད་ཀྱིས་ཟོས་པ་ཡིན་ནམ།
- ཡ་ཨ་ལ་ངས་མ་ཟོས།
- མིན་ན་ཁྱོད་ཀྱི་རུམ་ནས་རྟེའུ་རྔ་མ་ལྷུང་ཡོད་གི
- རྟེའུ་རྔ་མ་ལྷུང་ཐལ།
- ངས་དེ་ལྟར་མ་བྱས།
- ཁྱོད་ཀྱིས་མ་བཟོས་པ་ཞིག་ཡིན་ན།
- དེ་མིན་ན་ངས་ཨ་ཁུ་རྒྱལ་བོ་ལ་བཤད་རྒྱུ་ཡིན།
- ཁྱོད་ཀྱིས་ངོ་མས་མ་བཟོས་བ་ཡིན་ན།
- ཁོས་དེ་རིང་ཁྱོད་ལ་བཤད།
- ཁྱོད་ཀྱིས་ཁས་མི་ལེན་ན་ཨ་ཁུ་རྒྱལ་བོ་ལ།
- དུང་མོ་མཚོ་ཡི་རྟེའུ།
- ཟ་མཁན་བྱ་རྒྱལ་ཁྱུང་མ་རེད་དུང་མོ་མཚོ་རེད་ཟེར་རྒྱུ་ཡིན།
- ཁྱོད་ཀྱིས་ཁས་བླངས་ན་ཁོས་མི་བཤད་ཟེར།
- ཡ་ཡ་མོས་ཁས་ལེན་ཟེར།
- དེ་རིང་ཁྱོད་ཚོར་མག་པ་འཇོག་དགོས་ནི་རེད།
- བརྒྱ་ཚོགས་སྟོང་འདྲེན་ནང་ནས་ཁྱོད་ཚོས་མག་པ་གདམ་དགོས་ནི་རེད།
- དེ་ཡིན་ན་གསེར་མོ་མཚོ་ཁྱོད་མག་པ་སུ་དགོས་ཟེར།
- མོ་ལ་གཡས་རྭ་བ་ཅན་དགོས་ཟེར།
- དངུལ་མོ་མཚོ་ཁྱོད་མག་པ་གང་དགོས་ཟེར་ན།
- མོ་ལ་དུང་གི་སེན་མོ་ཅན་དགོས་ཟེར།
- དེ་ཡིན་ན་དུང་མོ་མཚོ་ཁྱོད་གང་དགོས་ཟེར་ན།
- མོར་མག་པ་རྫུ་ངན་འདྲ་བ་ཡིན་ན་ཆོག
- ཁྱོད་ཀྱིས་དེ་ལྟར་མ་བཤད་ན།
- ཁོས་ཟ་མཁན་དུང་མོ་མཚོ་རེད་ཅེས་བཤད་རྒྱུ་ཡིན་ཟེར།
- ཡ་ཡ་ཁྱོད་ཀྱིས་མ་བཤད་ན་ངས་དེ་ལྟར་བཤད་ཟེར།
- ཡ་ཟེར།
- དེ་ནས་མི་བརྒྱ་ཚོགས་སྟོང་ཕྲག་འཚོགས་ནས།
- གསེར་མོ་མཚོར་ཁྱོད་ལ་མག་པ་སུ་དགོས་ཟེར།
- མོར་ལ་གཡས་རྭ་བ་ཅན་དགོས་ཟེར།
- དངུལ་མོ་མཚོར་ཁྱོད་ལ་མག་པ་སུ་དགོས་ཟེར།
- མོ་ལ་དུང་གི་སེན་མོ་ཅན་དགོས་ཟེར།
- དུང་མོ་མཚོར་ཁྱོད་ལ་མག་པ་གང་དགོས་ཟེར།
- མོ་ཁ་མ་གྲགས་པར་བསྡད་པས།
- རྫུ་ངན་གྱིས་རུམ་ནས་རྟེའུ་ཡི་རྔ་མ་ལེན་རྩིས་བྱས།
- དེ་ནས།