Skip to main content Skip to search
20 Jun 2018
5 min 27 sec
Video Overview
Creators: 
Duptho, Sonam Chophel

83-year-old Naku from Dorshing village of Phongmey, Tashigang sings an old local song entitled Om Sarla Mani. This song is a composition of a father's words to his son about wellbeing. The father advises his son and tells him to live a good life. The melody of the song would suggest it is a Boedra song; however, it can also be categorized as a local song, as it is not sung in other parts of the country. Naku says this song can be sung by either one person or a group, but is not accompanied by any dance.

 

བཀྲིས་སྒང་རྫོང་ཁག་ ཕོངས་མེད་རྒེད་འོག་ གཡུས་ཟོར་ཤིང་ལས་འབད་མི་ སྐྱེས་ལོ་༨༣་ལང་མི་ ཨ་རྒས་གནག་ཀུ་གི་ གཡུས་ཁའི་ཞབས་ཁྲ་ ཨོམ་ས་ལ་མ་ནི་ ཟེར་མི་འདི་ འཐེན་ཡོདཔ་ ཨིན་མས། ཞབས་ཁྲ་འདི་ཡང་ ཨ་པ་གི་བུ་ལུ་ མི་ཚེ་སྐྱོང་ཐངས་ཀྱི་ སྐོར་ལས་ཨིན་མས། དེ་ཡང་ ཨ་པ་གི་བུ་དེ་ལུ་ མི་ཚེ་སྐྱོང་ཐངས་དང་ མི་ཚེ་དགའ་ཏོག་ཏོ་ སྡོད་དགོ་ཟེར་བའི་ བསླབ་བྱིནམ་ཨིན་མས། ཞབས་ཁྲ་འདི་གི་ གདངས་དབྱངས་དང་ འཁྲིལཝ་ད་ འབོད་གྲ་ནང་ ཚུདཔ་ཨིན་མས། དེ་མ་ཚད་ ཞབས་ཁྲ་འདི་ གཡུས་ཁའི་ཞབས་ཁྲ་ འབད་ཡང་ཚུདཔ་ཨིན་མས། དེ་ཡང་ འདི་བཟུམ་མའི་ཞབས་ཁྲ་འདི་ ས་གནས་གཞན་ཁར་ འཐེན་ནི་མེདཔ་ལས་བརྟེན་ ཨིན་མས། ཨ་རྒས་གནག་ཀུ་གི་ འབད་བ་ཅིན་་ཞབས་ཁྲ་འདི་ མི་གཅིག་ ཡང་ན་སྡེ་ཚན་ནང་ འཐེན་ནི་ཡོདཔ་ མ་གཏོགས་ ལིའུ་སྒྲིགས་ཏེ་ རྐྱབ་སློལ་ མེད་ཟེར་ཨིན་མས།

 

Transcript search
No results found for this search
0 of 0
  • ནག་ཀུ་ Naku
    ཨོཾ་ཅིག་གསེར་ལས་(གསོན་ལ)། །སྒོ་མོ་ཤར་སྒོ་ལྷོ་སྒོ་ལས་བྱང་སྒོ། །གསུམ་ལ་བྱང་སྒོ་རྒྱལ་ས་གཞུང་ཡ་ལ་ནི་མཇལ་ནས་གསུམ། །
  • ནག་ཀུ་ Naku
    ད་ གོངམ་རིན་པོ་ཆེ་ཚུ་ལུ་བཤགས་པ་ཕུལ་ནི་སྨེ་དབའི་ ཤེས་རུང་མ་ཤེས་རུང་ད་འབདན་འོ།
  • ནག་ཀུ་ Naku
    ཨོཾ་ཅིག་གསེར་ལས་(གསོན་ལ)། །སྒོ་འདི་དངུལ་གྱི་མེ་ལོང་ལས་མཇལ་ནས་ཡོང་ལ། །
  • ནག་ཀུ་ Naku
    རྡོ་གཅལ་གཡུ་གི་རིག་འཛིན་ཡ་ལ་མཇལ་ནས་ཡོང་ལ། །རྡོ་གཅལ་གཡུ་གི་རིག་འཛིན་ཡ་ལ་མཇལ་ནས་ཡོང་། །
  • ནག་ཀུ་ Naku
    ཨོཾ་ཅིག་གསེར་ལས་(གསོན་ལ)། །གདན་ཁྲི་གསེར་གྱི་གདན་ཁྲི་ལས་མཇལ་ནས་ཡོང་ལ། །
  • ནག་ཀུ་ Naku
    གཟིམ་ཅུང་བཀྲ་ཤིས་སྒོ་མང་ཡ་ལ་མཇལ་ནས་ཡོང་ལ། །གཟིམ་ཅུང་བཀྲ་ཤིས་སྒོ་མང་ཡ་ལ་མཇལ་ནས་ཡོང་། །
  • ནག་ཀུ་ Naku
    ཨོཾ་ཅིག་གསེར་ལས་(གསོན་ལ)། །གསེར་གྱི་སྒོ་མང་ནང་ལ་ལས་མཇལ་ནས་ཡོང་ལ། །
  • ནག་ཀུ་ Naku
    བླ་མ་ཨོ་རྒྱན་གུ་རུ་ཡ་ལ་བཞུགས་ནས་ཡོང་ལ(ཡོད་ལ)། །བླ་མ་ཨོ་རྒྱན་གུ་རུ་ཡ་ལ་བཞུགས་ནས་ཡོང་ལ(ཡོད་ལ)། །
  • ནག་ཀུ་ Naku
    ཨོཾ་ཅིག་གསེར་ལས་(གསོན་ལ)། །བླ་མ་ཨོ་རྒྱན་གུ་རུ་ལས་མཇལ་ནས་ཡོང་ལ། །
  • ནག་ཀུ་ Naku
    གསེར་གྱི་ཅོག་ཙེ་གཞུང་ཡ་ལ་ནི་ཕུལ་ནས་ཡོང་ལ། །གསེར་གྱི་ཅོག་ཙེ་གཞུང་ཡ་ལ་ནི་ཕུལ་ནས་ཡོང་། །
  • ནག་ཀུ་ Naku
    ཨོཾ་ཅིག་གསེར་ལས་(གསོན་ལ)། །གསེར་གྱི་ཅོག་ཙེ་རྩེ་ལ་ལས་མཇལ་ནས་ཡོང་ལ། །
  • ནག་ཀུ་ Naku
    ཞལ་སྒྲིག་དཀར་སངས་ཟླ་བ་༼བཞེས་ཆ་༽ཡ་ལ་ཕུལ་ནས་ཡོང་ལ། །ཞལ་སྒྲིག་དཀར་སངས་ཟླ་བ་༼བཞེས་ཆ་༽ཡ་ལ་ཕུལ་ནས་ཡོང་། །
  • ནག་ཀུ་ Naku
    ཨོཾ་ཅིག་གསེར་ལས་(གསོན་ལ)། །ཞལ་སྒྲིག་དཀར་སངས་ནང་ལ་ལས་མཇལ་ནས་ཡོང་ལ། །
  • ནག་ཀུ་ Naku
    སེང་ཆེན་དཀར་མོ་འོ་མ་ཡ་ལ་ཕུལ་ནས་ཡོང་ལ། །སེང་ཆེན་དཀར་མོ་འོ་མ་ཡ་ལ་ཕུལ་ནས་ཡོང་། །
  • ནག་ཀུ་ Naku
    ཨོཾ་ཅིག་གསེར་ལས་(གསོན་ལ)། །སེང་ཆེན་དཀར་མོ་འོ་མ་ལས་ཕུལ་ནས་ཡོང་ལ། །
  • ནག་ཀུ་ Naku
    བླ་མ་ཨོ་རྒྱན་གུ་རུ་ཡ་ལ་བཞེས་རྒྱུ་ཡོང་ལ་(ཡིན་ལ)། །བླ་མ་ཨོ་རྒྱན་གུ་རུ་ཡ་ལ་བཞེས་རྒྱུ་ཡོང་ལ(ཡིན་ལ)། །
  • ནག་ཀུ་ Naku
    ཨོཾ་ཅིག་གསེར་ལས་(གསོན་ལ)། །བླ་མ་ཨོ་རྒྱན་གུ་རུ་ལས་བཞེས་ནས་ཡོང་ལ། །
  • ནག་ཀུ་ Naku
    བྱིན་རླབས་ཆེ་བའི་(བ་)ཚུར་ལ་ཡ་ལ་ཞུ་ནས་ཡོང་ལ། །བྱིན་རླབས་ཆེ་བའི་(བ་)ཚུར་ལ་ཡ་ལ་ཞུ་ནས་ཡོང་། །ཟེར་དེམ་ཅིག་ཏེ།། །།