Video Overview
This is a song of praise to Achok Tsennyi Monastery by a famous Tibetan singer named Yaru Asod.
- Tsennyi
- རྒྱ་ཚ་བ་མབྲོག་གི་འདབས་ལ།།
- དུས་དེ་རིང་བཀྲ་ཤིས་དོན་འགྲུབ།།
- ས་འཇའ་དྲུག་གདན་གྱི་སྟེང་ལ།།
- སྒར་ཆེན་པོ་མཚན་ཉིད་དགོན་པ།།
- ཁོའི་སྐྱིད་ཀི་ཉི་མ་ཤར་ནོ།།
- ཉིན་དྲོ་གྲང་མེད་ནས་སྨོན་ལམ།།
- སྐུ་ཕྱག་ན་རྡོ་རྗེ་འཆང་གི།།
- ཚེ་འདི་ཕྱིའི་ཕྱག་དབང་བཀོད་ནོ།།
- འདི་དགེ་བའི་ཟམ་པ་འཕེན་ས།།
- འདི་སྡུག་པའི་རྒྱ་མ་གཅོག་ས།།
- འདི་ཆོས་ཅན་ཆོས་ཀྱིས་འདུ་ས།།
- འདི་ཆོས་མེད་སྡུག་པས་འདུ་ས།།
- འདི་རྒྱབ་རི་རྒྱ་སྟག་དམར་ཡག།།
- འདི་མདུན་རི་འབྲོང་གཡག་འཕྱོར་རོ།།
- རི་སྟག་གཡག་གཉིས་ཀྱི་སྒང་ལ།།
- འདི་ཁ་ལས་དབང་བདུད་དཀར་པོ།།
- སྟོད་རི་རབ་ལྗོངས་ཀྱི་རྒྱན་རེད།།
- འདིའི་ལས་སྣ་རྒྱུ་སྐར་གཤིག་གཤིབ།།
- ཡང་གྲུབ་སྡེ་དགོན་ཁག་བདུན་པོ།།
- འདི་གསེར་གྱི་རི་བདུན་ཚང་ས།།
- འདིའི་ལྷ་སྡེ་ཤོག་ཀ་བདུན་པོ།།
- འདི་རོལ་བའི་མཚོ་བདུན་ཚང་ས།།
- དགུང་ཨ་སྔོན་ཨ་མཆོག་སྒར་བ།།
- འབྲོང་བྲེ་སེར་སྒལ་བའི་གཉེར་མ།།
- ཁྱོད་རྭ་རྩེ་བྲག་ལ་བརྡར་ནོ།།
- ཁྱོས་ཁམས་གསུམ་དབང་དུ་བསྡུས་ནོ།།
- ཁྱོས་སྟོང་གསུམ་ཟིལ་གྱིས་མནན་ནོ།།
- ཚིག་བཤད་ནོ་གནམ་ལྕགས་ཐོག་རེད།།
- ཐོག་འཕང་ནོ་ཀུན་གྱིས་ལོས་གོ།།
- ལོ་དྲུག་ཅུའི་ཚོགས་ཆེན་ཞལ་ངོ།།
- སྐད་སྙན་མོའི་གསུང་སྙན་སྒྲོག་གི།།
- ཁྱོའི་དཔེ་ཆ་ཤེལ་དཀར་མེ་ལོང་།
- དུས་རྒྱུན་ཆད་མེད་པར་གཟིག་དགོས།།
- རྟེན་ཁང་ཆེན་ཁང་དམར་ཞོལ་ན།།
- དམར་ཤུགས་སེ་གདོང་གྲལ་དཀྱིལ་ན།།
- བློ་ཡིག་རིགས་གོང་ཐང་སྐུ་ཚབ།།
- ཀ་བརྒྱད་ཅུའི་འདུ་ཁང་ནང་ལ།།
- ཕྲུག་ཐེར་མའི་གྲལ་གདན་སྟེང་ལ།།
- འདིའི་སྟག་ཕྲུག་གཟིག་ཕྲུག་རྣམས་ཀྱིས།།
- གཟིག་ཐིག་ལེ་སུའི་ཡག་ལྟ་ས།།
- སྟག་ཤར་མ་སུའི་འབབ་ལྟ་ས།།
- སྟག་དམར་ཡག་འཚོགས་འདུ་རྒན་གསུམ།།
- རྫ་ཁྲ་ཡག་ལྷ་བ་ལྷ་གཉེར།།
- བསོད་དབང་ཐང་འཕེལ་གི་རྒྱུ་རེད།།
- ཁོའི་གཡས་ཕྱོགས་ཆོས་ར་ནང་ལ།།
- ཕྱི་བང་རིམ་རྒྱ་ནག་ལྕགས་རི།།
- ནང་བང་རིམ་ཤིང་ལོ་ཡར་འཁྱིལ།།
- ནང་ཤིང་ལོ་འཁྱིལ་གི་ནང་ལ།།
- ཆོས་ཁ་དོག་དཀར་དམར་རྩོད་དུས།།
- ལས་མ་དག་ནི་ཞིག་མིན་ན།།
- འདི་མི་གོ་རྒྱུ་ཞིག་མ་རེད།།
- འདིའི་ས་དང་རྩི་ཤིང་ཡན་ཆད།།
- འདི་འབུ་དང་སྦྲང་མ་མན་ཆད།།
- འདི་མིག་གིས་གང་རིག་ས་དང་།།
- འདི་རྣ་ཡིས་གང་གོ་ས་ལ།།
- སྒྲ་ཐོས་བ་ངན་སོང་མེད་ཀི།།
- ལྷ་བྱང་ཆུབ་སྤྱན་རིས་གཟིགས་རེད།།
- འདི་ཐུགས་རྗེ་ཆེན་པོའི་གནས་རེད།།
- འདི་སྨྲ་དགོན་དགའ་ལྡན་ལྷ་གནས།།
- སྐྱབས་ཀུན་འདུས་བཀའ་དྲིན་ཅན་པོ།།
- འདིའི་སྐུ་ཕྲེང་རིམ་པ་བྱོན་ནོ།།
- འདི་གདན་ས་བྱིན་གྱིས་བརླབས་ནོ།།
- གནས་མགོན་པོ་འོད་དཔག་མེད་རེད།།
- འདི་གསེར་གྱི་རི་བདུན་ཚང་ས།།
- འདི་རོལ་བའི་མཚོ་བདུན་ཚང་ས།།
- འདི་སྨྲ་དགོན་དགའ་ལྡན་ལྷ་གནས།།
- སྐྱབས་ཀུན་འདུས་བཀའ་དྲིན་ཅན་པོ།།
- འདིའི་སྐུ་ཕྲེང་རིམ་པ་བྱོན་ནོ།།
- འདི་གདན་ས་བྱིན་གྱིས་བརླབས་ཡོད།།
- ཁོའི་དགའ་ལྡན་སེང་གེའི་གླིང་རེད།།
- ཁོའི་གླུ་ཁ་དེ་མིན་མི་ཕྱེ།།
- ཁོས་གླུ་རྔ་རྗེས་ནས་སྐྱོང་ཡོང་།།
- འབྲུ་ཐོག་པའི་རྔ་རོང་སྡེ་བཞི།།
- ཁམས་ཚ་ཁོའི་རྒྱལ་ས་ཁག་གསུམ།།
- དེ་ཟེར་ནས་འོར་གི་སྡོད་དང་།།
- ཁོའི་གླུ་རྔ་རྗེས་ནས་སྐྱོང་བ།།