04 Nov 2014
7 min 49 sec
Video Overview
Creators:
Tibetan & Himalayan Library
This is a video of Jikgo from Gonshul Village in Rebgong telling a story called "In Praise of Meshul by Yakzé Chokdrup." This story s part of a series of folktales from the Rebgong cultural area.
- Tsekhok
- ནོར་མགོ་འཇིགས་སེར་ནོར་མགོ་ཡི་རེད།
- ནོར་མགོ་ཚང་ཟེར་བ་དམེ་ཤུལ་ནོར་མགོ་ཚང་རེད།
- ནོར་མགོ་ཚང་འདི་ལ།
- བླ་མ་ཚང་ཟེར་བ་ཞིག་ཡོད།
- བླ་མ་ཚང་ཟེར་བ་དེ་ངས་གོ་ཐོས་ལྟར་ཡིན་པ་ལས་ཁོ་ཐག་ཡིན་པ་མི་ཤེས།
- གོ་ཐོས་ལྟར་ན་བླ་རྒན་ཡིན་དུས་མག་པར་བཞག་པ་དང་།
- མག་པར་ཡོང་བ་དང་།
- མག་པར་ཡོང་ནས།
- བླ་རྒན་དེའི་བུ་ནི་བན་ལོག་ཀླུའི་མགོ་རེད།
- བན་ལོག་ཀླུའི་མགོ་ནི་བུ་བླ་མ་དོན་འགྲུབ་ཟེར་བ་དེ་རེད།
- བླ་མ་དོན་འགྲུབ་ཀྱི་བུ་ནི་ནོར་མགོ་འཇིགས་སེར་དང་ནོར་མགོ་གབ་ལོག
- ནོར་མགོ་ཟུར་རྒྱལ།
- ནོར་མགོ་རུ་ལོ་རྒྱལ་བཅས་བུ་བཞི་ཡོད།
- སྐབས་དེར་ནོར་མགོ་བན་ལོག་ཀླུའི་མགོ་ནི་ཧ་ཅང་འཁྱམ་པ་ཞིག་ཡིན།
- རྗེས་ནས་འཇིགས་སེར་རིམ་བཞིན་ནར་སོན་པ་ན།
- ཇག་མགོ་དམག་མགོ་བསྡུས་ནས་ཡར་བུད་པ་དང་།
- དེ་ནས་བོན་རྒྱ་ནས་ཆུང་མ་ཞིག་བླངས་པ་དང་།
- མི་རྐྱང་བྱས་ནས་ལ་ལུང་ལ་འཁྱམས་ནས་བསྡད།
- དེའི་སྐབས་སུ་མིང་ལ་ཅོ་ལོ་རྒྱལ་བཏགས།
- གཅིག་ཀྱང་མེད་པ་འདྲ།
- བོན་རྒྱ་ནས་ཆུང་མ་ཞིག་བླངས་པ་དང་མིང་ལ་མཚོ་རྒྱལ་ཟེར་བ་རེད།
- དེ་བླངས་པ་ནས་བཟུང་རིམ་བཞིན་ཕྱུག་པོར་གྱུར་བར་བཤད།
- དེ་ནས་ཇག་མགོ་དམག་མགོ་བྱས་ཏེ་སོག་པོ་དང་ཨ་མཆོག་གི་ཕྱོགས་སོགས་ཁ་ཟས་བྱས།
- སེམས་ཅན་གཉིས་ལ་སོ་བཏབ་པ་རེད།
- དེ་འདྲ་དཔེ་མི་སྲིད་པ་ཞིག་སྐྱེས་ནས་དེ་འདྲ་ཞིག་རེད་།
- མི་ངར་བ་ཞིག་སྐྱེས།
- སྐྱེས་པ་དེ་འདྲ་ཞིག་རེད།
- དེའི་རྗེས་ནས་དམེ་ཤུལ་གྱི་ནང་ནས་ཁོས་ཡང་བསྐྱར་ཆུང་མ་ཞིག་བླངས།
- ཆུང་མ་ཆུང་ཆུང་ཞིག་བླངས།
- དེའི་རྗེས་ནས་ནོར་མགོ་ཨ་ཁུ་ཚང་ཞེས་བརྩི་ས་ཞིག་གིས་རྩིས་བྱས་ནས།
- ཆུང་མ་ཆེ་བ་དེ་བོན་རྒྱ་ནས་བླངས་ཏེ།
- ཀ་ཏོ་ར་ཞིག་གི་ནང་དུ་མར་གྱི་ཀ་ཏོ་ར་ཞིག་ཡར་སྐྱོར་ཡོད་པ་འདྲ་ཞིག
- ཆུང་མ་རྗེས་མ་དེ་ཁ་འཇུས་ནས་རྫོགས་གྲབས་བྱེད་བཞིན་ཡོད་པ་དང་འདྲ་བས།
- ཁོ་ལ་མི་བཟང་བ་རེད་ཅེས་བཤད།
- དེ་ནས་ནོར་མགོ་འཇིགས་སེར་ཟེར་བ་དེ་ས་གྲགས་གནམ་གྲགས་སུ་གྱུར་ནས།
- དངོས་གནས་མདོ་སྨད་ལ་གྲགས།
- མགོ་ལོག་ཕྱོགས་དང་ལྷ་སའི་ལམ།
- གང་དུ་སོང་ན་བུ་རྟགས་འཇོག་པ་རེད།
- ངར་བ་ཡིན་པ་དང་དཔའ་རྟགས་འཇོག་པ་རེད།
- དེའི་འཕྲོར་ཨ་མཆོག་གི་ཕྱོགས་སུ་སོང་བ་དང་།
- དེའི་འཕྲོར་ཁེར་རྒྱུགས་བྱས་ནས་མི་གསད་པ་སོགས་སུའང་འདུས།
- མང་མོད་མཐའ་མར་བཙན་མོ་འབྲུག་རྩེ་ཟེར་བ་ཞིག་ཡོད་པ་དང་།
- སྟོང་བྱའི་ཝ་ལོ་ཟེར་བད་དང་དེ་གཉིས་མ་འགྲིག་པ་དེ་ལ་ཁག་བཞག་ནས་ས་འདབས་ཞིག་བཟུང་བ་ཡིན།
- ལོ་དེར་བསྙོན་འཛུགས་བྱས་ནས་གཏོང་ཁ་མ་ཉན་པར་རྒྱུ་ནོར་མང་པོ་ཞིག་བླངས།
- རྒྱུ་ནོར་མང་པོ་ཞིག་བླངས།
- དེའི་སྤུན་ནི་བཙན་མོ་སྤྱི་ཏོ་རེད།
- བཙན་མོ་སྤྱི་ཏོ་ནི་བུ་རྒོད་དཔེ་མེད་ཅིག་རེད།
- དེའི་འཕྲོར་རྫོང་བོན་དོན་ནག་གི་ཨ་ཕའང་ནོར་མགོས་བསད་པ་རེད།
- ནོར་མགོ་འཇིགས་སེར་གྱི་སྲས་ཀྱིས་བསད་པ་རེད།
- རྗེས་ནས་རྫོང་བོན་དོན་ནག་སོགས་པ་འགའ་ཞིག་གིས་མགོ་བསྡུས་ནས།
- འཇིགས་སྲིད་བཙན་མོ་ལ་ཡོང།
- ཁོ་ཚོས་གསོད་པར་གྲ་སྒྲིག་བྱས།
- དེའི་སྐབས་དེར་ནོར་མགོ་ཨ་ཁུ་ཁམས་པ་ཚང་གིས།
- ཁོས་རྨི་ལམ་ཞིག་རྨིས་པ་དང་།
- ཨ་མྱེས་གཉན་རི་ཚང་གི་འཁོར་དང་བཅས་པ་ཁོའི་ཁང་བའི་ནང་དུ་ཡོད།
- ཕེབས་པ་དང་མཉམ་དུ་གསེར་གཞི་ཚང་མར་ཆར་ཤ་རྒྱུགས་སོང་།
- མཆོད་མེ་སྒྲོན་པ་དང་འདྲ།
- ཡིན་མོད་ད་ཐེངས་གབ་ལོག་དང་འཇིགས་སེར་གཉིས་ཀ་གསོད་སྲིད།
- གབ་ལོག་ལ་གདུགས་དཀར་ཁྲི་ཞིག་འདོན་དགོས།
- དེ་བཏོན་ཚེ་སྐྱོན་མི་འདུག
- དེ་མ་བཏོན་ཚེ་གསོད་སྲིད།
- འཇིགས་སེར་ལ་བསང་བྱེ་བ་ཞིག་ཕུལ་དགོས།
- བསང་བྱེ་བ་ཞིག་ཕུལ་ཚེ་མི་གསོད་གི
- མ་ཕུལ་ཚེ་གསོད་སྲིད་ཅེས་བཤད་མོད།
- ངའི་དྲན་པ་སྒྲིབ་པ་རེད།
- གདུགས་དཀར་ཁྲི་བོ་དེ་འདོན་ཞེས་བཤད་པ་ཡིན།
- བསང་བྱེ་བ་དེ་ཕུལ་ཐུབ་རྒྱུ་མ་རེད་ཅེས་བཤད་པ་ཡིན།
- དེ་ནས་ཁོ་ཚོ་རྡོ་རྗེ་ཚང་གི།
- དམེ་ཤུལ་གྱི་དགོན་པ་དེ་སྔོན་ལ་གནས་དེ་ན་མེད།
- དེའི་གོང་གི་ལུང་བ་ཞིག་ན་ཡོད་པ་འདྲ།
- དེའི་ཁ་གྲངས་ལངས་ནས་གདུགས་དཀར་དེར་བསྟད་པ་དང་།
- བསང་བྱེ་བ་དེ་ངས་ཕུལ་རྒྱུ་བརྗེད་སོང་།
- མིའི་གྲལ་དུ་བྱས་ན་ཆོག་མོད་ངའི་དྲན་པ་སྒྲིབ་སོང་།
- དེ་ནས་ཨ་མྱེས་གཉེན་ཚང་འཁོར་དང་བཅས་བས་མདུན་འཛུལ་བྱེད་ཞོར་དུ་བུད་སོང་།
- དེའི་ཕྱིར་ཉིན་བསད་པ་རེད།
- ལམ་ནས་སྒུག་ཏེ་བསྡད་པ་རེད།
- དེ་ནས་ཡོང་སྐབས་རྟས་ཐེ་ཚོམ་བཟུང་ནས་མི་ཡོང་བར།
- ཐུར་འགྲས་སྒང་གསུམ་ཟེར་བ་དེ་ན་ནགས་ལམ་གཅིག་ཡོད།
- བཙན་མོ་སྤྱི་ཏོ་ཅན་སྔོན་ལ་སོང་ནས།
- གང་ནས་འབུད་པར་བལྟས་ནས།
- ཡར་ལ་བུད་སོང་ན་དེར་རྒྱུགས་པ་དང་།
- ཕར་ཚུར་གཉིས་ཀ་ནས་ལྡིང་ན་ཆོག་པ་རེད།
- ཕར་ཕྱོགས་ལ་སོང་ལ་དེར་རྒྱུགས་པ་དང་འདི་ཕྱོགས་སུ་ཡོང་ན་འདིར་རྒྱུགས་རྒྱུ།
- རྟ་མི་ཡོང་བས་ཀུ་ཞིག་བཏབ་ནས་རྟ་ལྕགས་ཀྱིས་བརྒྱབ་སྟེ།
- སྐྲ་བཅད་ཡོད་པ་དེ་གཡས་གཡོན་ལ་བླངས་པས་ད་གཟོད་རྟ་བུད་སོང་།
- ཧོ་ཞི་ཞིག་ཁྲིད་ཡོང་བ་དེ།
- དེ་ཡིས་ཁྲིད་ཡོང་སྐབས་ཁ་ཕྱིར་ལྡོག་ནས།
- དེ་གཉིས་ལསྔ་གཞུགས་ཤོར་ནས་འཇིགས་སེར་ར་མགོར་ཐོན་དུས།
- བཙན་མོ་སྤྱི་ཏོས་ལྟ་དུས་གྲོགས་པོ་ཚང་མས་བོའུ་ཡི་མཆུ་ཏོ་འདར་བཞིན་ཡོད་ཟེར།
- ད་མི་ཐུབ་ཀི
- ཁྱོད་ཚོ་གཅིག་གིས་ཀྱང་ངས་བརྒྱག་རག་བར་དུ་གཅིག་གིས་ཀྱང་མ་རྒྱག་ཟེར་ནས།
- ཟུར་དུ་འདུག་པའི་སྐབས་སུ་བོའུ་བརྒྱབ་ཏེ་གཤུ་ཕར་ལ་ཕུགས།
- བར་སྣང་དུ་ལྷུང་བ་འདྲ་ཞིག་བྱུང་།
- ཐང་ལ་ལྷུང་རྗེས་སྡོང་རྩ་ཞིག་ལ་སྦས་རྗེས།
- བཙན་མོའི་ནང་དུ་ཁྲོ་ལ་ཟེར་བ་ཞིག་ཡོད་པ་ཡར་བླངས་ཏེ།
- བོའུ་བརྒྱབ་པ་ཡིན་ཞེས།
- མ་རིག་ནི་ཚང་མ་ཡར་བླངས་བ་རེད་ཟེར།
- ཡར་བླངས་མ་ཐག་བོའུ་ཁ་གྲག་པ་ན་རྩམ་ཁུག་ལ་ཁུང་བུ་ཞིག་གཏད་ཡོད་ཟེར།
- དེའི་སྐབས་སུ་ཡང་བསྐྱར་ཚད་ནས་འདུག་པ་ན།
- བཙན་མོ་སྤྱོ་ཏོ་མ་འགུལ་མ་འགུལ་ཡུབ་ནས་སྡོད་ཟེར་ནས།
- ཁོ་རང་འགྲམ་ནས་ཡོང་སྟེ་རྩིབ་ནས་བུད་དེ།
- མདུན་ཕྱོགས་ནས་མ་བུད་པར་རྩིབ་ནས་བུད་དེ།
- བོའུ་འཕངས་པས་དེ་ནས་གསད་པ་རེད།
- གསོད་རྒྱུ་དེ་དོན་དག་ཆེན་པོ་ཞིག་མ་རེད།
- ཁོ་ལ་མཚོན་ན་ཡང་ཞེ་འདྲེ་རྡོ་འདྲེ་ལ་སོང་ཡོད་པ་རེད།
- ཁོ་ཡང་བཟང་དགོས་པ་རེད།
- དེ་མ་གཏོགས་ནོར་མགོ་ཨ་ཁུ་ཚང་ནས་དེ་ནས་བཟུང་སྐྱོན་མེད་མོད།
- འོན་ཀྱང་ཁོའི་ལས་དབང་ཡང་རྫོགས་སོང་བ་རེད།