10 Feb 2017
5 min
- རྣམ་རྒྱལ་རྡོ་རྗེ་ Namgay Dorjiདང་ཕུ་གི་ལམ་ལུགས་སྲོལ་ ཏེ་ འ་ནཱི་སྦེ་འདྲི་བ་བཀོད་གནང་མི་ལུ་ གནམ་མེད་ས་མེད་བཀའ་དྲིན་ཆེ་ཟེར་ཞུ་ནི་ཨིན་ལགས་ ཏེ་ དེ་སྦེ་ཞུ་དགོ་མི་འདི་ ག་དེ་སྦེ་སྨོ་ཟེར་བ་ཅིན་ ད་ཡུདཔ་ཅིག་ཧ་ལམ་ཉམས་དེས་ ཏེ་ འདི་གུ་གནམ་མེད་ས་མེད་ སྤྲོ་བ་བསྐྱེད་མི་འདི་ལུ་ཡང་ བཀའ་དྲིན་ཆེ་ཟེར་ ཏེ་ འ་ནཱི་ལགས་ བཅད་ཐག་(?)ཟེར་བའི་ལགས་ ཏེ་ བཅད་ཐགས་འདི་ འ་ནཱ་ཕར་བརྒྱུ་དགོ་ལགས་ འ་ནཱ་ལས་ཕར་བརྒྱུས་བ་ཞིན་ལསནི་ ཏེ་ འ་ནཱི་ཚུར་འཐེན་འབད་བའི་ཞིན་ལས་ལགས།
- རྣམ་རྒྱལ་རྡོ་རྗེ་ Namgay Dorjiཏེ་ འ་ནི་མིང་ བཅད་ཐག་ཟེར་ ཏེ་ རོགས་ད་རེས་ནངས་པ་འབདཝ་ད་ ད་ རྒྱ་གར་ཐགཔ་གི་བཟོཝ་མས་བ་ལགས་ ང་བཅས་འ་ནཱི་དང་ཕུ་གི་ཨིན་ ཏེ་ འ་ནི་ཀོཝ་དེམ་ བསྣད་ཞིན་ན་འབད་བཟོ་དགོ་ལགས་ འ་ནཱི་བཟོ་སྦེ་འབདཝ་ད་ ཏེ་ འ་ནཱི་བཅད་ཐག་ཟེརཝ་ཨིན་ལགས་ ཏེ་ འ་ནཱ་ལུ་ བཅད་ཐག་ཟེར་ལགས།
- དཔོན་ཆེ་ལ་ Penchelaབཅད་ཐག་འདི་ ག་ཅི་འབད་ནི་སྨོ་ལགས?
- རྣམ་རྒྱལ་རྡོ་རྗེ་ Namgay Dorjiཏེ་ བཅད་ཐག་འདི་ ཨ་ནཱི་གླང་གཅིག་གཅིག་མ་བརྡུང་ནི་གི་ཨིན་ལགས་ གཅིག་གཅིག་མ་བརྡུང་ནི་གི་ཨིན་ལགས་ ཏེ་ འ་ནི་གཉའ་ཤིང་ཐུང་ཀུ་འབདཝ་ད་བརྡུང་མས་ སྐམ་ཞིང་འབད་བ་ཅིན་ རིངམོ་སྦེ་འབད་དགོ་པས་བ་ལགས་ ཏེ་ ཨ་ནཱི་བཅད་ཤིང་ཐུང་ཀུ་འདི་ གླང་རོ་རིངམོ་འབད་བ་ཅིན་ གཅིག་གཅིག་བརྡུང་ད་འོང་ ཏེ་ འ་ནཱི་མ་བརྡུང་ནི་གིས་ཐབས་ཨིན་ལགས་ ཏེ་ འ་ནཱི་ དྲོ་ལི་ཨིན་ལགས་འ་ནི་ དྲོ་ལི་འདི་འ་ནཱ་རྒྱུ་དགོ་ལགས།
- རྣམ་རྒྱལ་རྡོ་རྗེ་ Namgay Dorjiའ་ནཱ་སྦུག་དྲང་ཕུ་(?) ཕྲང་བཀལ་དགོ་ལགས་ དྲང་ཕུ་ ད་ འ་ནཱི་སྦུག་དྲང་ཕུ་བཀལ་ཞིནམ་ལས་ལགས་ ཏེ་ དེ་ལསནི་འ་ནི་ནེ་པ་ཟེརཝ་ཨིན་ལགས་ ད་ཏེ་ ནེ་པ་འདི་ ད་ཏེ་ གནམ་མེད་ས་མེད་ དེམ་སྦེ་འབདཝ་ད་ འ་ནཱི་འ་ནཱ་བརྒྱུ་དགོ་ལགས་ འ་ནི་སྦེ་བརྒྱུ་བསྡམ་ ཏེ་འ་ནི་མིང་ ནེ་པ་ཟེརཝ་ཨིན་ལགས།
- དཔོན་ཆེ་ལ་ Penchelaཨ་ནཱི་འདི་ག་ཅི་འབད་ནི་གི་སྨོ་ལགས?
- རྣམ་རྒྱལ་རྡོ་རྗེ་ Namgay Dorjiཨ་ནཱི་གླང་ལྟག་ཀོ་རྨ་མ་བཏོན་ནི་གི་དོན་ལུ་ཨིན་ལགས་ གླང་ལྟག་ཀོ་རྨ་མ་བཏོན་ནི་གི་ ལྟག་ཀོ་མ་གཅད་ནི་གི་ལགས་ ཏེ་ དེ་ལས་ འ་ནཱི་མིང་ ཧམ་ཐག་ཟེརཝ་ཨིན་ལགས་ ད་ འ་ནཱི་མིང་ཧམ་ཐག་ཟེར་བའི་ཤུལ་ལསནི་ ཏེ་ ཧམ་ཐག་འདི་ དང་པ་རང་ འ་ནཱ་ཕར་བརྒྱུ་དགོ་ལགས་ དེ་ལས་ འ་ནཱི་སྦེ་འབད་བའི་ཤུལ་ལསནི་ ཏེ་འ་མི་ད་ལྟོ་ང་སྟོན་མི་ནེ་པ་འདི་ ནང་ཀོ་ལས་བཙུགས་ ད་ལྟོ་ཏེ་ ནེམ་སླབ་ལོ་མིན་འདུག་བ་ལགས་ ཏེ་ འ་ནཱི་ནང་ཀོ་ནང་བཙུགས་ཤུལ་ལསནི་ཧམ་ཐག་འདི་ འ་ནཱི་སྦེ་བསྡམ་དགོ་ལགས་ ཕར་དང་ཚུར་སྤར་མ་ཚུགས་ནི་གི་དོན་ལུ་ཨིན་ལགས།
- རྣམ་རྒྱལ་རྡོ་རྗེ་ Namgay Dorjiའ་ནི་ལགས་ འ་ནཱ་ལུ་ འ་ནི་འབད་ཞིནམ་ལས་ འ་ནི་སྦེ་བསྡམ་ནི་ལགས་ ཧམ་ཐག་འདི་ལགས།
- བསོད་ནམས་ཆོས་འཕེལ་ Sonam Chophelཨོལ་ལྐོག་མི་བསྡམ་ག་ལགས?
- རྣམ་རྒྱལ་རྡོ་རྗེ་ Namgay Dorjiཨོལ་ལྐོག་མི་བསྡམ་ལགས་ ད་ནཱ་ཀྲིག་ཀྲི་སྦེ་སྡོད་འོང་བ་ལགས་ འདི་གླང་གི་ཨོལ་ལྐོག་མི་བསྡམ་ ཏེ་རོགས་ དོ་རུང་ད་རེས་ནངས་པ་ འ་ནཱི་བཟུམ་འཁལ་མི་མིན་འདུག་ལགས་ འ་ནཱི་ཁོང་རའི་མཇུགམོ་བཏོག་ཞིན་ན་ ཁོང་ར་གིས་འཁལ་དགོ་ལགས་ ཁོང་རའི་མཇུགམོ་གི་འཁལ་དགོ་ ད་ ད་རེས་ནངས་པ་ རོགས་འ་ནཱི་ རྒྱ་གར་གྱི་ཐགཔ་སེལ་ཏེ་འབདཝ་མས་ འཇམ་སམ་སྦེ་ ད་ ཨ་ནཱི་ལག་ལེན་འཐབ་མི་ཡང་མིན་འདུག་ ཏེ་ མེདཔ་ལས་བརྟེན་ཏེ་འབད་ ད་ བདག་འཛིན་ཡང་ གནམ་མེད་ས་མེད་འབད་ནི་ཡང་མེད་ལགས་ ད་ ཨ་ཙི་ཧ་ལམ་ཡར་སོང་ནུག
- རྣམ་རྒྱལ་རྡོ་རྗེ་ Namgay Dorjiཏེ་ འ་ནཱི་གཉའ་ཤིང་ ཏེ་ འ་ནཱི་མིང་གཉའ་གདུགས་ལགས་ དོ་རུང་འ་ནཱི་གཉའ་གདུགས་ ཏེ་ གཉའ་གདུགས་འདི་ལགས་ ད་ ང་རྡིག་རྡིགམ་སྦེ་བཟོ་བཞག་ཡི་ གཞན་མི་འབད་བ་ཅིན་ ཤིང་ཁ་རམ་བརྩེགས་ཏེ་བཟོཝ་ཨིན་ལགས་ ད་ ལཱ་འཚུབས་ཁག་ཁ་སྦེ་ བཅག་བཀོ་ད་པ་ཅིན་ འ་ནཱི་ ཤིང་ཁ་གྲམ་རྐྱབ་པའི་ཤུལ་ལསནི་ ནཱ་ལས་ཕར་བཙུགས་ མར་ལས་ཕར་ཨེ་ཧུམ་བཏོན་ཞིནམ་ལས་ ནེ་སྦེ་བཟོ་བཏུབ་ལགས་ དེ་ཡང་ ང་བཅས་ར་ལེགས་ཤོམ་སྦེ་རང་བཟོ་དགོ་པ་ཅིན་ འ་ནེ་སྦེ་རང་བཟོ་དགོ་ལགས་ འ་ནཱི་སྦེ་རང་།
- རྣམ་རྒྱལ་རྡོ་རྗེ་ Namgay Dorjiཏེ་འ་ནཱི་མིང་ བར་མཛོད་ཟེརཝ་ཨིན་ལགས་ འ་ནཱི་བར་མཛོད་ཟེར་སླབ་དགོ་མི་འདི་ ག་དེ་སྦེ་སྨོ་ཟེར་བ་ཅིན་ གཉའ་ཤིང་གི་བར་ན་སྐོར་འབད་ནི་འདི་གིས་ བར་མཛོད་ཟེར་བའི་ལགས་ འ་ནཱི་མིང་བར་མཛོད་ཟེརཝ་ཨིན།
- དཔོན་ཆེ་ལ Penchelaགཉའ་ཤིང་དང་ གཉའ་གདུགས་འདི་ ཤིང་རྒྱུ་ག་ཅི་གི་བཟོཝ་ཨིན་ན?
- རྣམ་རྒྱལ་རྡོ་རྗེ་ Namgay Dorjiཏེ་ འ་ནཱི་གཉའ་ཤིང་འདི་ ཏབ་དང་ཅོ་ཀ་གི་བཟོ་དགོ་ལགས་ ཏེ་ དེ་ལས་གླང་ ཨ་ནཱི་གླང་སྤྱོདཔ་གར་དྲགས་འབད་བ་ཅིན་ བཀག་བཏང་ད་བ་ལགས་ ཏེ་ ཏབ་འདི་དང་ཅོ་ཀ་འདི་འབད་བ་ཅིན་ ག་དེ་སྦེ་སྤར་རུང་སྤར་ ག་དེ་སྦེ་འབད་རུང་འབད་ ཏེ་ བཀག་མི་ཚུགས་ལགས་ དེ་ གཉའ་གདུགས་འདི་སྦྱིས་ཤིང་གི་བཟོ་དགོ་ལགས་ སྦྱིས་ཤིང་དང་ ང་བཅས་ར་ཐོམ་ ན་ཐག་རེ་ཡོད་པ་ཅིན་ཏེ་ འདི་མེན་པ་ཅིན་ ཏེ་ ཡུདཔ་ཅིག་ཧ་ལམ་ག་འབད་རུང་བཏུབ་པས་ལགས།
- རྣམ་རྒྱལ་རྡོ་རྗེ་ Namgay Dorjiཆ་ལས་ཤིང་ལོ་ཟེར་ཡོད་ འ་ནཱི་འབད་རུང་བཏུབ་འཇམ་སམ་སྦེ་འབད་བ་ཅིན་ རྡིག་རྡིགམ་སྦེ་རང་བཟོ་བ་ཅིན་ འ་ནཱི་སྦེ་རང་བཟོ་དགོ་ལགས་ བཞི་བཀག་རྐྱབ་སྟེ་ལགས་ ཏེ་ འ་ནཱི་ འ་ནཱི་ལགས་ ང་བཅས་ར་ཤལཝ་སྐམ་ཤལཝ་ཟེརཝ་ཨིན་ལགས་ སྐམ་ཤལཝ་འདི་ ག་དེ་སྦེ་སྨོ་ཟེར་བ་ཅིན་ ཀར་བཏབ་ད་ལུ་ང་བཅས་ར་ དགུན་ཐོག་བཏབ་ད་ལགས་ ཏེ་འ་ནཱི་ སྐམ་ཤལཝ་འདི་དང་ ཨ་ནཱི་འདམ་ཤལཝ་ཨ་ཙི་ཅིག་མི་འདྲ་ལགས་ སྐམ་ཤལཝ་འདི་ སོ་ཨ་ཙི་ཅིག་རིང་སུ་ཅིག་སྦེ་བཞག་དགོ་ གོང་ཐལ་འདི་ཤབས་(?)བ་ལགས་འ་ནི་གིས།
- རྣམ་རྒྱལ་རྡོ་རྗེ་ Namgay Dorjiཏེ་ འ་ནཱི་འབད་ནི་དེ་གིས་ སྐམ་ཤལཝ་འདི་ ཨ་ཙི་ཅིག་ ཤན་(?)ཡང་རིང་སུ་ཅིག་སྦེ་ ཏེ་ འདམ་ཤལཝ་འདི་འ་ནི་སྦེ་སྡོད་འོང་ལགས་ སོ་སོ་སྦེ་སྡོད་འོང་ལགས་ ཏེ་ སྐམ་ཤལཝ་ནང་ལུ་ ང་བཅས་ར་ འདམ་ཤལཝ་གུ་ འདམ་ཤལཝ་ལུ་ལུ་ཅིག་ འདམ་ཤལཝ་རྐྱབ་མས་ འདམ་ཤལཝ་འདི་རྐྱབ་ད་ལུ་ གོང་ཐལ་མི་བཞག་ལགས་(?) བདེ་ཡང་མི་བདེ་ ཏེ་ འདམ་ནང་གི་ལཱ་འདི་ འདམ་ནང་རང་འབད་དགོ་ལགས་ སྐམ་ས་འདི་སྐམ་ས་རང་ལགས་ ཏེ་འ་ནཱི་ འདམ་ནང་གི་ དམ་ཤལཝ་ཟེར་མི་འདི་ འ་ནཱི་ཨིན་ལགས།
- རྣམ་རྒྱལ་རྡོ་རྗེ་ Namgay Dorjiཏེ་ འ་ནཱི་ཁ་མིག་ལགས་ དོ་རུང་ཁ་མིག་ལྷམ་པ་ འ་ནཱི་བཀལ་ཏེ་སྦེ་གསུམ་ཡོད་ལགས་ འ་ནཱི་ཁ་མིག་འདི་མིང་དངས་ལུགས་ཟེར་བའི་ལགས་ ཁ་མིག་དངས་ལུགསཔ་ ཏེ་ འ་ནཱི་ཁ་མིག་གི་ཨོམ་ལ་ལགས་ དེ་ལསནི་འ་ནཱི་ཤལཝ་ དངས་ལུགས་ཟེར་ ཏེ་ ཝང་ཁམ་དང་ སྤ་ཁམ་ཟེར་སྤ་རོ་པའི་ཁ་མིག་ཟེར་ སོ་སོ་ནང་གཉིས་བཟོ་ནི་ཡོད་ལགས་དོ་རུང་ ཏེ་ འ་ནཱི་མིན་ནུག་ ཏེ་ ད་ལྟོ་འ་ནཱི་ དངས་ལུགས་པའི་ཁ་མིག་འདི་ རྐྱངམ་གཅིག་རང་ཨིན་པས་ཟེར་ཞུ་གེ་ལགས།
- དཔོན་ཆེ་ལ་ Penchenཏེ་ ཨ་ནཱི་ཁ་མིག་དང་ཤལཝ་འདི་ཚུ་ ཤིང་རྒྱུ་ག་ཅི་གི་བཟོཝ་སྨོ?
- རྣམ་རྒྱལ་རྡོ་རྗེ་ Namgay Dorjiསྦྱིས་ཤིང་གི་བཟོ་དགོ་ལགས་ སྦྱིས་ཤིང་དང་གུམ་ འ་ནཱི་གཉིས་བརྒལ་བ་བཟོ་མི་བཏུབ་ལགས་ གཞན་གྱི་བཟོ་མི་བཏུབ་ལགས་ ཏེ་ གཞན་གྱི་བཟོ་བ་ཅིན་ ཚེ་ཡང་མེད་ ཏེ་ གླང་སྤརཝ་ཅིག་ ཏེ་ བཅག་བཀོ་ད་ལགས་ ཏེ་ སྦྱིས་ཤིང་དང་གུམ་འདི་ སང་ཕོད་དགོ་ནི་འབད་བ་ཅིན་ དུས་ཅི་འ་ནེམ་ཅིག་ལས་ སྤོག་དཔྱང་བཞག་དགོ་ལགས་ སྐམ་དགོ་ལགས་ མ་སྐམ་པ་ཅིན་འགྱུར་ཡར་མྱོང་འོང་ གཡོ་ཆི་ ཏེ་ འ་ནཱི་འབད་ནི་འདི་གིས་ ཁ་མིག་འདི་ཡང་ སྤོག་སྟེ་གི་འབད་ ཟླཝ་གཉིས་དེ་ཅིག་ཆུ་ནང་བཙུགས་བཞག་དགོ་ལགས།
- རྣམ་རྒྱལ་རྡོ་རྗེ་ Namgay Dorjiཏེ་ གག་མི་འགྱོ་ལགས་ དེ་ལསནི་ བཟོ་ཚརཝ་ཅིག་ མེ་བཏང་དགོ་ལགས་ མེ་བཏང་སྦེ་ དེ་ལསནི་ཏེ་ སྤུས་ཙ་སྦེ་ ད་ དེ་ལསནི་ སྤུས་ཙ་སྦེ་སྡོད་འོང་ལགས་ ཡུདཔ་ཅིག་ ཧ་ལམ་ཅིག་སྤོག་མི་འགྱོ་ ཏེ་འ་ནཱི་ འ་ནཱི་སྦེ་བཟོ་དགོ་ཟེར་ཞུ་ནི་ལགས་ ཤལཝ་འབད་རུང་དྲག་ ག་ཅི་འབད་རུང་ སྦྱིས་ཤིང་དང་གུམ་གྱི་རང་བཟོ་དགོ་ལགས་ གཞན་གྱི་བཟོ་མི་བཏུབ།