Video Overview
ཚལ་མ་ནང་ཡོད་པའི་སྔོ་ཚོད་འདམ་རུ་འདི་ ཚོདམ་རྐྱངམ་ཅིག་མེན་པར་ ལྟོ་སྦེ་ཡང་ཟཝ་ཨིན་པས། དེ་ཡང་ བཀྲ་ཤིས་སྒང་གླེམ་ལས་ ཆོས་སྲུང་ལྷ་མོ་གིས་ འདམ་རུ་གི་ལྟོ་འབད་དེ་ མོ་ར་གི་རྨགཔ་དང་གཅིག་ཁར་ཟ་ནི་འབདཝ་ཅིག་ ཕྱི་ཁ་ལས་མགྱོནམ་ཅིག་འོང་སྟེ་ ཆོས་སྲུང་ལྷ་མོ་ མོ་ར་ཟ་ཟཝ་གི་མ་སྟོན་རུང་ རྨགཔ་དེ་ཟ་ཟཝ་ཡང་སྟོན་ཏེ་འདུག འ་ནི་འབདཝ་ད་ ང་བཅས་ར་འབྲུག་ལུང་པ་ལུ་ ཧེ་མ་ཕམ་ཚུ་གི་སྐབས་ལུ་ཡང་དེ་བཟུམ་ལུ་བརྟེན་ཏེ་ ཟ་ནི་འཐུང་ནི་ལུ་དཀའ་ངལ་ཐོན་སྦེ་ ལྟོཝ་བཀྱེས་ཏེ་མ་ཤིས་བས་ ད་ལྟོ་ཡང་དེ་བཟུམ་གྱི་དཀའ་ངལ་མེད་ མ་འོངས་པ་ལུ་ཡང་ དེ་སྦེ་མི་འབྱུང་ནི་ཨིན་པའི་རྟགས་མཚན་ཚུ་འདི་གིས་སྟོནམ་ཨིན་པས། ཨིན་རུང་ མཚན་རིག་གི་ཁ་ཐུག་ལས་ ལོ་གཅིག་བ་ལོ་གཅིག་ ཡར་རྒྱས་གོང་འཕེལ་འགྱོ་བའི་བསྒང་ལས་ འདི་བཟུམ་གྱི་རང་བཞིན་གྱིས་སྐྱེས་ཏེ་ཡོད་པའི་མ་རྨོས་པའི་ལོ་ཐོག་ཚུ་ལུ་ཐོ་ཕོག་སྟེ་ཉམས་ནི་གི་ཉེན་ཁ་ཡོདཔ་ལས་ ད་ལྟོ་ལས་ ང་བཅས་ར་ཆ་ཁྱབ་ཀྱིས་གཟབ་གཟབ་འབད་དགོཔ་དེ་ གལ་ཆེཝ་སྦེ་མཐོངམ་ཨིན་པས།
- Lem