29 May 2019
12 min 30 sec
Video Overview
Creators:
Tsering Gyel, Tibetan and Himalayan Library
A simple meal found in nomadic areas.
རི་མགོར་སྟབས་བདེ་ངང་བཟོ་བའི་ཟ་མ་ཞིག
གྲོད་བསྲེགས་ནི་འབྲོག་ཕྱོགས་ས་ཁུལ་གྱི་སྟབས་བདེའི་ཟས་རིགས་གཙོ་གྲས་ཤིག་ཡིན། རི་མགོ་རུ་ཟས་སྣོད་ཀྱི་རིགས་ཅི་ཡང་མེད་པའི་སྐབས་སུ་བཀོད་སྤྱོད་བྱེད་དགོས།
野外的方便快餐。
烤毛肚是牧区最为流行的一种快餐,适合在没有餐具的野外食用。
- བཤད་མཁན་དང་པོ།གྲོད་སྲེག་ཟེར་བ་ནི་བོད་དམངས་ཁྲོད་ནས་དར་ནས་ཡོང་བའི་
- ཟ་མ་ཟ་བའི་རྣམ་པ་ཞིག་རེད།
- འདི་ཡིན་ན་སྤྱིར།
- སྔོན་ཆད་རི་མགོ་ལུང་པའམ་ཡང་ན་ཇག་པ།
- འདི་ལྟ་བུ་ལ་སྣོད་དང་ཡང་ན་ཟ་མ་གཡོ་སྐོལ་བྱེད་སྤྱད་ཀྱི་ཅ་ལག་མེད་པའི་སྐབས་སུ།
- རི་མགོ་ནས་དར་ནས་ཡོང་བའི་ཟ་མའི་རིགས་ཤིག་རེད།
- འདི་སྤྱིར་བཏང་དུ།
- ཆུ་ནང་གི་རྡོ་བཞི་ནས་ལྔ་བར།
- མེ་ཐོག་ནས་ངར་རྗེས།
- ངར་བའི་རྗེས་ནས།
- གྲོད་པུ་སྟེ་ལུག་གི་གྲོད་པུ་ཡི་ནང་དུ།
- རང་གིས་ཟ་འདོད་པའི་ཤ
- རང་གིས་ཅི་འདྲ་ཞིག་ཟ་དགོས་པ་བཞག་རྗེར།
- དེའི་ནང་དུ་རྡོ་དེ་དག་ངར་བར་བྱས་ཏེ་ནང་དུ་འཕངས་ན།
- རང་ཤུགས་ཀྱིས་ཚོས་འགྲོ་བའི་རྣམ་པ་དེ་འདྲ་ཞིག་རེད།
- ད་བར་འདི་ཟ་ཁང་དང་ཇ་ཁང་ལ་སོགས་པར་དར་ཁྱབ་ཧ་ཅང་ཆེ།
- སྔོན་ཆད་རུ་སྤོར་དུས་དང་།
- ཡང་ན་རི་མགོའི་ལུག་རྫི་ལ་སོགས་པས་ཟ་བའི་ཟ་མ་ཞིག་རེད།
- དེ་ན་ང་ཚོས་གཤམ་ནས་རྡོ་སྲེག་རྒྱག་པའི་བརྒྱུད་རིམ་ཁ་ཚང་རེ་རེ་བཞིན་བལྟ།
- བཤད་མཁན་གཉིས་པ།ད་རེད།
- ད་དུང་གཅིག་འཕང་ན་ཆོག་པ་འདྲ།
- ཅུང་ཙམ་ལ་གདུ་རུ་བཅུག
- ད་དུང་ངར་མེད་ཀི།