Video Overview
འདི་ནི་རྒྱལ་བུ་ཞིག་ཁྱི་ལ་སྤྲུལ་ནས་ཁྱིམ་ཚང་ཞིག་གི་བུ་མོ་གསུམ་ལས་ཆུང་བ་ཆུང་མར་བླངས་པའི་གཏམ་རྒྱུད་ཅིག་ཡིན།
- སྒྲོལ་མ་མཚོ།གནའ་ཞིག་ལ་ས་ཆ་ཞིག་ན་མི་ཞིག་ཡོད།
- ཉིན་རྒྱུན་རི་དྭགས་བདའ་རུ་སོང་།
- ཁོ་རི་དྭགས་གསོད་དུ་སོང་།
- དེ་ནས་ཉིན་ཞིག་ལ་རི་དྭགས་གསོད་དུ་སོང་ནས།
- སྟག་ཅིག་ཕྱིར་འཁོར་ནས་ཁོ་ཟ་རྩིས་བྱས།
- ཁོ་བྲོས་བྲོས་ནས་ས་ཆ་ཞིག་ལ་ཐོན་དུས།
- ཁྱི་རྒན་རྒྱ་ལྡང་ཞིག་གིས་ཁོའི་སྲོག་བསྐྱབས་པ་རེད།
- སྲོག་བསྐྱབས་སྟེ་དེ་ནས་ཁྱི་རྒན་ཁྲིད་ནས་ཁོའི་ཡུལ་ལ་སོང་།
- ཡུལ་ལ་སོང་དུས་ཡུལ་ན་བུ་མོ་གཉིས་ཡོད།
- མི་དེས་ཁྱོད་ལ་ཅི་ཞིག་དགོས།
- དེ་རིང་ངའི་སྲོག་བསྐྱབས་པས།
- ཁྱོད་ལ་ཅི་ཞིག་མཁོ་ན་ངས་ཁྱོད་ལ་དེ་སྟེར་ཟེར།
- དེ་ནས་ཁྱི་རྒན་རྒྱ་ལྡང་གིས།
- ཁྱོད་ཚང་གི་བུ་མོ་ཆེ་བ་དེ་ཁོ་ལ་མནའ་མ་དགོས་ཟེར།
- དེ་ནས་མནའ་མར་བྱིན་པ་རེད།
- མནའ་མར་བྱིན་དུས་བུ་མོ་ཆེ་བས་མི་འགྲོ་ཞེས་བཤད་དེ་ངུས་ནས།
- ངུས་ནས་བུད་སོང་།
- སྔོན་གྱི་མི་དེས་ཁྲིད་ནས་སོང་།
- ཁྲིད་ནས་འགྲོ་ས་བཟང་བ་ཞིག་མེད་པར།
- ཁྱི་ཁུང་ཞིག
- བྲག་གསེང་ཞིག་ན་ཁྱི་ཁུང་ཞིག་ཡོད།
- དེའི་ནང་དུ་སོང་ནས་བསྡད།
- ཁྱི་དེས་ཁྱི་སྐྱག་མར་ལ་མ་ཕྱགས་ཡར་ལ་ཕྱགས་ཟེར།
- དེ་ནས་བུ་མོ་ཆེ་བས་ངོ་མས།
- ཁྱི་སྐྱག་མར་ལ་མ་ཕྱགས་ཡར་ལ་ཕྱགས་པ་ཡིན།
- ཤ་བཙོས་ནས་ཤ་ཁྱོད་ཀྱིས་ཟོ་རུས་པ་ཁོ་ལ་བྱིན་ཟེར།
- དེ་ནས་བུ་མོ་ཆེ་བས་ངོ་མས་དེ་ལྟར་བྱས།
- དེ་ནས་ཁྱི་རྒན་རྒྱ་ལྡང་དེས།
- ཡང་བུ་མོ་དེ་ཕྱིར་ཁྲིད་ནས་སོང་སྟེ།
- ཁོར་ཁྱོད་ཚང་གི་བུ་མོ་འདི་མིི་དགོས།
- འདི་མི་བཟང་གི
- ཁོར་ཁྱོད་ཚང་གི་བུ་མོ་ཆུང་བ་དགོས་ཟེར།
- དེ་ནས་བུ་མོ་ཆུང་བ་ཁྲིད་ནས་སོང་།
- བུ་མོ་ཆུང་བ་ཁྲིད་ནས་སོང་སྟེ།
- ཁོ་ཚང་ལ་ཁྲིད་ནས་སོང་སྟེ།
- ཡང་གོང་ལྟར་བྱས།
- ཁྱི་སྐྱག་མར་ལ་མ་ཕྱགས་ཡར་ལ་ཕྱགས་ཟེར།
- བུ་མོ་དེས་ཁྱི་སྐྱག་མར་ལ་མ་ཕྱགས་ཡར་ལ་ཕྱགས་ཟེར་བ་ཅི་རེད།
- ཁྱི་སྐྱག་མར་ལ་ཕྱགས་ནས་མར་ལ་ཕུད་དགོས།
- མར་ལ་ཕྱགས་ནས་ཕུད།
- དེ་ནས་ཁྱོད་ཀྱིས་ཤ་བཙོས་ནས་ཤ་ཁྱོད་ཀྱིས་ཟོ།
- རུས་པ་ཁོར་བྱིན་ཟེར།
- ཤ་བཙོས་ནས་རུས་པ་ཁྱོད་བྱིན་ནས།
- ཤ་ངས་ཟོས་ན་འགྲིག་པ་མ་རེད།
- ངེད་གཉིས་ཁྱིམ་ཚང་གཅིག་གི་ཡིན་པ་རེད།
- བཟའ་ཚང་ཡིན་པ་རེད།
- ངེད་གཉིས་ཀྱིས་ཤ་ཡོད་ན་ཡང་མཉམ་ཟ་བྱེད་དགོས།
- དེ་ནས་བུ་མོ་དེས་ཤ་བཙོས་ནས།
- གཉིས་ཀས་མཉམ་དུ་ཟོས་ནས་དེ་ལྟར་བྱས།
- དེ་ནས་ཉིན་ཞིག་ལ་ས་ཆ་དེ་ན།
- དགའ་སྟོན་རྒྱ་ཆེན་པོ་ཞིག་ཡོད་པ་རེད།
- དགའ་སྟོན་ཆེན་པོ་དེ་ལ་ཁྱི་དེས།
- བུ་མོ་དེར་གོན་པ་བཟང་པོ་ཏག་ཏག་ཁྱེར་ཡོང་ནས།
- གཡུ་བྱུ་རུ་བཟང་བོ་ཏག་ཏག་བསྐོན་ནས།
- ཁྱོད་དགའ་སྟོན་ལ་སོང་ཟེར།
- དགའ་སྟོན་ལ་སོང་ཞེས་བཤད་པས་བུ་མོ་དེ་སོང་བ་ཡིན།
- གོན་པ་བཟང་པོ་ཏག་ཏག་གྱོན་ནས་སོང་བ་ཡིན།
- སོང་སྟེ་དེ་ནས་དགའ་སྟོན་ལ་སོང་ནས།
- དགའ་སྟོན་ལ་སོང་ནས།
- དགའ་སྟོན་ནས་གླུ་བླངས་ནས་དེ་ལྟར་བྱས།
- གླུ་བླངས་ནས་དེ་ལྟར་བྱས་ནས།
- འགྲན་སྡུར་བྱེད་དུས།
- ནང་ནས་བུ་ལེགས་པོ་ཞིག་གིས་གླུ་བླངས་ནས་ཨང་དང་པོ་བླངས།
- དེ་ནས་ཕྱིར་ཡོང་ནས་ཁྱི་དེས་དགོང་མོ་དྲིས་པ་ཡིན།
- དེ་རིང་གི་དགའ་སྟོན་ལ་བལྟ་རྒྱུ་ཨེ་ཡོད་གི་ཟེར།
- བལྟ་རྒྱུ་ཡོད་གི་ཟེར།
- དེ་རིང་གི་དགའ་སྟོན་ལ་བུ་ཆུང་ཆུང་ཞིག་གིས།
- གླུ་བླངས་ནས་ཨང་དང་པོ་དེས་བླངས་པ་རེད་ཟེར།
- དེ་ནས་ཕྱིའི་ནངས་མོ་སྔ་མོར་ཡང་ཁྱོད་སོང་ཟེར།
- ཕྱིའི་ནངས་མོ་ཡང་གོན་པ་གཞན་ཞིག
- ཡང་གང་གི་བཟང་པོ་ཏག་ཏག་བུ་མོ་དེར་བྱིན་ནས།
- དེ་གྱོན་ནས་འགྲོ་རུ་བཅུག
- བུ་མོ་དེ་ཡང་དེ་ལྟར་འགྲོ་རུ་བཅུག
- ཡང་ཕྱིའི་ཉིན་མོར་སོང་ནས།
- མདའ་འཕངས་ནས་ཁ་སང་གི་བུ་ཆུང་ཆུང་དེས།
- ཡང་ཨང་དང་པོ་བླངས་པ་ཡིན།
- ཕྱིར་ཡོང་དུས་ཁྱི་དེས་དྲིས་པ་ཡིན།
- དེ་རིང་གི་དགའ་སྟོན་ཨེ་ཡག་གི་ཟེར།
- ཡག་གི་ཟེར་ཟེར།
- ཅི་འདྲ་ཞིག་རེད་ཟེར།
- དེ་རིང་མདའ་འཕངས་པ་ཡང་ཁ་སང་གི་བུ་ཆུང་ཆུང་དེ་རེད།
- ཨང་དང་པོ་ཡང་དེས་བླངས་པ་རེད་ཟེར།
- དེ་ནས་སང་ཉིན་ཡང་ཁྱོད་དགའ་སྟོན་ལ་སོང་ཟེར།
- དེ་ནས་ཕྱི་ཉིན་ཡང་གོན་པ་གཞན་པ་བཟང་པོ་ཏག་ཏག
- བྱུ་རུ་བུ་མོ་དེར་བསྐོན་ནས་ཁྱོད་སོང་ཟེར།
- དེ་ནས་བུ་མོ་དེས་གོན་པ་གྱོན་ནས་ཡང་སོང་བ་རེད།
- ཡང་སོང་ནས་རྟ་རྒྱུགས་པ་རེད།
- ཕྱིའི་ཉིན་མོར་རྟ་རྒྱུགས་ནས།
- ཁ་སང་གི་བུ་དེ་ཡང་རྟར་ཞོན་ནས།
- རྟ་བཟང་པོ་ཞིག་ལ་ཞོན་ནས་ཨང་དང་པོ་དེས་བླངས་པ་རེད།
- ཨང་དང་པོ་དེས་བླངས་ནས།
- ཁོ་ཐང་ལ་འགྱེད་ནས་རྟ་གོང་ནས་ཐང་ལ་འགྱེལ་ནས།
- ཁ་ནང་ནས་སོ་གཅིག་ཡར་སོང་།
- དེ་ནས་བུ་མོ་དེ་ཕྱིར་ཡོང་དུས་ཡང་དྲིས་པ་རེད།
- དེ་རིང་གི་དགའ་སྟོན་ལ་བལྟ་རྒྱུ་ཨེ་ཡོད་གི་ཟེར།
- བལྟ་རྒྱུ་ཡོད་གི
- དེ་རིང་བལྟ་རྒྱུ་ཡོད་མོད་ཁ་སང་ཨང་དང་པོ་བླངས་པའི་བུ་དེ།
- རྟ་ཐོག་ནས་ལྷུང་སྟེ་ཐང་ལ་འགྱེལ་སོང་ཟེར།
- དེ་ནས་ཁྱི་དེ་ཧབ་ཆ་བྱས་ནས་བགད་དུས།
- ཁ་ནང་ནས་སོ་གཅིག་ཡར་ཡོད།
- དེ་ནས་བུ་མོ་དེས་ཅི་འདྲ་གང་འདྲ་འདོད་ནས།
- ཕྱི་ཉིན་ཡང་བུ་དེའམ་ཁྱི་དེས་ཡང་ཕྱིར་གོན་པ་བཟང་པོ་གྱོན་ནས།
- ཡང་ཕྱིར་གོན་པ་གཞན་པ་ཏག་ཏག་བསྐོན་ནས།
- ཁ་སང་གི་གོན་པ་དེ་དག་ཡིན་པ་མ་རེད།
- གཞན་ཏག་ཏག་བསྐོན་ནས་བུ་མོ་དེ་དགའ་སྟོན་ལ་སོང་ཟེར།
- དེ་ནས་བུ་མོ་དེས་ཡ་ཟེར།
- དེ་ནས་ཕ་རོལ་ལ་སོང་ནས།
- བུ་མོ་དེ་བུད་སོང་ཁུལ་བྱས་ནས་སྦས་ནས་བསྡད།
- སྦས་ནས་བསྡད་དེ་བུ་མོ་དེ་སོང་ཤུལ་ནས།
- ཁྱི་དེ་ལམ་ལ་ཆས་པ་ཡིན།
- ཁྱི་སྒོར་ཡོང་ནས།
- ཁོ་ཡིས་ཁྱི་པགས་ཕུད་ནས་ཡང་ཕྱིར་གོན་པ་བཟང་པོ་གྱོན་ནས།
- ཁ་ཉིན་གྱི་བུ་ཆུང་ཆུང་དེ་ཡིན།
- དགའ་སྟོན་ལ་སོང་བ་རེད།
- དེ་ནས་བུ་མོ་དེ་ཤུལ་ལ་སོང་ནས་ཁྱི་པགས་སྲེག་པ་རེད།
- སྲེག་ནས་བུ་དེ་ཕྱིར་ཡོང་ནས།
- སྔོན་གྱི་བྲག་གསེང་དེ་ཡང་ཁང་བ་བཟང་པོ་ཞིག་གིས་ལོག་ནས།
- གཉིས་ཀས་དེ་ནས་འཚོ་བ་སྐྱིད་པོ་རོལ་ནས་བསྡད།