Video Overview
This is a video of Tsethar Bum from Yonru Vilage in Chentsa singing a song called "In Praise of the Swift and Excellent Horse." This song is part of a collection of folk songs from the Rebgong cultural area.
- ཡེ་་་་་་དུང་ལོ་ལོ་གླུ་རེ་ལེན་་་་་་་་ཞང་ཡ་རེ་འཇོག་ལ་དུང་ལོ་ལོ་གླུ་རེ་ལེན་ཡ
- མཐོན་པོས་མཐོན་པོ༼དུང་ལོ་ལོ༽བསྟོད་ཀི་མེད། །
- དགུང་སྔོན་པོ་མཁའ་རུ༼དུང་ལོ་ལོ༽སྤྲིན་གྱིས་བསྟོད། །
- སྤྲིན་མར་ཁ་ཕྱེར་དང༼དུང་ལོ་ལོ༽ཆར་གྱིས་བསྟོད། །
- ངས་ཡང་ཡང་བསྟོད་པའི༼དུང་ལོ་ལོ༽སྨོན་ལམ་འདེབས། །
- ཡེ་་་་་་དུང་ལོ་ལོ་གླུ་རེ་ལེན་་་་་་་་ཞང་ཡ་རེ་འཇོག་ལ་དུང་ལོ་ལོ་གླུ་རེ་ལེན་ཡ
- མགྱོགས་པོས་མགྱོགས་པ༼དུང་ལོ་ལོ༽བསྟོད་ཀྱིན་མེད། །
- རྟ་འདོ་བའི་གོམ་པ་རླུང༼དུང་ལོ་ལོ༽གིས་བསྟོད། །
- རླུང་མ་ཁ་ཕྱེས་དང་རྡུལ༼དུང་ལོ་ལོ༽གྱིས་བསྟོད། །
- ངས་ཡང་ཡང་བསྟོད་པའི༼དུང་ལོ་ལོ༽སྨོན་ལམ་འདེབས། །
- ཡེ་་་་་་དུང་ལོ་ལོ་གླུ་རེ་ལེན་་་་་་་་ཞང་ཡ་རེ་འཇོག་ལ་དུང་ལོ་ལོ་གླུ་རེ་ལེན་ཡ
- ཁྲོམ་ཆེན་པོའི་ཁ་རུ༼དུང་ལོ་ལོ༽གླུ་ཡིས་བསྟོད། །
- གླུ་མ་ཁ་ཕྱེས་དང༼དུང་ལོ་ལོ༽ཆང་གིས་བསྟོད། །
- ངས་ཡང་ཡང་བསྟོད་པའི༼དུང་ལོ་ལོ༽སྨོན་ལམ་འདེབས། །