31 Oct 2012
2 min 49 sec
Video Overview
Creators:
Unknown
This video is about Tsolo who is from Chuma Village, Repgong in Amdo. She is reciting "The Prayer of Lhasa."
- Lhasa
- Potala Palace
- Ramoché
- རི་བོ་པོ་ཏ་ལ་ཡི་ཕོ་བྲང་ནས།
- རི་བོ་པོ་ཏ་ལ་ཡི་ཕོ་བྲང་ན།
- རི་བོ་པོ་ཏ་ལ་ཡི་ཕོ་བྲང་ནས།
- སྤྱན་རས་གཟིགས་དབང་རྒྱལ་བ་རིན་པོ་ཆེ།
- ཇོ་བོ་ལོ་ཀེ་ཤྭར་ལ་སོགས་པ།
- སྐུ་གསུང་ཐུགས་རྟེན་རྣམས་ལ་གསོལ་བ་འདེབས།
- ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོ་རུ།
- སྣང་བ་མཐའ་ཡས་པཎ་ཆེན་ཐམས་ཅད་མཁྱེན།
- ཇོ་བོ་ཤཀྱ་མུ་ནེ་ར་མོ་ཆེ།
- ར་ས་འཕྲུལ་སྣང་རྗེ་བཞུགས་པའི་ཇོ་རྟེན་བརྒྱད།
- རྗེ་བཙུན་རྔ་སྒྲ་མ་གཅིག
- མ་བཅོས་གྲུབ་པའི་ལྷ་སའི་བསམ་ཡས་གླིང་།
- ཇོ་བོ་ཤཀྱ་མུ་ནི་ར་མོ་ཆེ།
- རྗེ་བཙུན་རྔ་སྒྲ་མ་དང་དཔལ་ལྷ་མོ།
- སྣང་མཐའི་བྱིན་རླབས་ཅན་ལ་གསོལ་བ་འདེབས།
- གདན་ས་ཆེན་པོ་སེ་འབྲས་དགེ་གསུམ་དང་།
- རྒྱུད་གྲྭ་སྟོད་སྨད་རྣམས་ཀྱི་གྲྭ་ཚང་སོགས།།
- ལྷ་སའི་གླིང་བཞིར་བཞུགས་པའི་དགེ་འདུན་སྡེ།།
- སྐྱབས་གསུམ་ཀུན་འདུས་རྣམས་ལ་གསོལ་བ་འདེབས།
- ལྕགས་པོ་རི་ཡི་གནས་མཆོག་དམ་པ་རུ།།
- རང་བཞིན་དུང་གི་ཐུགས་རྗེ་ཆེན་པོ་དང་།།
- བྱུ་རུ་ཚེ་དཔག་མེད་དང་གཡུ་སྒྲོལ་མ།།
- མུ་མེན་ཕྱག་ན་རྡོ་རྗེ་ལ་སོགས་པའི།།
- རང་ཅག་གུས་འོས་རྣམས་ལ་གསོལ་བ་འདེབས།།
- དབུས་གཙང་རུ་བཞི་ཡར་ཀླུང་ཤེལ་བྲག་དང་།།
- བསམ་ཡས་ཡར་བ་རེ་སྒྲེང་སྟག་ལུང་དང་།།
- གནས་ཆེན་ཁྱད་པར་ཅན་ལ་གསོལ་བ་འདེབས།།
- ཚེ་འདི་ཚེ་རིང་ནད་མེད་བར་ཆད་སེལ།།
- འཆི་ཁར་མནར་གཅོད་འཇིགས་ཉེན་མེད་པ་དང་།།
- ཕྱི་མར་དམྱལ་བའི་སྡུག་བསྔལ་མི་མྱོང་ཞིང་།།
- ནུབ་ཕྱོགས་བདེ་བ་ཅན་དུ་སྐྱེས་བར་ཤོག།
- གངས་རི་ར་བའི་བསྐོར་བའི་ཞིང་ཁམས་ན།།
- ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།།
- སྐུ་ཚེ་སྐུ་ཤུགས་མི་འགྱུར་རབ་བརྟན་ཅིང་།།
- གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་ནི།།
- སྐུ་ཚེ་སྐུ་ཤུགས་མི་འགྱུར་རབ་བརྟན་ཅིང་།།
- གཞན་དོན་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།།
- དེ་རེད།