Skip to main content Skip to search
25 Jan 2016
30 min 50 sec
Video Overview
Creators: 
Yeshi Wangchuk, Dorji Nima

Dolma and her friends from Marangdued village in Zhemgang District prepare a local dish with wild seeds known as yangkali. To prepare such a dish involves a long process without which the seeds would be poisonous. First, the yangkali seeds are roasted in a pan to weaken their husks. Then they are crushed one by one using a stone, separating away their husks. The seeds are put in a pot of water that is brought to a boil, rendering them soft enough to be cut into slices. Then again, the sliced seeds are boiled in water. This process is repeated at least nine times. In each time, the water is strained in order to eliminate the poisonous content of the seed. As the poison is cleared away, the seeds are also being cooked. There should be no bitter taste left in order to make sure the poisonous content is fully removed. In this video, the boiling process is repeated more than ten times. After that, the thoroughly cooked seeds are washed with cold water, and fried with chili to make a delicious dish. This is an example of this particular community’s local knowledge that indicates how people in the area self-sufficiently survived in past times relying on wild resources.

གཞལམ་སྒང་རྫོང་ཁག་ མ་རངས་་འདུད་་ཀྱི་ མི་སེར་ལ་ལུ་ཅིག་གིས་ ཁོང་རའི་ཁ་ལས་ ཡངས་ཀ་ལི་ཟེར་མི་གི་ ནང་འཁོད་ཀྱི་ ལྟོ་་འབད་དེ་ བཟའ་དོ་ཡོདཔ་ད་ ལྟོ་འབད་ཚུགས་ཚུགས་ཀྱི་ནང་འཁོད་ལུ་ དུས་ཡུན་རིངམ་འགོར་དོ་ཡོདཔ་མས།  འདི་ཡང་ ནང་རྫས་འདི་ ནཱེ་སྦེ་ར་ བཟའ་བ་ཅིན་ དུག་འབད་ནི་འདི་གིས་ ཏེ་དང་པ་ར་ ཡངས་ཀ་ལི་གི་ ནང་རྫས་བཏོན་ནི་ཐབས་ལུ་ ཕྱི་ཁའི་པགས་ཀོ་ ས་ཀྲག་ཀྲ་འདི་་ བཀག་ནི་ འཇམ་ཏོང་ཏོ་བཟོ་ནིའི་དོན་ལུ་ ལྷ་ང་ནང་བརྔོ་དགོཔ་་ཨིན་པས། དེ་ལས་ རྡོ་གི་སྦེ་ པགས་ཀོ་རེ་རེ་སྦེ་ བཀྲུམས་ཞིནམ་མི་ཚུ་ འདི་ལས་ཆུ་ནང་བླུགས་ཏེ་ འཇམ་ཏོང་ཏོ་མ་འགྱོ་ཚུན་ཚོད་ བཙོ་ཞིནམ་ལས་ དེ་ལས་ སྒོར་སྦེ་ལྷོག་ ཆུ་ནང་ ལེགས་ཤོམ་སྦེ་ བཙོ་ཞིནམ་ལས་ དེ་ལས་ ཕྱི་ཁའི་པགས་ཀོ་དང་ ནང་རྫས་འདི་ སོ་སོར་སྦེ་ ཕྱི་བསལ་རྐྱབ་སྟེ་  ནང་རྫས་འདི་བཏོག་སྟེ་ དུག་བཏོན་བཀོ་ནིའི་དོན་ལུ་ ཆུ་ནང་བླུགས་ དཀྲུགས་ཅི་ར་ལེགས་ཤོམ་སྦེ་ བཙོ་ཚར་ཞིནམ་ལས་ ད་རུང་ བཙོ་དགོཔ་མས། ནང་རྫས་ཀྱི་དུག་ ཐོན་ནིའི་དོན་ལུ་ བྲོཝ་ཁག་དྲགས་འདི་ ཐོན་མ་ཚར་ཚུན་ཚོད་ བཙོ་དགོ་དོ་ཡོདཔ་ད་ ཁོང་གིས་ ཚར་བཅུ་ཐམ་ལས་ལྷག་སྦེ་ བཙོ་ཞིནམ་ལས་ ལེགས་ཤོམ་སྦེ་ བཙོ་བཙོཝ་འདི་ ཆུ་འཁོལམ་གྱིས་འཁྱུ་ཞིནམ་ལས་ ཨེ་མ་དང་ གཞན་ཡང་ རྫས་སྦྱོར་ཞིམ་ཏོང་ཏོ་ཚུ་དང་ སླ་བསྲེ་སྟེ་ བརྔོ་དགོཔ་ཨིན་པས། འདི་ཏེ་དང་ཕུགས་ ཁོང་རའི་ གཡུས་ཁའི་ཕམ་ཚུ་གིས་ ཁོང་རའི་ འབད་ཤེསཔ་ཅིག་ ལག་ལེན་འཐབ་སྟེ་ རི་ཁའི་ཐོན་སྐྱེད་ཚུ་གིས་སྦེ་ འཚོ་བ་སྐྱོང་ཐབས་ཐབས་་ཨིན་པས།  

Transcript search
No results found for this search
0 of 0
  • སྒྲོལ་མ་ Dolma
    ད་འཁོལ་ནུག་ ཁྱོད་ར་ཨ་ཕཱི་བཀལ་ད།
    Now it is boiled. You can put that one.
  • སྒྲོལ་མ་ Dolma
    ཏུན་མུ་ལུང(ཆུ་རིལ་རྡོ)།
    Shingle or Pebble.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་
    Researcher Yeshi Wangchuk: ayf ཏུན་མུ་ལུང(ཆུ་རིལ་རྡོ་ལོ) འདི་ལུ་ ག་ཅི་ལོ? For Shingle what you mean?
  • སྒྲོལ་མ་ Dolma
    ཏུན་མུ་ལུང་(ཆུ་རིལ་རྡོ)།
    Shingle.
  • དཀོན་མཆོག་ལྷ་མོ་ Kencho Lhamo
    རྡོ་གི་ར་བརྡུང་དགོ་ལགས།
    It has to beat it by stone only.
  • དཀོན་མཆོག་ལྷ་མོ་ Kencho Lhamo
    རྡོ་ཨ་ནཱེ་རེ་འབད་མི་ལུ་ ཏུན་མུ་ལུང་ཟེར་ སླབ་འོང་སྦ།
    The stone doing like this is called as Shingle.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    འེང་་་།
    Ok....
  • དཀོན་མཆོག་ལྷ་མོ་ Kencho Lhamo
    འ་ནཱི་གིས་བརྡུང་དགོ། གཞན་འབད་བ་ཅིན་ མི་བཞི་དང་ལྔ་དེ་ཅིག་འདི་དགོ་ལགས།
    Have to beat by this. Other wise we will need four to five people.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་
    Researcher Yeshi Wangchuk: བཞི་དེ་ཅིག་དགོ་ཡ་ལགས? Need four people?
  • དཀོན་མཆོག་ལྷ་མོ་ Kencho Lhamo
    དགོ་ལགས།
    Yes, we need.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    པ་པ།
    Pa pa.
  • དཀོན་མཆོག་ལྷ་མོ་ Kencho Lhamo
    ག་ཅི་འབད་ཟེར་བ་ཅིན། ཨ་ནཱི་ཚར་གཅིག་གུ་འཚོཔ་ད་ བརྡུང་མི་ལོགས་སུ་སྦེ་ར་དགོ་ལགས།
    It is because while it was cooked we need to beat it at once.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    འེང་་་།
    Ok....
  • དཀོན་མཆོག་ལྷ་མོ་ Kencho Lhamo
    ཡ་ཁྱོད་རའི་འདི་ འཚོ་སོང་ཡི་སྨ་རས་ཡ།
    Ya now your's is cooked.
  • དཀོན་མཆོག་ལྷ་མོ་ Kencho Lhamo
    མགྱོགས་པར་འབད་དགོ་ཏེ། ཡ་ཁྱོད་ལུ་ཡ།
    We have to do it very fast. Ya its for you.
  • སྒྲོལ་མ་ Dolma
    ལེགས་ཤོམ་སྦེ་བཏོན་ཡི་ག་པགས་ཀོ?
    Did you remove cover very nicely?
  • དཀོན་མཆོག་ལྷ་མོ་ Kencho Lhamo
    ཨ་ནཱེ་སྦེ་འབད་བའི་སྐབས་ མིག་ཏོ་གས་ནིའི་ཉེན་ཁ་ཡང་ཡོད།
    While doing like that it might be very dangerous for our eyes.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    འེང་ ཨིན་ན་ལགས?
    Ok...is it?
  • དཀོན་མཆོག་ལྷ་མོ་ Kencho Lhamo
    ཨིན་ལགས།
    Yes.
  • དཀོན་མཆོག་ལྷ་མོ་ Kencho Lhamo
    བརྡུང་དགོ་ཤ་ར་ར་སྦེ།
    We have to beat it quickly.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    དབའེ།
    Wai.....
  • དཀོན་མཆོག་ལྷ་མོ་ Kencho Lhamo
    ཡ་འོང་ཡི་མས།
    Ya now came.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ད་འབདན།
    Now.
  • དཀོན་མཆོག་ལྷ་མོ་ Kencho Lhamo
    ཨཱ་་་།
    What......
  • དཀོན་མཆོག་ལྷ་མོ་ Kencho Lhamo
    ཤོག་ཤོག་གཉིས་ཤོག
    Come come two can come.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ཨ་པ་ནཱ་བྱོན་ཤིག་ ཆ་རོགས་འབད་གནང་། བརྡུང་མི་གཉིས་དགོ་ནི་མས།
    Father you can come here to help me. Want two for beating.
  • དཀོན་མཆོག་ལྷ་མོ་ Kencho Lhamo
    གཉིས་དགོ་ནི་མས།
    Want two.
  • སྒྲོལ་མ་ Dolma
    ཨ་ཡར་འགྱོ་ནི་མས།
    Go there.
  • དཀོན་མཆོག་ལྷ་མོ་ Kencho Lhamo
    ཚབ་ཚབ་ ཚབ་ཚབ།
    Quickly quickly.
  • དཀོན་མཆོག་ལྷ་མོ་ Kencho Lhamo
    ཕམ་གྱིས་འབད་མི་འདི་ དེ་སྦེ་ཨིན་མས་ལགས།
    Parents used to do like that.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་
    Researcher Yeshi Wangchuk: ཕ་མའི་ལུགས་སྲོལ། It was custom of parents.
  • དཀོན་མཆོག་ལྷ་མོ་ Kencho Lhamo
    ཕ་མའི་ལུགས་སྲོལ་ ཡ་ཡ།
    Parent's custom...ok ok.
  • བསྟན་པ་ Tenpa
    ག་ར་ནཱ་བླུགས་ཤིག་ ད་ཨ་ཕཱི་་བླུགས་ཤིག།
    Pour all. Now you can pour that one.
  • དཀོན་མཆོག་ལྷ་མོ་ Kencho Lhamo
    ཏེ་ཁྱོད་གཉིས་ཀྱིས་ བརྡུང་མི་ཚར་བས་མེན་ན?
    So, two of you cannot complete beating no?
  • དཀོན་མཆོག་ལྷ་མོ་ Kencho Lhamo
    ཡ་ཨ་ནཱི་ ཨ་ཙི་ཅིག་བཏོག་ད།
    You can cut it little bit.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ག་ཅི་སླབ་སྨོ་ ཚར་རེ་རེ་བླུགསཔ་ད་ ག་ཅི་སླབ་སྨོ? འདི་ལུ་དབང་ཟེར་ སླབ་ཨིན་ན?
    What you are saying while we pouring once? For that you call it as Wang?
  • དཀོན་མཆོག་ལྷ་མོ་ Kencho Lhamo
    ཨ་ནཱི།
    This.
  • བསྟན་པ་
    Tenpa:
  • དཀོན་མཆོག་ལྷ་མོ་
    Kencho Lhamo:
  • སྒྲོལ་མ་ Dolma
    དབང་རེ་རེ་སླབ་འོང་།
    We used to call wang.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    འེང་་་ ཡ་ཡ།
    Ok....Ya ya.
  • དཀོན་མཆོག་ལྷ་མོ་ Kencho Lhamo
    དབང་རེ་རེ། ད་རུང་གཅིག་ཡོད་ དབང་གསུམ་ཡོད།
    Wang rey rey. Again there is one three wangs.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་
    Researcher Yeshi Wangchuk: དབང་གསུམ་ཡ་ལགས? འེང་་་། Three wangs? Ok...
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    དང་ཕུ་ལས་ར་ ལྷ་ང་ནང་སྦེ་ བརྔོཝ་ཨིན་ན?
    In olden days itself we used to raw it in frying pan.
  • དཀོན་མཆོག་ལྷ་མོ་ Kencho Lhamo
    དང་ཕུ་ལས་ དེ་སྦེ་ར་ཨིན་ལགས།
    In olden days itself it was like that.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ལྷ་ང་ནང་སྦེ་ཡ?
    In the frying pan?
  • སྒྲོལ་མ་ Dolma
    ས་ཁར་སྦེ་ མེ་ཡང་བཏང་འོང་།
    Even on the ground we used to row it.
  • དཀོན་མཆོག་ལྷ་མོ་ Kencho Lhamo
    གཞན་འདི་དྲོ་པ་ཧ་སག་ར་འབད་དགོ་ལགས།
    It should be done in early morning.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ལགས་སོ།
    Ok...
  • དཀོན་མཆོག་ལྷ་མོ་ Kencho Lhamo
    དྲོ་པའི་ཆུ་ཚོད་ ༦ ལས་ འགོ་བཙུགས་མི་དེ་གིས་ ཕྱི་རུ་རྐྱངམ་ཅིག་ཐོབ་ལགས།
    This will complete in the evening if we start it at 6:00 am.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ལགས་སོ།
    Ok...
  • དཀོན་མཆོག་ལྷ་མོ་ Kencho Lhamo
    ཕྱི་རུ་ལྟོ་གི་ཚབ་སྦེ།
    In the subsitution of dinner.
  • སྒྲོལ་མ་ Dolma
    ལྟོཝ་བཀྱེས་ཏེ་ བཟའཝ་ཨིན། ད་རེས་ནངས་པ་འབད་བ་ཅིན་ ལྟོཝ་ཡང་མི་བཀྱེས་པས་མེན་ན་ བཟའ་ཡང་མི་བཟའ་བས།
    Because of hungry we eat it. At present we are not hungry as well as we donnot eat it.
  • དཀོན་མཆོག་ལྷ་མོ་ Kencho Lhamo
    ཁྱོད་ག་ཏེ་སོང་སྦེ་ སྡོད་སྡོདཔ་ཨིན་ན་མ་ཤེས།
    I don't know where you went and where you stayed.
  • རྡོ་རྗེ་ལྷ་མོ་
    Dorji Lhamo: Laughs
  • སྒྲོལ་མ་ Dolma
    དབང་གཅིག་(ཚར་གཅིག་)རྫོགས་སོང་ཡི་ཏེ།
    It was completed once.
  • རྡོ་རྗེ་ལྷ་མོ་ Dorji Lhamo
    འཚོ་དོ་མས་སྨོ་ ཡུདཔ་ཐེངས་གཅིག་ནང་ར?
    Within no time it is cooked right?
  • རྡོ་རྗེ་ལྷ་མོ་ Dorji Lhamo
    གོ་ཐལ་ཨིན་ན?
    Is it ash?
  • བསྟན་པ་ Tenpa
    ཨིན་གོ་ཐལ།
    Yes, it is ash.
  • སྒྲོལ་མ་ Dolma
    བཏུབ་པས་མེན་ན?
    It is ok no?
  • བསྟན་པ་ Tenpa
    བཏུབ་བཏུབ།
    Ok ok.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ག་ཅི་སྨོ་ ཨ་ནཱི་གོ་ཐལ་བླུགས་བླུགསཔ་ཨིན་ན?
    What was that, was that you put ash?
  • བསྟན་པ་ Tenpa
    ཨ་ནཱི་ གོ་ཐལ་ཨིན་་ལགས།
    Yes, this is ash.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    གོ་ཐལ་ཡ་ལགས?
    Ash?
  • བསྟན་པ་ Tenpa
    འ་ནཱི་འདིལྟ་མ་འཚོ་འོང།
    This will be cooked later.
  • རྡོ་རྗེ་ལྷ་མོ་ Dorji Lhamo
    འཚོ་ནི་འདི་འཚོཔ་མས་སྨོ་ ཡུདཔ་ཐེངས་གཅིག་ན་ར་སྨོ?
    Within no time it gets cooked right?
  • དཀོན་མཆོག་ལྷ་མོ་ Kencho Lhamo
    ཡ་ཏེ།
    Yes.
  • དཀོན་མཆོག་ལྷ་མོ་ Kencho Lhamo
    ཡ་རྫོགས་སོང་ཡི་མས།
    Now completed.
  • ཡེ་ཤེས་རྣམ་རྒྱལ་ Yeshi Namgyal
    ཚར་གཅིག་བཙོ་དགོ་ཏེ་ བཙོ་ཞིནམ་ལས་བཏོག་དགོ་ཏེ།
    Have to boil it once so, after boiling then we have to cut it.
  • ཡེ་ཤེས་རྣམ་རྒྱལ་ Yeshi Namgyal
    པགས་ཀོ་ཤུབས་བཏང་མས། པགས་ཀོ་ཚུ་མ་བླུགས་མས་ཏེ་ སྦྱར་འོང་སྦ་ཏེ་ཡར་ད་རུང་།
    Remove the cover. Don't put covers so, it will stick again there.
  • དཀོན་མཆོག་ལྷ་མོ་ Kencho Lhamo
    པགས་ཀོ་འདི་ལྟ་མ་ད་རུང་ཤུབས་དགོ།
    Again we have to remove covers.
  • ཡེ་ཤེས་རྣམ་རྒྱལ་ Yeshi Namgyal
    ག་ཏེ་ལས་ཐོབ་ཅི་འདི?
    From where did you get this?
  • སྒྲོལ་མ་ Dolma
    འཚོལ་བར་འགྱོ་ཡི་ཏེ་ཁ་ཙ།
    Yesterday I went insearch of it.
  • ཡེ་ཤེས་རྣམ་རྒྱལ་ Yeshi Namgyal
    པགས་ཀོ་བཤུབ་བཏང་པགས་ཀོ།
    Remove the cover.
  • རྡོ་རྗེ་ལྷ་མོ་ Dorji Lhamo
    ག་གིས་བཤུབ་ནི་ཨ་པ?
    Who is going to remove it father?
  • བསྟན་པ་ Tenpa
    པགས་ཀོ་བཤུབ་དགོ་ལྟ་མ།
    Later have to remove covers.
  • རྡོ་རྗེ་ལྷ་མོ་ Dorji Lhamo
    ཚར་དོ་ བཤུབ་ཚར་དོ།
    Completing to remove cover.
  • རྡོ་རྗེ་ལྷ་མོ་ Dorji Lhamo
    ཨ་ཁ་གོ་ཐལ་གྱི་ ནག་དུར་དུར་མཐོང་མས།
    Akha...That ash looks dark.
  • དཀོན་མཆོག་ལྷ་མོ་ Kencho Lhamo
    ཁྱོད་གཉིས་ཀྱིས་ གོ་ཐལ་མངམ་འདྲས།
    Two of you put more ash.
  • བསྟན་པ་ Tenpa
    མ་པ་ནག་དུར་དུར་འབད་རུང་ ད་རུང་ ལྟ་མ་གོ་ཐལ་ལོག་བླུགས་མི་དགོ།
    Even though if it is dark also later we neednot have to add ash again.
  • ཡེ་ཤེས་རྣམ་རྒྱལ་ Yeshi Namgyal
    ཚར་གཅིག་ལེགས་ཤོམ་སྦེ་ བཙོ་བཅུག་ཤིག།
    Once you can boil it nicely.
  • ཡེ་ཤེས་རྣམ་རྒྱལ་ Yeshi Namgyal
    ཨ་ནཱི་ དྲོ་པ་ལས་འགོ་བཙུགསཔ་ད་ ཕྱི་རུ་རྐྱངམ་ཅིག་བཟའ་ནི་ཐོབ་ཨིན།
    That one will be ready towards evening only if we start it early morning.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་
    Researcher Yeshi Wangchuk: ད་འཁོལ་བཅུག་དགོཔ་ཨིན་པས་སྨོ་ལགས? Now we have to allow it to boil?
  • སྒྲོལ་མ་ Dolma
    འཁོལ་བཅུག་དགོ་ལགས།
    Yes, have to boil it.
  • དཀོན་མཆོག་ལྷ་མོ་ Kencho Lhamo
    འཁོལ་བཅུག་དགོ་ལགས། ཨ་ཙི་ཅིག་འཚོ་དགོ་ལགས། དེ་ལས་རྐྱངམ་ཅིག་ པགས་ཀོ་བཤུབ་དགོ།
    Yes have to boil it. Have to cook little bit. Then only we can remove cover.
  • རྡོ་རྗེ་ལྷ་མོ་ Dorji Lhamo
    མ་འཚོཔ་འོང་ ཨ་ཙི་ཆུ་ཚོད་གཉིས་དེ་ཅིག་འདི་བཙོ་དགོ།
    It may not be cooked we have to boil it for two hours.
  • ཡེ་ཤེས་རྣམ་རྒྱལ་ Yeshi Namgyal
    གཟར་རུ་གིས་ དབོག་ད་གཟར་རུ་གིས།
    You can scoop it by ladle.
  • དཀོན་མཆོག་ལྷ་མོ་ Kencho Lhamo
    འ་ནཱི་བཟུམ་སྦེ་འགྱོ་དགོ་ལགས། འཚོ་ག་མ་འཚོ་ འ་ནཱེ་སྦེ་ལྟ་དགོ་ལགས།
    It should be like this. We have to look like this whether it is cooked or not.
  • དཀོན་མཆོག་ལྷ་མོ་ Kencho Lhamo
    ཡ་མེ་མེ་ཡ།
    Ya grand father.
  • ཡེ་ཤེས་རྣམ་རྒྱལ་ Yeshi Namgyal
    འ་འཚོ་སོང་ནུག་ འཚོ་སོང་ནུག།
    Oh! it is cooked.
  • རྡོ་རྗེ་ལྷ་མོ་ Dorji Lhamo
    ཨ་ཙི་སྡོད་ཤིག། པགས་ཀོ་བཤུབ་མི་བཏུབ་པས་པགས་ཀོ།
    Wait for a while. Not working to remove cover.
  • དཀོན་མཆོག་ལྷ་མོ་ Kencho Lhamo
    ཨ་ཙི་ཅིག་འཚོ་བཅུག།
    Cook little bit.
  • བསྟན་པ་ Tenpa
    ཁབ་ཏོ་བཅད་ད།
    Cover the lid.
  • དཀོན་མཆོག་ལྷ་མོ་ Kencho Lhamo
    ཨ་ཙི་ཅིག་བཙོ་དགོ་པས། ཨ་ཙི་ཅིག
    Boil for little bit. Little bit.
  • རྡོ་རྗེ་ལྷ་མོ་ Dorji Lhamo
    དུས་ཚོད་ཨ་ཙི་ཅིག་ མ་རན་པས།
    Its not time.
  • ཡེ་ཤེས་རྣམ་རྒྱལ་ Yeshi Namgyal
    ལྟ་ཤིག་འཚོ་ནུག་ ལྟ་ཤིག།
    See it is cooked or not.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    འཚོ་ག་མ་འཚོ་ ག་དེ་སྦེ་ཤེསཔ་སྨོ?
    How we will know whether it is cooked or not?
  • རྡོ་རྗེ་ལྷ་མོ་ Dorji Lhamo
    ཁོ་ར་གིས་ པགས་ཀོ་བཤུབ་འགྱོཝ་མས་མེན་ན།
    It removes cover by itself.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    འེང་པགས།
    Ok.. cover.
  • དཀོན་མཆོག་ལྷ་མོ་ Kencho Lhamo
    པགས་ཀོ་བཤུབ་འགྱོཝ་ད་འཇམ་སྦ་ལྟ་མ།
    Later it will be easy if it removes its cover.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་
    Researcher Yeshi Wangchuk: འེང་པགས་ཀོ་འདི་བཏོན། Ok...remove the cover.
  • དཀོན་མཆོག་ལྷ་མོ་ Kencho Lhamo
    འ་ནཱི་མ་དགོཔ་ཚུ་ བཀོ་དགོ་ལགས། པགས་ཀོ་བཀོ་དགོ།
    Unwanted things should be thrown. Throw the cover.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་
    Researcher Yeshi Wangchuk: པགས་ཀོ་བཤུབ་འགྱོ་ནི་གི་ཡ? To remove cover?
  • དཀོན་མཆོག་ལྷ་མོ་ Kencho Lhamo
    ཨིན། འ་ནཱི་བཟུམ་ཚུ་ལྟ་ཤིག་ འ་ནཱི་བཟུམ་ཚུ་ བཀོ་དགོ་ལགས།
    Yes. Look for this, it should be thrown.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་
    Researcher Yeshi Wangchuk: ཨ་ནཱི་པགས་ཀོ་འདི་ཚུ་ཡ? This cover?
  • དཀོན་མཆོག་ལྷ་མོ་ Kencho Lhamo
    ཨིན། ཨ་ནཱི་འདི་ཚུ་ མི་བཟའ་ལགས།
    Yes. We are not going to eat this.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    འེང་་་།
    Ok....
  • དཀོན་མཆོག་ལྷ་མོ་ Kencho Lhamo
    འ་ནཱི་ ནང་རྫས་ཚུ་ བཟའ་དགོ་ལགས། འ་ནཱི་ཚུ་བཀོ་ནི་ལགས།
    We have to eat inner ones. We have to throw this.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ལགས་སོ།
    Ok...
  • དཀོན་མཆོག་ལྷ་མོ་ Kencho Lhamo
    ཨ་ནཱི་བཀོ་ནི་ཨིན།
    Throw these things.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ཡ་ཡ།
    Ok ok...
  • དཀོན་མཆོག་ལྷ་མོ་ Kencho Lhamo
    འཚོ་སོང་ནུག། འཚོ་སོང་ནུག། ཁྱོད་གཉིས་ལྟ་བ་ཤོག། ཨ་ནཱི་བཟུམ་གྱིས་ ཨ་ནཱེམ་ཅིག་རྐྱངམ་ཅིག་ འཚོ་བཏུབ་ལྟ་ཤིག
    This type will be cooked this much only see.
  • རྡོ་རྗེ་ལྷ་མོ་ Dorji Lhamo
    དཔའ་རྟགས་ལེན་པར་འགྱོ་གེ་མས།
    Have to go to bring knife.
  • དཀོན་མཆོག་ལྷ་མོ་ Kencho Lhamo
    དཔའ་རྟགས་འབག་ཤོག།
    Bring knife.
  • དཀོན་མཆོག་ལྷ་མོ་ Kencho Lhamo
    ཨ་རྒས་དཔའ་རྟགས་འབག་ཤོག་དཔའ་རྟགས།
    Grand father bring knife.
  • ཡེ་ཤེས་རྣམ་རྒྱལ་ Yeshi Namgyal
    འ་ནཱེ་སྦེ་འོང་་་།
    Will be like that.
  • རྡོ་རྗེ་ལྷ་མོ་ Dorji Lhamo
    ཨ་ཁ།
    Akha.
  • ཡེ་ཤེས་རྣམ་རྒྱལ་ Yeshi Namgyal
    འ་ནཱེ་སྦེ་ལེགས་ཤོམ་མེན་ག?
    Is not good like that?
  • ཡེ་ཤེས་རྣམ་རྒྱལ་ Yeshi Namgyal
    འ་ནཱེ་སྦེ།
    Like that.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་
    Researcher Yeshi Wangchuk: འདི་ཚ་ཏོམ་སྦེ་ཡོདཔ་ད་ར་ མགྱོགས་པ་པགས་ཀོ་བཤུབ་དགོཔ་ཨིན་ན? We have to remove cover while it is hot itself?
  • རྡོ་རྗེ་ལྷ་མོ་ Dorji Lhamo
    ཚ་ཏོམ་སྦེ་སྡོདཔ་ད་ར་ པགས་ཀོ་མ་བཤུབ་པ་ཅིན་ ཁོདམ་འགྱོཝ་ད་ མི་བཏུབ་པས་མེན་ན།
    If we don't remove while it was hot and later it will not work after getting cool.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་
    Researcher Yeshi Wangchuk: ཁོདམ་འགྱོཝ་ད་མི་བཏུབ་པས་ཡ་ལགས? It will not work after getting cold?
  • རྡོ་རྗེ་ལྷ་མོ་ Dorji Lhamo
    ཨིན།
    Yes.
  • ཡེ་ཤེས་རྣམ་རྒྱལ་ Yeshi Namgyal
    ལགཔ་ཚ་ཡི་མས།
    My hand pains.
  • རྡོ་རྗེ་ལྷ་མོ་ Dorji Lhamo
    ཡ་་་laughs
    Ya...
  • དཀོན་མཆོག་ལྷ་མོ་ Kencho Lhamo
    ག་ཏེ་འགྱོཝ་སྨོ?
    Where are you going?
  • ཡེ་ཤེས་རྣམ་རྒྱལ་ Yeshi Namgyal
    ལགཔ་པགས་ཀོ་ཡང་ བཤུབ་གྱོ་ནི་མས་སྨ་རས།
    It may remove skin of hand.
  • all laughs
  • ཡེ་ཤེས་རྣམ་རྒྱལ་ Yeshi Namgyal
    ཛའི་འབད་མི་ཚུགས་པས། ལེགས་ཤོམ་སྦེ་མ་འཚོཔ་མས།
    Zai....cannot do it. It was not cooked well.
  • སྒྲོལ་མ་ Dolma
    ངནི་ས་ཁར་སྡོད་དགོ་མནོ་ཡི། ག་གི་སྨོ་ཨ་རྒས་ཀྱི་ཨིན་ན? འ་ནཱེ་སྦེ་ ས་ཁར་སྡོད་སྦེ་བཏང་པ་ཅིན་ དྲག་ནི་མས།
    I feel like to sit. Is this belongs to grand father? It will be better if we do it by sitting.
  • ཡེ་ཤེས་རྣམ་རྒྱལ་ Yeshi Namgyal
    ད་ས་ཁར་ར་སྡོད་ཡི་མས།
    Now have sat.
  • སྒྲོལ་མ་ Dolma
    འབད་མ་ཚུགས་མི་འདི་ ཁྱོད་ཀྱིས་ ང་ལུ་ག་ཅི་སྦེ་ བསྐྱེལ་བཞག་ཡི།
    Why you brought it for me that cannot be done.
  • ཡེ་ཤེས་རྣམ་རྒྱལ་ Yeshi Namgyal
    འབད་མི་ཚུགས་པས་སི།
    Can't do it.
  • དཀོན་མཆོག་ལྷ་མོ་ Kencho Lhamo
    འབད་མི་ཚུགས་པས་ལོ?
    Can't do it?
  • ཡེ་ཤེས་རྣམ་རྒྱལ་ Yeshi Namgyal
    གྱི་ཅུང་གི་འབདཝ་ད་ཡ།
    With the help of knife.
  • སྒྲོལ་མ་ Dolma
    ང་གིས་འདི་འབད་ཚུགས་ག་ཏེ?
    Will I do it then?
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་
    Researcher Yeshi Wangchuk: ཡང་ཀ་ལི་བཟའཝ་ད་ གཏམ་འདྲཝ་ཡོད་ག་ལགས? ཡང་ཀ་ལི་གི་ གཏམ་ཡོད་ག་ལགས? While eating Kali is there any story? Is there any story about Yangkali?
  • དཀོན་མཆོག་ལྷ་མོ་ Kencho Lhamo
    ཡོད་ལགས།
    Yes, there is.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ག་དེ་སྦེ་སྨོ་ ག་གིས་མཁྱེན་ག?
    How was it? Who will know about it?
  • དཀོན་མཆོག་ལྷ་མོ་ Kencho Lhamo
    ཡང་ཀ་ལི་གཏམ་ཡ?
    Story about Yangkali?
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ཨིན་ལགས། ཨ་མ་གིས་ མཁྱེན་འོང་ག?
    Yes. Mother do you know?
  • དཀོན་མཆོག་ལྷ་མོ་ Kencho Lhamo
    ཡང་ཀ་ལི་གཏམ་ ཁོ་གིས་ ལྟོཝ་བཀྱེས་མ་བཅུག་ཟེར་ སླབ་ནི་ཨིན་ལོ་མེན་ན?
    Yangkali will say that will not allow to be hungry right?
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    འེང་་་ ཡང་ཀ་ལི་གིས?
    Ok...Will Yangkali?
  • དཀོན་མཆོག་ལྷ་མོ་ Kencho Lhamo
    ཨིན་ཡང་ཀ་ལི་གིས།
    Yes, Yangkali will.
  • སྒྲོལ་མ་ Dolma
    ལྟོཝ་བཀྱེས་བཅུག་ཤིག་ཟེར་སླབ།
    Say make hungry.
  • དཀོན་མཆོག་ལྷ་མོ་ Kencho Lhamo
    ལྟོཝ་བཀྱེས་བཅུག་ཤིག་ཟེར།
    Feel hungry.
  • སྒྲོལ་མ་ Dolma
    ཕ་ཐའི་ཨིན་ ལྟོཝ་བཀྱེས་མ་བཅུག་ཟེར་མི་འདི།
    It is Phatha, saying not to feel hungry.
  • དཀོན་མཆོག་ལྷ་མོ་ Kencho Lhamo
    ཕ་ཐའི་གིས་འབད་བ་ཅིན་ རྣམ་ཅོ་ཚཝ་མས་ང་འདི། ཨ་ནཱི་ མི་འདི་ཚུ་ ལྟོཝ་མ་བཀྱེས་རུང་བཏུབ་ནི་མས་ཟེར་ སླབ་འོང་ལོ།
    If it is Phatha I am hurting my ears. This will say that it will be ok if people donot feel hungry.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    འེང་་་།
    Ok...
  • དཀོན་མཆོག་ལྷ་མོ་ Kencho Lhamo
    རྣམ་ཅོ་ཚཝ་མས་ཟེར་ སླབ་འོང་ལོ་ ཕ་ཐའི་གིས་འབད་བ་ཅིན།
    Phatha may say his ear is hurting.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་
    Researcher Yeshi Wangchuk: ཕ་ཐའི་གིས་འབད་བ་ཅིན? Phatha will?
  • དཀོན་མཆོག་ལྷ་མོ་ Kencho Lhamo
    ཡང་ཀ་ལི་གིས་འབད་བ་ཅིན་ ལྟོཝ་བཀྱེས་བཅུག་ཤིག་ ངེའི་རོབ་འབྱེལ་འཐེནམ་ད་ ཅུ་ལུང་ཅུ་ལུང་འཐེནམ་ད་ སྤྲོ་བ་ཐོན་མས་ཟེར་ སླབ་འོང་ལོ་ལགས།
    Yangkali made to feel hungry, while my creeper is coming out like in a interesting way they will say like that.
  • དཀོན་མཆོག་ལྷ་མོ་ Kencho Lhamo
    མི་གིས་ འཐེན་མས་མེན་ན་ ང་བཅས་ར?
    our people used to drag no?
  • དཀོན་མཆོག་ལྷ་མོ་ Kencho Lhamo
    མི་གིས་འཐེནམ་ད་ དེ་བསྒང་ ཁོ་ཅུ་ལུང་ཅུ་ལུང་བཏང་སྤརཝ་ད་ སྤྲོ་བ་བྱུངམ་མས་ཟེར་ ལྟོཝ་བཀྱེས་བཅུག་ཤིག་ཟེར་སླབ་ཨིན་ལོ།
    While people drag that time he feels very interesting while shaking like chulung chulung and thats why he used to think that it will be ok if people feel hungry.
  • དཀོན་མཆོག་ལྷ་མོ་ Kencho Lhamo
    རྙིངམ་གིས་འདི་ མགྱོགས་པ་ར་དག་འོང་། གསརཔ་གིས་འབད་བ་ཅིན་ མགྱོགས་པ་མི་དག།
    Old will be cleaned faster. New one will not cleaned faster.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ད་ལྟོ་བཟའ་བ་ཅིན་ དུག་ནི་ཨིན་ན?
    If we eat right now will it be poison right?
  • དཀོན་མཆོག་ལྷ་མོ་ Kencho Lhamo
    དོན་ཧིང་ན་འོང་ལགས།
    You will get heart attract.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    དོན་ཧིན་ན་འོང་ཡ་ ད་ལྟོ་བཟའ་བ་ཅིན?
    Youn will get heart attract, if you eat right now?
  • དཀོན་མཆོག་ལྷ་མོ་ Kencho Lhamo
    དོན་ཧིང་ན་འོང་། ཨ་ནཱི་གིས་ ལྕེ་གཡའ་དོ་བཟུམ་སྦེ་འབད་འོང་ལགས།
    Will get heart attract. This one will itch tongue.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    འེང་་་།
    Ok....
  • དཀོན་མཆོག་ལྷ་མོ་ Kencho Lhamo
    མ་དག་པ་ཅིན།
    If it was not cleaned.
  • རྡོ་རྗེ་ལྷ་མོ་ Dorji Lhamo
    མ་དག་པ་ཅིན་ཟེར་སླབ།
    Tell if it was not cleaned.
  • དཀོན་མཆོག་ལྷ་མོ་ Kencho Lhamo
    མ་དག་པ་ཅིན།
    If it was not cleaned.
  • དཀར་འཛོམས་ Karzom
    མཁྱེན་ནོ་ མ་འཚོ་པས་མེན་ན?
    Oh god. It was not cooked no?
  • སྒྲོལ་མ་ Dolma
    མ་འཚོ་པས།
    Not cooked.
  • དཀར་འཛོམས་ Karzom
    ཨ?
    What?
  • སྒྲོལ་མ་ Dolma
    མ་འཚོ་པས།
    Not cooked.
  • དཀར་འཛོམས་ Karzom
    བཙོ་ཡི་ག་ཏེ?
    It was boiled so?
  • སྒྲོལ་མ་ Dolma
    གནམ་མེད་ས་མེད་ར་མ་བཙོ་ ཧ་ལམ་ཅིག་བཙོ་ཡི།
    Not boiled well but boiled for some time.
  • དཀར་འཛོམས་ Karzom
    ཨ?
    What?
  • སྒྲོལ་མ་ Dolma
    ཧ་ལམ་ཅིག་བཙོ་ཡི།
    Have boiled for certain time.
  • དཀར་འཛོམས་ Karzom
    མཁྱེན་ནོ། ཨེན་ཙེ་གུ་སྦེ་བཏོགཔ་དྲག་ ལྟ་མ་ལེགས་ཤོམ་མི་འགྱོ། སྲབ་ཤོག་ཤོ་སྦེ་ བཏོག་པ་ཅིན་དྲག།
    Thank god. Later it may not be good, its better to chop on chopping board. It will be better if you cut it thinner.
  • དཀར་འཛོམས་ Karzom
    ཚར་ཅིག་གོ་ཐལ་བླུགས་ཤིག། དེ་ལས་ལྟ་མ་མ་བླུགས། ད་ལྟོ་ ཚར་ཅིག་གོ་ཐལ་བླུག་སྦེ་ བཙོ་ད་ཚར་གཅིག་ ལེ་ཤ་མ་བླུག།
    Once you can put ash. Then put latter. Add little bit ash and boil it.
  • སྒྲོལ་མ་ Dolma
    གོ་ཐལ་ད་ཅི་ལས་བླུགས་ཅི།
    Have already put ash.
  • དཀར་འཛོམས་ Karzom
    ཨ? ཨ་ནཱི་འདི་མ་པ་ལས་འཚོ་དགོ་ཏེ།
    What? This one should be cooked.
  • ཏ་རིན་ Tarin
    ག་ཅི?
    What?
  • རྡོ་རྗེ་ལྷ་མོ་ Dorji Lhamo
    ཡང་ཀ་ལི།
    Yangkali.
  • དཀར་འཛོམས་ Karzom
    ཆུ་དབོག་ཅི་དབོག་ཅི་ར་བཀོ་ནི།
    Have to throw by scooping water.
  • རྡོ་རྗེ་ལྷ་མོ་ Dorji Lhamo
    ཁྱོད་ཀྱིས་ བཟའ་འོང་ག?
    Will you eat?
  • ཏ་རིན་ Tarin
    ང་གིས་འདི་ བཟའ་འོང་།
    Yes, I will eat.
  • རྡོ་རྗེ་ལྷ་མོ་
    Dorji Lhamo: laughs
  • ཏ་རིན་ Tarin
    མ་བཟའཝ་ག་ནི་ཡང་མེད།
    Nothing ois there that I don't take.
  • རྡོ་རྗེ་ལྷ་མོ་
    Dorji Lhamo: laughs
  • ཏ་རིན་ Tarin
    དང་ཕུ་ ང་བཅས་ཡང་ཀ་ལི་ བཟའ་སྡོད་སྡོདཔ་ཨིན་ཏེ།
    So, in olden days we stayed by eating Yangkali.
  • རྡོ་རྗེ་ལྷ་མོ་ Dorji Lhamo
    འེང་་་།
    Ok...
  • དཀར་འཛོམས་ Karzom
    དེ་བསྒང་ ཨའི་ང་བཅས་གཉིས་ ཐོག་སྲུང་སྡོད་པའི་བསྒང་ སྤག་ཤིང་ར་ཏོ་ཕྱེད་ཀ་ ཁུག་ཁུགཔ་ནང་སྦེ་བཙོ་འོང་།
    That time while my mother and me guiding field the root of the mature bamboo we used to boil in it.
  • དཀར་འཛོམས་ Karzom
    དེ་བསྒང་ ལྟོཝ་ཤུགས་སྦེ་བཀྱེསཔ་ད་ སྤག་ཤིང་ནང་ ཆུ་བླུགས་ཅི་བླུགས་ཅི་ ཆུ་འཁྱུཝ་ཨིན་མས།
    That time while we feel hungry we used to pour water in it and washed like that.
  • ཏ་རིན་ Tarin
    ག་ཅི་བཟུམ་ཅིག་ཡང་བཟའ་ཡི། སྒང་གི་ལྡིང་(ཁེངས་ཁ་ལས་ ཚལ་མ་ནང་གི་ ཟས་ཅིག་གི་མིང) ཚུ་ཡང་།
    Ate any type of it. Gangi ding it was called in Khengkha.
  • དཀར་འཛོམས་ Karzom
    ཨའུ་སྒང་གི་ལྡིང་ཚུ་འདི།
    Aow...Ding from the pass.
  • དཀར་འཛོམས་ Karzom
    ཆུ་འཁྱུ་དགོ་མས།
    Have to wash it.
  • རྡོ་རྗེ་ལྷ་མོ་ Dorji Lhamo
    ཁྱོད་གཉིས་ དང་ཕུའི་ ཟས་བལྟ་ནི་ཐོབ་ནི་དེ་གིས་ བསམ་པ་རྫོགས་ཅི་ག?
    Two you are satisfied that you could see eadibles that was there in olden days?
  • ཏ་རིན་ Tarin
    ཕ་ཐའི་འདི་ཚུ་ཡང་བཟའ་ཡི།
    Have eaten Phatha also.
  • དཀར་འཛོམས་ Karzom
    ཨ་ནཱི་ག་ཅི་སྦེ་ བཀོ་ཡི་དགོ?
    Why have you thrown this?
  • ཏ་རིན་ Tarin
    འདི་ག་ཅི་སྨོ?
    What is this?
  • དཀོན་མཆོག་ལྷ་མོ་ Kencho Lhamo
    ད་རུང་ བཙག་ནི་གི་དགོ།
    Again you want to filter.
  • རྡོ་རྗེ་ལྷ་མོ་ Dorji Lhamo
    ཡང་ཀ་ལི་བརྡུང་བརྡུངསམ།
    Beaten Yangkali.
  • ཏ་རིན་ Tarin
    ཨ་ནཱི་ཡ?
    This one?
  • རྡོ་རྗེ་ལྷ་མོ་ Dorji Lhamo
    ཨིན།
    Yes.
  • དཀར་འཛོམས་ Karzom
    (དུག) མགྱོགས་པ་དག་ནི་མེད་མས་ ཁྱོད་ར་ཚུ། This poison will not removed faster.
  • བསྟན་པ་ Tenpa
    ཁབ་ཏོ་བཅད་ད་བཅད་ད།
    Cover the lid.
  • དཀོན་མཆོག་ལྷ་མོ་ Kencho Lhamo
    ཨ་མ་ཕར་འབད་ཕར།
    Mother walk aside.
  • དཀར་འཛོམས་ Karzom
    ཡ།
    Ya.
  • དཀར་འཛོམས་ Karzom
    བཏུབ་ཆུ་བླུགས་ད། མར་ཕབ་ཞིནམ་ལས་ འ་ནཱི་གི་ ཚར་གཅིག་ ཆུ་འཁྱུ་སྦེ་ ལྟ་མ་བཙོཝ་ད། ཁམས་ལོག་སི་སི་ཚུ་སེལ་བཏང་འོང།
    Ok you can pour water. After taking away you can popur water once and later boil it.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ཚར་གཅིག་བརྩི་ནི་ ཨིན་པས་སྨོ་ད?
    Have to count once right?
  • དཀོན་མཆོག་ལྷ་མོ་ Kencho Lhamo
    ཚར་གཅིག་བརྩི་ནི་ཨིན་ལགས། ད་ཚར་བརྒྱད་ལུས་འོང་ལགས།
    Have to count once. Now will remain eight times.
  • རྡོ་རྗེ་ལྷ་མོ་ Dorji Lhamo
    ཛའི་་་ཚར་དགུ་ལུ་ འདི་དག་ག?
    Zai...will it be cleaned after nine times?
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་
    Researcher Yeshi Wangchuk: ཚར་དགུ་འབདཝ་ད་ ཚར་གཅིག་ཡར་སོང་ཡི་སྨོ? Out of nine times now once gone right?
  • བསྟན་པ་ Tenpa
    སོལ་མུ་གི་ འབྲི་མ་བཞག་པ་ཅིན་ བརྗེད་འོང།
    If we never write it then later will forget.
  • དཀོན་མཆོག་ལྷ་མོ་ Kencho Lhamo
    སོལ་མུ་གིས།
    Nail.
  • བསྟན་པ་ Tenpa
    ཨ་ཕར་་ཀཝ་གུ།
    On that Pillar.
  • སྒྲོལ་མ་ Dolma
    ཚར་བཅུ་གཉིས་འཁྱུཝ་དག་འགྱོ་འོང་།
    Wash it for twelve times then it will be cleaned.
  • བསྟན་པ་ Tenpa
    ཨ་ཕར་ཀཝ་གུ།
    On that pillar.
  • དཀོན་མཆོག་ལྷ་མོ་ Kencho Lhamo
    ཨ་ནཱི་ག་ཅི་ཨིན་ན?
    This one is what?
  • དཀོན་མཆོག་ལྷ་མོ་ Kencho Lhamo
    ཡ་ཚར་གཅིག
    Yes once.
  • རྡོ་རྗེ་ལྷ་མོ་ Dorji Lhamo
    ཛའི།
    Zai.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    གཅིག་ཡ? ཛའི་་་།
    One? Zai....
  • དཀོན་མཆོག་ལྷ་མོ་ Kencho Lhamo
    ཚར་གཅིག་དཀོན་མཆོག་ལྷམོ་གིས། ཚར་གཉིས་རྡོ་རྗེ་ལྷ་མོ་གིས། ཚར་གཅིག་ཨམ་སྒྲོལ་མ་གིས།
    Once by Khencho Lhamo. Once by Dorji Lhamo. Once by Aum Dolma.
  • སྒྲོལ་མ་ Dolma
    འཕར་ཡང་འཕར་བས་ ཨ་རྟག་བཟུམ་སྦེ་ར་འདུག།
    It will multiply like always.
  • དཀོན་མཆོག་ལྷ་མོ་ Kencho Lhamo
    མ་འཕེལཝ་འདྲས་མེན་ན་ཏེ་ དེམ་ཅིག་སྦེ་ར་འདུག།
    It didnot multiply as it was same before.
  • སྒྲོལ་མ་ Dolma
    འང་་་།
    Ok...
  • དཀོན་མཆོག་ལྷ་མོ་ Kencho Lhamo
    འ་ནཱེ་ཅིག་རྐྱངམ་ཅིག་འཕར་ནི་མས།
    Only this much it will multiply.
  • བསྟན་པ་ Tenpa
    བཏུབ་ཨ་ནེ་བཏུབ། འ་ནཱེ་ཅིག་གིས་བཏུབ་ནི་མས།
    This much will be ok.
  • སྒྲོལ་མ་ Dolma
    ཨ་ཙི་ཅིག་བླུགས་པ་ཅིན་དྲག་ནི་མས་མེན་ན?
    Will it be ok if we add little bit?
  • སྒྲོལ་མ་ Dolma
    གཉིས་སོང་ཡི་མས།
    Gone two.
  • རྡོ་རྗེ་ལྷ་མོ་ Dorji Lhamo
    མཁྱེན་ནོ་ད་ལྟོ་འདི་ ནམ་ཡང་མི་བཏུབ་པས་མས་ད་ལྟོ།
    Thank god, it will not work now.
  • ཡེ་ཤེས་རྣམ་རྒྱལ་ Yeshi Namgyal
    ཡ་ཏེ། ཨ་ནཱི་ཨིན་ན? ཡ།
    Ok so. Is tjhis one? Ok.
  • རྡོ་རྗེ་ལྷ་མོ་ Dorji Lhamo
    ཐད་རི་བ་རི་ར་ ག་དེམ་ཅིག་སྦོམ་སོང་ཡི་ག་སྨོ?
    Exactly how much big it became?
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་
    Researcher Yeshi Wangchuk: འཕར་དོ་འདྲས་མེན་ན? It may be multiplying no?
  • ཞིབ་འཚོལ་ལས་རོགས་རྡོ་རྗེ་ཉི་མ་ Research Assistant Dorji Nima
    འདི་གིས་ ག་དེམ་ཅིག་འགྱོཝ་སྨོ?
    How much will be there?
  • ལྷ་མོ་ Lhamo
    ག་དེམ་ཅིག་སོང་ཡི་ག་སྨོ? གཅིག་ གཉིས་ གསུམ་་་ལྔ་ཡར་འགྱོཝ་ཨིན་པས།
    How much it went? One two three even five also possible.
  • ཞིབ་འཚོལ་ལས་རོགས་རྡོ་རྗེ་ཉི་མ་ Research Assistant Dorji Nima
    འེང་་་ ཡ་ཡ།
    Ok ok...
  • རྡོ་རྗེ་ལྷ་མོ་ Dorji Lhamo
    ཡ།
    Ok.
  • ཞིབ་འཚོལ་ལས་རོགས་རྡོ་རྗེ་ཉི་མ་ Research Assistant Dorji Nima
    ག་དེམ་ཅི?
    How much?
  • སྒྲོལ་མ་ Dolma
    བརྒྱད་ཡར་སོང་ཡི་མས་ད།
    Now gone eight.
  • ཞིབ་འཚོལ་ལས་རོགས་རྡོ་རྗེ་ཉི་མ་
    Research Assistant Dorji Nima: ཚར་བརྒྱད་སྨོ? ཡ་ཡ། Eight times right? Ok ok.
  • ཞིབ་འཚོལ་ལས་རོགས་རྡོ་རྗེ་ཉི་མ་ Research Assistant Dorji Nima
    ཨ་མ་ད་རུང་ ཧ་ལམ་བཙོ་དགོ་པས་སྨོ?
    Mother we have to do we have to boil it for certain time?
  • རྡོ་རྗེ་ལྷ་མོ་ Dorji Lhamo
    མ་དག་དགཔ་འདྲས་ཟེར་ ང་གིས་འདི།
    I think it might not be cleaned.
  • ཞིབ་འཚོལ་ལས་རོགས་རྡོ་རྗེ་ཉི་མ་ Research Assistant Dorji Nima
    འེང་་་།
    Ok...
  • རྡོ་རྗེ་ལྷ་མོ་ Dorji Lhamo
    གཅིག་གཉིས་དེ་ཅིག་འདི་བཏང་དགོ་འོང་།
    Have to put one or two.
  • ཞིབ་འཚོལ་ལས་རོགས་རྡོ་རྗེ་ཉི་མ་
    Research Assistant Dorji Nima: ག་དེ་སྦེ་འཚོ་དོ་ག་ བལྟཝ་ད་མི་ཤེས་ག? Will not know how it is going to be cooked?
  • རྡོ་རྗེ་ལྷ་མོ་
    Dorji Lhamo: Laughs
  • སྒྲོལ་མ་ Dolma
    ཨ་ནཱི་རྫོགས་ཞིནམ་ལས་བལྟ་ད།
    You can see by completing this.
  • རྡོ་རྗེ་ལྷ་མོ་ Dorji Lhamo
    ཨ?
    What?
  • སྒྲོལ་མ་ Dolma
    ཨ་ནཱི་ ཚར་གཅིག་རྫོགས་ཞིནམ་ལས་བལྟ་ད།
    After completing this one you can see it.
  • རྡོ་རྗེ་ལྷ་མོ་ Dorji Lhamo
    འེང་ ཨ་ནཱི་ རྫོགས་ཞིནམ་ལས་ ཚར་གཅིག་བལྟ་ད་ལོ།
    Ok...He telling to see once after completing this.
  • ཞིབ་འཚོལ་ལས་རོགས་རྡོ་རྗེ་ཉི་མ་ Research Assistant Dorji Nima
    འེང་་་ འ་ནཱེ་སྦེ་ སོ་བཏབ་སྟེ་བལྟ་དགོ་ཡ?
    Ok...Have to see it by biting like this.
  • རྡོ་རྗེ་ལྷ་མོ་ Dorji Lhamo
    ལྕེ་གིས་སྦེ་ བལྟ་དགོ་ལོ་མེན་ན།
    Have to see it with the help of tongue.
  • ཞིབ་འཚོལ་ལས་རོགས་རྡོ་རྗེ་ཉི་མ་ Research Assistant Dorji Nima
    འེང་་་།
    Ok...
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    འདི་འཚོ་ག་མ་འཚོ་ དྲིམ་ཧུམ་བལྟཝ་ད་ཡང་ཤེས་ཡ?
    If it is cooked or not will we know it through smell?
  • སྒྲོལ་མ་ Dolma
    ཆུ་གི་དྲིམ་མནམ་མས་མེན་ན?
    Water is smelling no?
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ཆུ་གི་དྲིམ་ཡ?
    Smell of water?
  • སྒྲོལ་མ་ Dolma
    ཨིན། བཟའ་སྟེ་བལྟ་ཤིག་ད།
    Yes. See it by eating.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་
    Researcher Yeshi Wangchuk: ཡར་སོང་ཡི་མེན་ན་? ད་ཆུ་ཐེངས་ག་དེམ་སོང་ཡི? Gone no? Now how many times it went?
  • སྒྲོལ་མ་ Dolma
    བཅུ་ཐམ་ཡང་ འགྱོ་བའི་འདི་གིས།
    Ten times also.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་
    Researcher Yeshi Wangchuk: བཅུ་ཐམ་འགྱོ་བའི་ཡ? Ten times?
  • སྒྲོལ་མ་ Dolma
    ཨིན།
    Yes.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    འེང་་་།
    Ok...
  • རྡོ་རྗེ་ལྷ་མོ་ Dorji Lhamo
    ཁག་ཏེག་ཏེ་འོང་ག?
    Will it be bitter in taste?
  • སྒྲོལ་མ་ Dolma
    མི་ཁག་
    No it will not be bitter.
  • རྡོ་རྗེ་ལྷ་མོ་ Dorji Lhamo
    མི་ཁག?
    Not bitter?
  • སྒྲོལ་མ་ Dolma
    མི་ཁག་ བཟའ་བལྟ་ན?
    Not bitter, will you see it?
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་
    Researcher Yeshi Wangchuk: མཆོད་མཆོད་ཟེར་བཟའ་ཤིག། Offer it and you can eat it.
  • རྡོ་རྗེ་ལྷ་མོ་ Dorji Lhamo
    ཁག་ཏེག་ཏེ་འདུག།
    It is bitter.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་
    Researcher Yeshi Wangchuk: ཆུ་དག་ནུག་ག་མ་དག་པས? Is water cleaned or not?
  • སྒྲོལ་མ་ Dolma
    བཟའ་བལྟ་ན?
    Can you eat it?
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་
    Researcher Yeshi Wangchuk: ད་རུང་བཙོ་དགོ་ནི་མས་ག? Have to boil it again?
  • རྡོ་རྗེ་ལྷ་མོ་ Dorji Lhamo
    མི་དགོ་ནི་བཟུམ་འདུག།
    No we neednot have to boil it.
  • སྒྲོལ་མ་ Dolma
    སྟུག་པག་པ་ཡོད་མི་ཚུ་ ཨ་ཙི་ཅིག་མ་དག་པས།
    Thicker one was little bit not cleaned.
  • རྡོ་རྗེ་ལྷ་མོ་ Dorji Lhamo
    ཞིམ་ནི་འདི་ ཞིམ་པས་སྨོ་ཤིག?
    It was special right?
  • སྒྲོལ་མ་ Dolma
    ཞིམ་མས་ཞིམ་ནི་འདི། ཨ་ཅོ་ག་པུ་ཤོག་ ཚར་གཅིག་བཟའ་བལྟ་བར།
    Yes, it is special. Come brother gup, once we can see it by eating.
  • རྡོ་རྗེ་ལྷ་མོ་ Dorji Lhamo
    ཤོག་ཟ་བར། laughs\\
    Come for eating.
  • སྒྲོལ་མ་ Dolma
    ཤོག་ཡ་ སྟུག་པག་པ་ཚུ་ མ་དག་པས་ཨ་ཙི་ཅིག།
    Come, thicker one was little bit not cleaned.
  • སྒྲོལ་མ་ Dolma
    ཨ་ནཱི་ཧ་ལམ་ཅིག་ འཚོ་མི་འདི་ དུས་ཅི་གི་ཚུ་ཨིན་པས་ཏེ།
    That somewhat cooked was this year's.
  • རྡོ་རྗེ་ལྷ་མོ་ Dorji Lhamo
    ཞིམ་པས་སྨོ?
    Tasty right.
  • ཞིམ་མས་ཞིམ་ནི་འདི།
    Though it was tasty.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་
    Researcher Yeshi Wangchuk: དག་ནུག་ག་དག་ནུག་ག? ཁག་ཏེག་ཏེ་མིན་འདུག་ག? Was it cleaned? Was it not bitter?
  • མི་ཁག་པས་ད།
    Now it is not bitter.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    འེང་ དག་དགཔ་མས་ད།
    Ok..now it must be cleaned.
  • སྒྲོལ་མ་ Dolma
    སྟུག་པག་པ་ཚུ་ མ་དག་པས་ཨ་ཙི་ཅིག།
    Little bit thicker one was not cleaned.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་
    Researcher Yeshi Wangchuk: བཙོ་ནི་ན་ཨ་ཙི་ཅིག? Have to boil it little bit?
  • སྒྲོལ་མ་ Dolma
    བཙོ་དགོཔ་འདྲས་མེན་ན་ ཚར་གཉིས་དེ་ཅིག་འདི།
    Have to boil it for twice.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    འེང་་་ ཚར་གཉིས་དེ་ཅིག་ཡ?
    Ok...for twice?
  • རྡོ་རྗེ་ལྷ་མོ་ Dorji Lhamo
    ཨ་ཙི་ཅིག་མ་དགཔ་བཟུམ་ཅིག་འདུག
    It was not cleaned little bit.
  • སྒྲོལ་མ་ Dolma
    མ་དག་པས་སྟུག་པག་པ་ཚུ། འ་ནཱི་གི་བཅུ་ཐམ་ བཅུ་གཅིག་ བཅུག་གཉིས་དེ་ཅིག་བཏང་སྟེ་བལྟ་གེ།
    Thicker one was not cleaned. That one have to do ten, eleven and twelve times.
  • རྡོ་རྗེ་ལྷ་མོ་ Dorji Lhamo
    ཆུ་ཁོདམ་ནང་ ཚར་གཅིག་ཆུ་འཁྱུ་དགོ་མེན་ན་ ཚར་གཅིག་མི་དགོ་ག?
    Once have to wash in the cold water no?
  • སྒྲོལ་མ་ Dolma
    ཆུ་དགོ་མེན་ན། འ་ནཱི་ཚུ་ མ་དག་པས།
    Have to wash. That was not cleaned.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་
    Researcher Yeshi Wangchuk: འཕར་ནུག་ག་ཨ་ཙི་ཅིག? Was it multiply?
  • སྒྲོལ་མ་ Dolma
    ཨ་ནཱི་འདི་འཕར་ནུག།
    Yes, this one was multiplied.
  • རྡོ་རྗེ་ལྷ་མོ་ Dorji Lhamo
    ཨ་ཙི་ཅིག་འཕར་ནུག། གནམ་མེད་ས་མེད་ར་མ་འཕར་བས་མེན་ན།
    It multiply little bit. It was not multiply more.
  • སྒྲོལ་མ་ Dolma
    ཨ་ནཱེ་ཅིག་ར་འཕརཝ་ཨིན་པས།
    It multiplies only this much.
  • རྡོ་རྗེ་ལྷ་མོ་ Dorji Lhamo
    འབད་ནི་འདི་ག་ནི་ཡང་མི་འབད་བས་སྨོ?
    It was doing nothing right?
  • སྒྲོལ་མ་ Dolma
    ཨ་ནཱི་ སྟུག་པག་པ་ཚུ་ བཟའ་ལྟཝ་ད་ ཚ་ཧྲོག་ཧྲོ་བཏང་འབདཝ་མས་ ཨ་ཙི་ཅིག་འདི།
    This thicker one while we eat it is little bit scrap one.
  • རྡོ་རྗེ་ལྷ་མོ་ Dorji Lhamo
    སྟུ་པག་པ་ཚུ་ ཨ་ཙི་ཅིག་མ་འཚོ་པར་ཡོད་དོ་མས།
    Thicker one was little bit not cooked.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ཨ་ནཱི་ ཆུ་ཨ་ཙི་ཅིག་དག་ནུག་སྨོ?
    This one water was little bit cleaned right?
  • རྡོ་རྗེ་ལྷ་མོ་ Dorji Lhamo
    དག་ནུག་ད་ཅིག་དེ་ གནགཔོ་སྦེ་སྡོད་ཡི་མེན་ན?
    Yes, it was cleaned as before it was black in colour no?
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་
    Researcher Yeshi Wangchuk: ཚར་བཅུ་གཉིས་བཙོཝ་ད་རྐྱངམ་ཅིག་ཨིན་པས་ཏེ། So, it will be ok after boiling for twelve times only.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ཆུ་ཐེངས་་་
    Times to pour water......
  • སྒྲོལ་མ་ Dolma
    འཚོ་ཐལ་ནི་ཟེརཝ་མེད།
    There is no way to be over cooked.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    བཅུ་གཉིས།
    Twelve.
  • སྒྲོལ་མ་ Dolma
    ག་དེམ་ཅིག་ར་བཙོ་རུང་།
    How much we boil also.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་
    Researcher Yeshi Wangchuk: འཚོ་འདི་མ་ཐལ་བས་སྨོ? It was not over cooked right?
  • སྒྲོལ་མ་ Dolma
    མི་འགྱོ།
    It will not.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་
    Researcher Yeshi Wangchuk: སྐམ་དགོཔ་མིན་འདུག་སྨོ? སྐམ་དགོ་ག? Need not have to dry it right? Have to dry?
  • སྒྲོལ་མ་ Dolma
    ཨ་མི་དགོ།
    No need.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    འེང་་་།
    Ok...
  • སྒྲོལ་མ་ Dolma
    ཕྱི་ཁར་འབག་ནི་ཨིན་པས་མེན་ན?
    Have to carry outside right?
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ཨིན་ཕྱི་ཁར།
    Yes, outside.
  • རྡོ་རྗེ་ལྷ་མོ་ Dorji Lhamo
    བཏུབ་པས་ག?
    Was it ok?
  • སྒྲོལ་མ་ Dolma
    མི་ལང་དབའེ།
    It will not enough.
  • རྡོ་རྗེ་ལྷ་མོ་ Dorji Lhamo
    བཏུབ་པས་ག?
    Will it be ok?
  • སྒྲོལ་མ་ Dolma
    བཏུབ་པས།
    Yes, it is ok.
  • རྡོ་རྗེ་ལྷ་མོ་ Dorji Lhamo
    གཟར་རུ?
    Ladle?
  • སྒྲོལ་མ་ Dolma
    བཏུབ་བཏུབ་ཚྭ་ཨེ་མ་ནང་ཡང་བླུགས་ཡི་ མ་བྱོ་པ་ཅིན་བླུག་ནི།
    Its ok, even I have put salt in chilli if it is not enough then later on have to add it.
  • རྡོ་རྗེ་ལྷ་མོ་ Dorji Lhamo
    ཤོག་ཤོག laughs
    Come, come.
  • རྡོ་རྗེ་ལྷ་མོ་ Dorji Lhamo
    ཡ་་་།
    Ok...
  • རིན་ཆེན་དཔལ་འབྱོར་ Rinchen Penjor
    བཏུབ་ཁྱད་མེད།
    Ok it doesn't matter.
  • རྡོ་རྗེ་ལྷ་མོ་ Dorji Lhamo
    ལགཔ་མི་ཚ?
    Hand will not pain?
  • རིན་ཆེན་དཔལ་འབྱོར་ Rinchen Penjor
    མི་ཚ།
    No.
  • རྡོ་རྗེ་ལྷ་མོ་ Dorji Lhamo
    ཚྭ་བཏུབ་པས་ག་ཨ་ཅོ?
    Brother, is salt enough?
  • རིན་ཆེན་དཔལ་འབྱོར་ Rinchen Penjor
    བྱོ་ནུག།
    Ok.
  • རྡོ་རྗེ་ལྷ་མོ་ Dorji Lhamo
    བྱོ་ནུག? laughs
    Was it ok?
  • རྡོ་རྗེ་ལྷ་མོ་ Dorji Lhamo
    ཞིམ་མས་ཡ?
    Was is tasty?
  • རིན་ཆེན་དཔལ་འབྱོར་ Rinchen Penjor
    ཞིམ་མས་སྨ་རས།
    Yes, it is tasty.
  • རྡོ་རྗེ་ལྷ་མོ་ Dorji Lhamo
    ཞིམ་མས་སྨ་རས།
    It is tasty.
  • རྡོ་རྗེ་ལྷ་མོ་ Dorji Lhamo
    ཡ་ཏེ།
    Yes, so-
  • སྒྲོལ་མ་ Dolma
    ཨ་ཧིང་སངས་ས་ར་དག་ནུག།
    Ah...it was cleaned.
  • རྡོ་རྗེ་ལྷ་མོ་ Dorji Lhamo
    བཀྱག་མདངས་མདངས་ར་འགྱོ་ནུག་མེན་ན་ ལེགས་ཤོམ་སྦེ་ར།
    It was cleared and cleaned nicely.
  • སྒྲོལ་མ་ Dolma
    འགྱོ་ནུག།
    Yes, it is.
  • སྒྲོལ་མ་ Dolma
    ཀྲིག་ཀྲི་ཨིན་པས་སྨ་རས་ཀྲིག་ཀྲི།
    It was accurate.
  • རྡོ་རྗེ་ལྷ་མོ་ Dorji Lhamo
    ཁྱིམ་ནང་ན་འབགན་ན?
    Can I take inside?
  • དཀོན་མཆོག་ལྷ་མོ་ Kencho Lhamo
    དག་ནུག།
    Cleaned.
  • བསྟན་པ་ Tenpa
    དག་སོང་ནུག། དག་སོང་ནུག།
    Cleaned. Cleaned.
  • རྡོ་རྗེ་ལྷ་མོ་ Dorji Lhamo
    དག་སོང་ཡི་ཟེར་ སླབ་ཅི་མེན་ན་ ང་གིས།
    I have told you it was clean.
  • རིན་ཆེན་དཔལ་འབྱོར་ Rinchen Penjor
    ཤོག་ཁོང་གཉིས།
    Come both of you.
  • རྡོ་རྗེ་ལྷ་མོ་ Dorji Lhamo
    ནཱ་བྱོན་ན།
    Come here.
  • རིན་ཆེན་དཔལ་འབྱོར་ Rinchen Penjor
    བཏུབ་ནཱ་བཏུབ།
    Its ok here.
  • བསྟན་པ་ Tenpa
    དག་ནུག
    Cleaned.
  • རིན་ཆེན་དཔལ་འབྱོར་ Rinchen Penjor
    བཟའ་ད།
    Eat it.
  • རྡོ་རྗེ་ལྷ་མོ་ Dorji Lhamo
    བཟའ་ད།
    Eat it.
  • སྒྲོལ་མ་ Dolma
    མ་དག་པས་ལོ། དག་དགཔ་ཨིན་ ང་བཅས་ཀྱིས།
    Not cleaned. From our side it was cleaned.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་
    Researcher Yeshi Wangchuk: འདྲོག་འདྲོགསཔ་འདྲས་མེན་ན་ མ་དགཔ་འདྲས་ཟེར? You might be afraid thinking that it was not cleaned right?
  • སྒྲོལ་མ་ Dolma
    ཨའུ་གནམ་མེད་ས་མེད་ར་ཞིམ་པས།
    Aue...It is very tasty.
  • རྡོ་རྗེ་ལྷ་མོ་
    Dorji Lhamo: laughs