Skip to main content Skip to search
23 Aug 2018
4 min 17 sec
Video Overview
Creators: 
Penchela, Yeshi Wangchuk

Kuenzang Wangmo from Khangrab village recites Khathun, daily prayers. Most Bhutanese chant their Kathun prayers early in the morning and/or late in the evening, while some chant them throughout the day. Most chant from memory and is not uncommon to find an elder who is functionally illiterate yet very well versed in many types of Khathun. Bhutanese believe that chanting the Khathun regularly helps them avoid harm and misfortunes, achieve their wishes, live longer and healthier lives, and accumulate merit for a better rebirth. 

 

བུམ་ཐང་རྫོང་ཁག་ སྟང་རྒེད་འོག་ ཁང་རབས་གཡུས་ཚན་ནང་ལས་ ཀུན་བཟང་དབང་མོ་གིས་ ཁ་ཐུན་བཏང་དོ་ཡོདཔ་ཨིན། ཁ་ཐུན་འདི་ མང་ཆེ་ཤོས་ཅིག་ འབྲུག་པའི་མི་རྒན་ཤོས་ཚུ་གིས་བཏང་དོ་ཡོདཔ་ཨིན། ལ་ལུ་གཅིག་གིས་ ཁ་ཐུན་འདི་ དྲོ་པ་ཧ་སག་བཏང་ནི་ཡོདཔ་དང་ ལ་ལུ་གཅིག་གིས་ ཕྱི་རུ་བཏང་དོ་ཡོདཔ་མ་ཚད་ ལ་ལུ་གཅིག་གིས་ ཁ་ཐུན་འདི་ ལོག་ཅིག་རང་བཏང་དོ་ཡོདཔ་ཨིན། མི་ཤང་ཤོས་གཅིག་གིས་རང་ ཁ་ཐུན་འདི་ སེམས་ཁར་ལས་བཏང་དོ་ཡོདཔ་དང་ མི་རྒན་ཤོས་ ཡོན་ཏོན་མ་ལྷབ་མི་ཚུ་གིས་ སེམས་ཁར་ལས་བཏང་མ་ཚུགས་མི་འདི་ མེདཔ་མ་ཚད་ ཁ་ཐུན་མ་འདྲཝ་ལེ་ཤ་ཅིག་རང་ བཏང་ཚུགསཔ་ཨིན་མས། གལ་སྲིད་ ཁ་ཐུན་འདི་བཏང་པ་ཅིན་ རང་གིས་བར་ཆད་སེལ་ནི་དང་ རང་གི་རེ་འདོད་གྲུབ་ནི་ དེ་ལས་ ཚེ་རིངམ་སྦེ་སྡོད་ཚུགས་ཟེར་ འབྲུག་མི་ཚུ་གིས་ ཡིད་ཆེས་བསྐྱེད་དོ་ཡོདཔ་ཨིན། 

 

Transcript search
No results found for this search
0 of 0
  • ཀུན་བཟང་དབང་མོ་ Kuenzang Wangmo
    སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ།།
  • ཀུན་བཟང་དབང་མོ་ Kuenzang Wangmo
    བྱང་ཆུབ་བར་དུ་བདག་ཉིད་སྐྱབས་སུ་མཆི།།
  • ཀུན་བཟང་དབང་མོ་ Kuenzang Wangmo
    སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ།།
  • ཀུན་བཟང་དབང་མོ་ Kuenzang Wangmo
    བྱང་ཆུབ་བར་དུ་བདག་ཉིད་སྐྱབས་སུ་མཆི།།
  • ཀུན་བཟང་དབང་མོ་ Kuenzang Wangmo
    བདག་གི་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས།།
  • ཀུན་བཟང་དབང་མོ་ Kuenzang Wangmo
    འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག།
  • ཀུན་བཟང་དབང་མོ་ Kuenzang Wangmo
    མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་འགྱུར་ཅིག
  • ཀུན་བཟང་དབང་མོ་ Kuenzang Wangmo
    སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་འབྲལ་བར་གྱུར་ཅིག
  • ཀུན་བཟང་དབང་མོ་ Kuenzang Wangmo
    སྡུག་བསྔལ་མེད་པའི་བདེ་བ་དང་དམ་པ་དང་མི་འབྲལ་བར་འགྱུར་ཅིག
  • ཀུན་བཟང་དབང་མོ་ Kuenzang Wangmo
    ཉེ་རིང་ཆ་དང་ཉིད་དང་བྲལ་བའི་ལོ་བཏང་སྙོམས་ཆེན་པོ་ལ་ཟེར་ཡུན་རིང་དུ་གནས་པར་གྱུར་ཅིག
  • ཀུན་བཟང་དབང་མོ་ Kuenzang Wangmo
    ཧཱུཾ་ཧྲཱི།མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་།།
  • ཀུན་བཟང་དབང་མོ་ Kuenzang Wangmo
    བདུད་སྡེ་དཔུང་བཅས་མི་ཟད་འཇོམས་མཛད་ལ།།
  • ཀུན་བཟང་དབང་མོ་ Kuenzang Wangmo
    དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི།།
  • ཀུན་བཟང་དབང་མོ་ Kuenzang Wangmo
    བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །
  • ཀུན་བཟང་དབང་མོ་ Kuenzang Wangmo
    ཧཱུཾ།ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས།།
  • ཀུན་བཟང་དབང་མོ་ Kuenzang Wangmo
    པདྨ་གེ་སར་སྡོང་པོ་ལ།།
  • ཀུན་བཟང་དབང་མོ་ Kuenzang Wangmo
    ཡ་མཚན་མཆོག་གི་དངོས་གྲུབ་བརྙེས།།
  • ཀུན་བཟང་དབང་མོ་ Kuenzang Wangmo
    པདྨ་འབྱུང་གནས་ཞེས་སུ་གྲགས།།
  • ཀུན་བཟང་དབང་མོ་ Kuenzang Wangmo
    འཁོར་དུ་མཁའ་འགྲོ་མང་པོས་བསྐོར།།
  • ཀུན་བཟང་དབང་མོ་ Kuenzang Wangmo
    ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱི།།
  • ཀུན་བཟང་དབང་མོ་ Kuenzang Wangmo
    བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ།།
  • ཀུན་བཟང་དབང་མོ་ Kuenzang Wangmo
    གུ་རུ་པདྨ་སི་དྡྷི་ཧཱུཾ།།
  • ཀུན་བཟང་དབང་མོ་ Kuenzang Wangmo
    རིག་འཛིན་ཆེན་པོའི་དཀྱིལ་འཁོར་ལ།།
  • ཀུན་བཟང་དབང་མོ་ Kuenzang Wangmo
    སྙིང་ནས་དད་པས་སྐྱབས་སུ་མཆི།།
  • ཀུན་བཟང་དབང་མོ་ Kuenzang Wangmo
    ཧྲཱི།འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན།།
  • ཀུན་བཟང་དབང་མོ་ Kuenzang Wangmo
    དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད།།
  • ཀུན་བཟང་དབང་མོ་ Kuenzang Wangmo
    རང་སེམས་ཆོས་སྐུ་མངོན་དུ་བསྟན་མཛད་པའི།།
  • ཀུན་བཟང་དབང་མོ་ར་ར་/Kuenzang Wangmo:རྩ་བའི་བླ་མའི་ཞབས་ལ་གསོལ་བ་འདེབས།།འ་ནེམ་ཅིག་འབད་མི་ཅིག་ཕུལ་གེ་ལགས།