Skip to main content Skip to search
28 Jun 2018
5 min 8 sec
Video Overview
Creators: 
Yeshi Wangchuk

Chimi Goenpo shares about the costumes of warrior dancers. The dress of the warrior dancer has existed since the time of Zhabdrung Ngawang Namgyal. There was a rule that they must wear a turban made of flags for three days. They were required to wear all of the costume for the entire duration, and this rule was strictly enforced.

 

དཔའ་འཛངསཔ་ཚུ་གིས་ གྱོན་ཆས་གོ་འདི་ དུས་དང་ཕུ་ ཞབས་དྲུང་རིན་པོ་ཆེའི་སྐབས་ལས་ར ་ཡོདཔ་ད་ མགོ་ཏོག་ཁར་ཐོད་ཟེར་ དར་གྱི་བཟོ་བཟོ་བའི་ ཟེ་ཀོ་ཅིག་བཙུགས་ནི་ཡོད་མི་འདི་ རབ་གནས་ཉིནམ་གསུམ་གྱི་རིང་ལུ་ ཕུད་ནི་མེད་པ་ བསྒྲིགས་གུ་བཀལ་ཏེ་ བཙུགས་ཏེ་ར་སྡོད་དགོཔ་ཨིན་ད་ བཞེས་སྒོའི་སྐབས་དང་ ཕྱི་རུ་ལས་རིམ་ མཇུག་བསྡུཝ་ད་རྐྱངམ་ཅིག་ ཕུད་ཆོགཔ་ཨིན་མས། དེ་བཟུམ་སྦེ་ དར་སྣ་ལྔ་གི་རྒྱན་བཙུགས་ཏེ་ གཟུགས་ཁར་དར་ལྷ་ སྤྱིར་བཏང་གི་དར་གྱི་གོ་རིམ་ཡང་ ཨ་རྟགས་བཟུམ་སྦེ་ མཐོ་ཁར་གནམ་ཧོནམོ་ དང་གོ་རིམ་བསྒྲིགས་ཏེ་མཇུག་ ས་ཁར་སེརཔོ་་སྦེ་ བཏགས་སྲོལ་ཡོདཔ་ད་ སྐད་པ་དཔའ་རྟགས་བཏགས་ དེ་ལས་རྐང་པ་ ཚོགས་ལྷམ་བཙུགས་ཏེ་ར་ གནང་སྲོལ་ཡོདཔ་ཨིན། གྱོན་ཆས་དེ་ དུས་ད་ལྟོ་གི་བར་ན་ཡང་ གྱོན་ཆས་བཟོ་ནིའི་ རྒྱུ་གི་ཁྱད་པར་ཅིག་ མ་གཏོགས་གྱོན་ཆས་ཚུ་ ཧེ་མ་ག་ཨིནམ་སྦེ་ར་ ལག་ལེན་འཐབ་སྟེ་འདུག། ནམ་མཁའ་རབ་གནས་ཀྱི་སྐབས་ གྱོན་ཆས་མགོ་ཏོག་ཁར་ཐོད་ གཟུགས་ཁར་གོ་དང་དཔའ་རྟགས་ དེ་ལས་རྐང་པ་འབད་བ་ཅིན་ ཚོགས་ལྷམ་བཙུགས་སྲོལ་ཡོདཔ་ད་ དེ་ཚུ་རབ་གནས་ཉིནམ་གསུམ་གྱི་རིང་ ཕྱི་རུ་རྐྱངམ་ཅིག་མ་གཏོགས་ ཕུད་ནི་མེདཔ་ཨིན་པས།

 

Transcript search
No results found for this search
0 of 0
  • འཆི་མེད་མགོན་པོ་
    ག་ར་ལུ་སྐུ་བཟང་པོ་ཟེར་ཞུ་གེ་ད་ངེ་གི་མིང་འདི་འཆི་མེད་མགོན་པོ་ཨཱ་་་ད་ད་རིས་ང་གིས་དཔའ་མཛངསཔ་གི་ གྱོན་ཆས་ཀྱི་སྐོར་ལས་ མདོར་བསྡུས་ཅིག་ཞུ་བ་ཅིན་ཨཱ་ཨཱ་་་ང་བཅས་གོ་དང་ ཨ་ནཱི་གོ་གྱོན་ནི་འདི་ཏེ་ ང་བཅས་ར་དཔལ་ལྡན་འབྲུག་པའི་གི་ལམ་སྲོལ་འབད་རུང་འདྲ་བས་ཏེ་ མ་པ་ལས་གྱོན་དགོ་པས་ཏེ་དེ་ཁར་ལུ།
  • འཆི་མེད་མགོན་པོ་
    ཨཱ་་་་ཐོད་ཟེར་བཀལ་མི་འདི་ཏེ་ད་ཨ་ནཱི་འདི་ཨ་ནཱི་མ་ཕུད་བར་བཞག་མི་འདི་ཏེ་ ང་བཅས་ར་ཨ་ནཱི་སྒྲིག་ལུ་གནས་དགོཔ་འབད་ཏེ་ ང་བཅས་ཀྱི་ ཧེ་མ་ལས་སྔར་སྲོལ་ལམ་ལུགས་ར་དེ་སྦེ་ནཱ་ཨཱ་་་ལག་ལེན་སྔར་སྲོལ་ལམ་ལུགས་ར་ དེ་སྦེ་ཨིནམ་ལས་བརྟེན་ཏེ་གིས་སྦེ་ཨ་ནཱི་མ་ཕུད་བར་ཨ་ནཱི་ཨ་ནཱི་མ་ཕུད་ཚུན་ཚོད་འདི་ཏེ་ང་བཅས་ག་ར་དཔའ་མཛངསཔ་འདི་ཚུ་ག་ར་ སྒྲིག་ལུ་གནས་དགོཔ་འབད་ཨིན་པས་བ་ལགས།
  • འཆི་མེད་མགོན་པོ་
    ཨཱ་་་ད་ཨ་ནཱི་དྲོ་མཛར་དང་ གསོལཝ་ཚོགས་འདི་ཚུ་བཞེས་པ་བྱོནམ་ད་འདི་ཏེ་འདི་ཕུད་སྦེ་འགྱོ་འོང་ལགས་དེ་ལསནི་ད་རུང་ཕྱི་ཁར་ཐོནམ་ཅིག་ཏེ་ ཨ་ནཱི་་ཐོད་བཀལ་མི་འདི་ང་བཅས་ག་ར་ལམ་ལུགས་ལུ་གནས་དགོཔ་སྦེ་སྒྲིག་ལུ་གནས་དགོཔ་སྦེ་ཏེ་ད་ཕྱག་བཞེད་འདི་ཏེ་ ང་བཅས་རའི་དཔལ་ལྡན་འབྲུག་པ་གི་ ལམ་སྲོལ་ཅིག་ཨིནམ་ལས་ཏེ་དེ་གུ་ལུ་ཏེ་ ང་བཅས་ར་ནཱ་གནམ་མཁའ་རབ་གནས་ཀྱི་ཨཱ་་་།
  • འཆི་མེད་མགོན་པོ་
    ལམ་ལུགས་འདི་ཨེ་ཧེམ་་་་(speaker coughs)རྦད་བཤད་དགོཔ་སྦེ་འབདཝ་ད་ལུ་ཏེ་ད་ཨ་ནཱི་ཕྱག་བཞེད་དེ་ ལག་ལེན་འཐབ་དགོ་པས་ཟེར་ ཞུ་ནི་ཨིན།
  • འཆི་མེད་མགོན་པོ་
    ད་ཚོགས་ལྷམ་གྱི་ཐད་ཁར་ལུ་ལྷོདཔ་ད་ལུ་འདི་ཧེ་མ་འབད་བ་ཅིན་ང་བཅས་ར་ནཱ་ཨཱ་་་གཡུས་ཁ་ལུ་ར་བཟོ་བཟོཝ་ཅིག་འདུག་བ་ལགས་ཨ་ནཱི་ལྷམ་ཨ་ནཱི་པགས་ཀོ་གི་སྦེ་ད་ད་རིས་ནངས་པ་དུས་ཀྱི་འགྱུར་བ་དང་བསྟུན་ཏེ་གིས་སྦེ་ཨིན་པས་སྨོ་ལགས་ཨཱ་་་ཡར་རྒྱས་ཡར་རྒྱས་ཀྱི་ ཨཱ་་་འགྱུར་བ་ལུ་བརྟེན་ཏེ་གིས་འབད།
  • འཆི་མེད་མགོན་པོ་
    ཏེ་ད་མི་ག་ར་གིས་ ཚོགས་ལྷམ་འདི་ཨཱ་་་གཙོ་བོ་ར་འདི་ འཇའ་ཆི་ཆི་ད་ཏེ་མིག་ཁར་ལུ་མཛེས་ཏོག་ཏོ་ཅིག་མཐོང་ནི་དེ་གིས་ཚོགས་ལྷམ་འདི་ལག་ལེན་འཐབ་འཐབ་ཨིན་པས།
  • འཆི་མེད་མགོན་པོ་
    ད་དར་གྱི་ཐད་ཁ་ལུ་ལྷོདཔ་ད་ལུ་ཏེ་ད་ཁ་དམར་འདི་ད་དར་གྱི་ཐད་ཁ་ལུ་ལྷོདཔ་ད་ལུ་ཏེ་ ང་བཅས་ར་དར་སྣེ་ལྔ་ཟེར་ཧེ་མ་ལས་ད་དེ་སྦེ་འདུག་འ་ནཱི་འབདཝ་ད་ དར་སྣེ་ལྔ་འདི་ག་ར་ཚངམ་སྦེ་ར་ཏེ་ ཨཱ་་་བཞེས་དགོ་པས་ཟེར་ཞུ་ནི་ལགས།
  • འཆི་མེད་མགོན་པོ་
    ཏེ་ གཙོ་བོ་ར་དར་སྣེ་ལྔ་ག་ར་ཚངམ་སྦེ་འབདཝ་ད་ལུ་ཏེ་ འཇའ་ཆི་ཆི་ཏེ་ འབད་རུང་ཡང་འདྲ་བས་ཏེ་ག་ཅིག་ར་འབད་རུང་སྣེ་ལྔ་ཚངམ་སྦེ་འབད་ནི་དེ་གིས་ཨིན་པས་ཟེར་ཞུ་ནི་ཨིན།
  • འཆི་མེད་མགོན་པོ་
    ད་འདི་གུ་ལུ་ད་དར་སྣེ་ལྔ་འདི་ནཱ་ལས་ནཱ་ལས་སྣེ་ལྔ་ནཱ་ལས་སྣེ་ལྔ་འབདཝ་ད་ག་ར་རྒྱ་གྲམ་སྦེ་ཏེ་ ཁ་ཙ་ཉིནམ་རྩ་ཆེན་འདི་ནང་ལུ་ག་ར་རྒྱ་གྲམ་སྦེ་འབད་ནི་དེ་གིས་འཇའ་ཆི་ཆི་མཐོང་ཏེ་མཐོང་མས་ཟེར་ཞུ་ནི་ཨིན་ལགས།
  • འཆི་མེད་མགོན་པོ་
    ད་ད་རིས་ཉིནམ་གསུམ་པ་ནང་ལྷོདཔ་ད་ལུ་འདི་ཏེ་ད་འཆམ་འདི་ཚུ་ཡང་ ཨ་ཙི་ཉུངམ་སྦེ་འབད་ཏེ་ འ་ནཱི་བཟུམ་འབདཝ་ད་ཏེ་ ང་བཅས་ར་གི་བརྩི་སྲུང་འདི་ཡང་ ཨ་ཙི་ཅིག་མདོར་བསྡུས་སུ་ཅིག་སྦེ་ འབད་ནི་དེ་གིས་ཏེ་ད་དར་སྣེ་ལྔ་འདི་ ག་ར་མི་ཚང་མས་ཟེར་ཞུ་ནི་ཨིན།
  • འཆི་མེད་མགོན་པོ་
    ད་གཙོ་བོ་ར་དར་ཧོནམོ་འདི་དར་ཧོནམོ་འདི་ཐོག་ཁ་འབད་མི་འདི་ད་གནམ་ཧོནམོ་གི་ཏེ་ ཨ་ནཱི་ངོ་རྟགས་ཅིག་ཨིན་པས་ཟེར་ཨ་ནཱི་ག་ཅི་ཨཱ་གནམ་ཧོནམོ་ཨིན་ཟེར་བའི་གི་ཨ་ནཱི་ངོ་རྟགས་ཅིག་ཨིན་པས་ཟེར་ཞུ་ནི་ཨིན་ད་གཞན།
  • འཆི་མེད་མགོན་པོ་
    ཏེ་ ཨ་ནཱི་དར་སྣེ་ལྔ་འདི་ཨ་ནཱི་ཧེ་མ་རྒྱ་གྲམ་ཨ་ནཱ་ལེགས་ཤོམ་སྦེ་ ལྷག(weave)སྦེ་ད་ཨ་ནཱི་རིམ་པ་འདི་དར་སྣེ་ལྔ་ག་ར་ཨ་ནཱི་རྒྱ་གྲམ་ལྷགཔ་ད་རིམ་པ་འདི་ཐགོ་ཁར་འདི་ཨཱ་་་ཧོནམོ་ཧོནམོ་འདི་ཏེ་གནམ་གནམ་ཧོནམོ་སྟོན་པའི་གི་ བརྡ་མཚན་ཅིག་ཨིན་པས་ཟེར་ཞུ་ནི་ཨིན།
  • འཆི་མེད་མགོན་པོ་
    དར་གཞན་མི་འདི་ཨ་ནཱི་གི་འདི་ཨཱ་་་ད་དང་པ་འདི་ཏེ་ གནམ་ཧོནམོ་སྟོན་པའི་གི་བརྡ་མཚན་ཨིན་པས།
  • འཆི་མེད་མགོན་པོ་
    གཉིས་པ་འདི་དམརཔོ་དེ་ལས་ གསུམ་པ་ནང་འདི་ཏེ་ང་བཅས་ར་ཨ་ནཱི་ལྕང་ཁ་བཀལ་ཚུལ་འདུག་དེ་ལས་མཇུག་ར་ཨ་ནཱི་སེརཔོ་འདི་བཀལཝ་ཨིན་ག་ཅི་སྦེ་ཟེར་བ་ཅིན་ས་སེརཔོ་གི་བརྡ་མཚན་ཏེ་ ཁོ་གིས་ས་སེརཔོ་ཨིན་ཟེར་བའི་གི་ཏེ་ད་བརྡ་སྟོན་དོ་ཡོདཔ་ཨིན་ཟེར་ཞུ་ནི་ཨིན།
  • འཆི་མེད་མགོན་པོ་
    ད་ང་བཅས་ཀྱི་རིམ་པ་འདི་ཏེ་ད་དང་པ་ར་ཏེ་ཐོག་ཁ་འདི་ཧོནམོ་སྦེ་ཏེ་ བར་ན་འདི་ཏེ་ ཨ་ནི་གིས་སྦེ་བར་ན་འདི་ཨ་ནཱི་ཐོན་དགོཔ་ཨིན་མས་བ་ཨ་ནི་ཏེ་ འོག་འོག་གི་འདི་ཏེ་ སེརཔོ་འདི་སེརཔོ་འདི་གཙོ་བོ་ར་ཏེ་ཨ་ནཱི་ས་ས་ཨིན་ཟེར་བའི་གི་ཏེ་ འོག་ལུ་རང་ས་ཨིན་ཐགོ་ཁ་ར་གནམ་ཨིན་ཟེར་བའི་གི་ བརྡ་མཚན་ཅིག་ཨིན་པས་ཟེར་ ཞུ་ནི་ལགས།
  • འཆི་མེད་མགོན་པོ་
    ད་གཞན་འདི་ ཨཱ་་་ང་བཅས་ར་ཉིནམ་རྩ་ཅན་འདི་ནང་ལུ་འདི་ཏེ་ནཱ་ལས་ནཱ་ལས་དར་སྣེ་ལྔ་་་ ཨཱ་ནཱ་ལྷག་ ཏེ་ཕར་ལྷ་འབདཝ་ད་ལུ་ག་ར་རྒྱ་གྲམ་ལྷ་འབདཝ་ད་འཇའ་ཆི་ཆི་སྦེ་ མཐོང་དོ་ཡོདཔ་ཨིན་པས།
  • འཆི་མེད་མགོན་པོ་
    ད་ད་རིས་ཉིནམ་གསུམ་པ་ནང་ལྷོདཔ་ད་ལུ་ཏེ་ད་བརྩི་སྲུང་འདི་ མདོར་བསྡུས་སུ་ཅིག་འབད་འབདཝ་ད་ལུ་ཏེ་དར་ཡང་ག་ར་སྣེ་ལྔ་མ་ཚང་སྣེ་ལྔ་འདི་མ་ཚངམ་སྦེ་ ཏེ་ཨ་ནཱི་བཀབ་ནེ་དང་དེ་ལས་དར་གཉིས་དེ་ཅིག་ རྒྱ་གྲམ་ལྷག་སྦེ་ འབད་དོ་ཡོདཔ་ཨིན་ཟེར་ཞུ་ནི་ཨིན།བཀྲ་དྲིན་ཆེ། བཀའ་དྲིན་ཆེ། །