04 Nov 2014
6 min 41 sec
Video Overview
Creators:
Tibetan & Himalayan Library
This is a video of Khato Jyid from Sonak Village in Rebgong telling a story called "The Prince in Dog Skin." This story is part of a series of folktales from the Rebgong cultural area.
- སྐྱེས་པ་སྤུན་གསུམ་ཡོད།
- སྤུན་གསུམ་པོ་སྔོན་མཁྱེན་ཅན་དག་དག།
- དྲན་པ་ཅན་དག་དག་རེད།
- དེ་ནས་ཁོ་ཚོར་བ་གླང་རྔ་རིང་ཟེར་བ་ཡག་པོ་ཞིག་ཡོད།
- ཉིན་ཞིག་ལ་ཁོ་ཚོའི་བ་གླང་རྔ་རིང་བོར་སོང་བ་རེད།
- བོར་ནས་སྤུན་གསུམ་བ་གླང་རྩད་གཅོད་དུ་སོང་།
- དེ་ནས་བཙལ་དུ་སོང་།
- བཙལ་ནས་སོང་དུས་ལུང་བ་ཞིག་གི་མདོ་ལ་སོང་ནས།
- བུ་ཆེ་བས་ལུང་བ་འདི་ཅི་འདྲའི་རིང་བ་ལ་ཟེར།
- འབྲིང་བས་ལུང་བ་འདིའི་མིང་ལ་ལུང་རིང་ཟེར།
- ཆུང་བས་ལུང་བ་འདིའི་ཕན་ཆད་ན་སྡེ་རིང་ཟེར་བའི་སྡེ་བ་ཞིག་ཡོད་གི
- གཅིག་གིས་སྡེ་བ་དེའི་ནང་ན་མྱི་རིང་ཟེར་བ་ཞིག་ཡོད་གི་ཟེར།
- དེ་ནས་ཡང་གཅིག་གིས་མྱི་རིང་དེ།
- ང་ཚོའི་བ་གླང་རྔ་རིང་གི་རྐུན་མ་ཡིན་རྒྱུ་རེད་ཟེར།
- དེ་ན་དེ་རེད།
- ང་ཚོ་ལུང་བ་འདིའི་ནང་ལ་འགྲོ་ཟེར།
- ལུང་བ་དེའི་ནང་དུ་སོང་དུས་ལུང་བའི་ཕ་རོལ་ན་སྡེ་བ་ཞིག་ཡོད།
- དེ་ན་རྒད་པོ་ལོ་ལོན་གནའ་མི་ཞིག་ཡོད།
- རྒད་པོ་དེ་ནི་མཁས་བ་ཞིག་ཡིན།
- རྒད་པོ་དེ་ལ་ཨ་རོད་རྒད་པོ།
- ཁྱོད་ཚོའི་སྡེ་བ་འདིའི་མིང་ལ་ཅི་ཟེར།
- སྡེ་བ་འདིའི་མིང་ལ་སྡེ་རིང་ཟེར།
- ཁྱོད་ཚོའི་ལུང་བ་འདིའི་མིང་ལ་ཅི་ཟེར།
- ལུང་བ་འདིའི་མིང་ལ་ལུང་རིང་ཟེར།
- དེ་ན་ཁྱོད་ཚོའི་སྡེ་བ་འདིའི་ནང་ན་མྱི་རིང་ཟེར་བའི་མི་ཞིག་ཨེ་ཡོད་ཟེར།
- དེ་ཡོད་ཟེར།
- མྱི་རིང་ཟེར་བ་ཞིག་ཡོད་ན།
- མྱི་རིང་ཟེར་བ་དེ་ང་ཚོའི་བ་གླང་རྔ་རིང་གི་རྐུན་མ་རེད་ཟེར།
- ངེས་པར་དུ་དེ་རྐུན་མ་རེད།
- ཁྱོད་ཚོས་ངེས་པར་དུ་རྐུན་མ་རེད་ཟེར་ན་འགྲིག་གམ་ཞེས།
- རྒྱལ་བོ་དེས་ཁྱོད་ཚོ་དེ་འདྲའི་སྔོན་མཁྱེན་ཅན་དག་དག་ཡིན་ན།
- ངས་ཁྱོད་ཚོར་ཚོད་བལྟ་ཞིག་བྱེད་ཟེར་ནས།
- དཀར་ཡོལ་ཞིག་གི་འོག་ལ་སྒོག་པ་ཞིག་བཞག་ནས།
- དཀར་ཡོལ་ཁ་སྐོར་ནས།
- འདིའི་འོག་ན་ཅི་ཞིག་ཡོད་གི
- ཁྱོད་ཚོས་འདི་ཤེས་སོང་ན་ཡིན་ཟེར།
- ཁོ་ཚོའི་སྔོན་ན་ཤ་བཙོས་ཏེ་ཁྱེར་ཡོང་ནས་བཞག
- ཤ་འདི་ལ་ཁྱི་དྲི་དྲོ།
- ཤ་དེ་ལུག་ཅིག་གི་ཤ་ཡིན།
- དེར་ཁྱི་དྲི་དྲོ་བ་མ་རེད་ཟེར།
- འདིར་ཁྱི་དྲི་དྲོ་ཟེར།
- འདི་ཅི་ཡིན་འདོད་ནས་རྩད་བཅད་ནས་སོང་བས།
- དེའི་བདག་པོ་ཡིས།
- ལུག་དེའི་བདག་པོར་དྲིས་པས།
- དེ་ལུག་གུ་ཡིན་དུས་ཁྱི་མོ་ཞིག་གིས་བསྣུན་པ་ཡིན་པས་རེད་ཟེར།
- ཁོ་ཚོས་དེ་ལྟར་ཤེས་སོང་བ་རེད།
- དེ་ནས་ཡང་ཁོ་ཚོར་གོ་རེ་སྔོན་ན་བཞག་པ་རེད།
- གོ་རེ་དེ་ཟོས་ནས།
- ཁྱེད་ཚང་གི་གོ་རེ་འདི་ལ་མི་ཞིག་གི་རྫིང་དྲི་དྲོ་བ་རེད་ཟེར།
- དེར་རྫིང་དྲི་ཅི་ཞིག་ལ་དྲོ་བ་རེད་ཟེར།
- ཡང་གོ་རེ་བཟོ་བ་དེར་དྲིས་པས།
- དེར་ཁག་མེད།
- ཕྱེ་བརྡལ་དུས་ངེད་ཚང་གི་ལོ་ལོ་ཡིས།
- ཤིང་ལེབ་ཐོག་ལ་གཅིན་བཏང་བ་རེད་ཟེར།
- དེ་ཁོ་ཚོས་དེ་ལྟར་ཤེས་པ་རེད།
- དེ་ནས་རྒྱལ་བོ་ཡིས་འདི་ཚོ་ངར་བ་དག་དག་རེད་འདོད་ནས།
- དེ་ནས་ཁོ་ཚོའི་སྔོན་ལ་སིལ་ཏོག་བཞག་པ་རེད།
- སིལ་ཏོག་འདི་ལ་མི་དྲི་དྲོ་བ་རེད་ཟེར།
- འདི་ལ་མི་དྲི་ཞིག་ཅི་ལྟར་དྲོ་བ་ཡིན་ཟེར།
- ཡང་སིལ་ཏོག་ཚང་གི་བདག་པོ་ལ་དྲིས་དུས།
- དེ་དུས་སིལ་སྡོང་གསར་བ་འཛུགས་དུས།
- ངེད་ཚང་གི་བྱིས་པ་ཞིག་ཤི་སོང་བས་སིལ་སྡོང་འདབས་ལ་སྦས་པ་ཡིན་ཟེར།
- ད་ལྟར་དེ་དྲོ་བ་རེད་ཟེར།
- དེ་ཡང་དེ་ལྟར་ཤེས་པ་རེད།
- འདི་ཚོ་རང་བཞིན་ཞིག་མ་རེད་ཟེར་ནས།
- རྒྱལ་བོ་ཡིས་དཀར་ཡོལ་གྱི་འོག་ཏུ་སྒོག་སོ་ཞིག་སྦས་ནས།
- ཁྱོད་ཚོས་འདི་ཤེས་སོང་ན་ཁྱོད་ཚོས་ཤེས་བ་ཡིན།
- མྱི་རིང་ཟེར་བ་རྐུན་མ་ཡིན་ཟེར།
- དཀར་ཡོལ་ཁ་སྐོར་ནས་བཞག་སྟེ་ཁོ་ཚོར་དྲིས།
- གཅིག་གིས་དཀར་ཡོལ་དཀར་སྒོང་ཞིག་རེད།
- འོག་ན་ཡང་དཀར་སྒོང་ཞིག་ཡོད་གི་ཟེར།
- གཅིག་གིས་དཀར་སྒོང་དེ་འཚུབ་ལོག་ཅིག་རེད་ཟེར།
- གཅིག་གིས་དཀར་སྒོང་འཚུབ་ལོག་ཞིག་ཡིན་ན།
- དེའི་འོག་གི་དེ་སྒོག་ལོག་ཅིག་ཡིན་རྒྱུ་རེད་ཟེར།
- ཡང་ཤེས་སོང་བ་རེད།
- དེའི་རྗེས་ནས་རྒྱལ་བོས་ལག་པའི་འོག་ལ།
- ད་རུང་ངས་ཁྱོད་ཚོར་ཚོད་བལྟ་ཞིག་བྱེད་ཟེར་ནས།
- སྡོམ་ཞིག་ཁོའི་ལག་པའི་འོག་ཏུ་བསྡུས་ནས།
- ཁོའི་ལག་པའི་འོག་ཏུ་ཅི་ཞིག་ཡོད་པ་འདི་ཤེས་སོང་ན་ཡིན་ཟེར།
- ཡང་གཅིག་གིས་རྒྱལ་བོའི་ལག་པ་བཀྲ་བཀྲ་ཞིག་རེད།
- འོག་ན་བཀྲ་བཀྲ་ཞིག་ཡོད་གི
- དེ་ནས་གཅིག་གིས་རྒྱལ་བོའི་ལག་པ་ནག་ནག་ཞིག་རེད།
- འོག་ན་ནག་ནག་ཞིག་ཡོད་གི་ཟེར།
- གཅིག་གིས་རྒྱལ་བོའི་ལག་པ་བཀྲ་བཀྲ་ཞིག་རེད།
- འོག་ན་བཀྲ་བཀྲ་ཞིག་ཡོད་གི་ཟེར།
- ཆུང་བས་ནག་ནག་ཞིག་དང་བཀྲ་བཀྲ་ཞིག་ཡིན་ན་དེ་སྡོམ་རེད་ཟེར།
- ཡང་ཁོ་ཚོས་ཤེས་སོང་བ་རེད།
- དེ་ནས་བ་གླང་རྔ་རིང་གི་རྐུན་མ་ཁྱོད་ཚོའི་མྱི་རིང་ཟེར་བ་དེ་ཡིན་ཟེར།
- དེ་ནས་རྒྱལ་བོ་ཡིས་ཁས་བླངས་བ་རེད།
- ཡིན་རྒྱུ་རེད།
- དེ་ནས་མྱི་རིང་ཟེར་བ་དེ་བཟུང་བ་རེད།
- ཁྱོད་ཀྱིས་བ་གླང་རྔ་རིང་བརྐུས་པ་རེད་ཅེས་བཤད་དུས།
- ཁོ་ཡིན་པ་རེད།
- དེ་ནས་ཁོ་ཡིས་བ་གླང་རྔ་རིང་གི་ཚབ་དུ།
- ཁོས་ཁོ་ཚོར་འཇལ་བ་རེད།