Video Overview
This is a video of Kesang from Garu Village in Chentsa singing a song called "Praise to the Joyous Ambrosia." This song is part of a collection of folk songs from the Rebgong cultural area.
- ༼ཡེ་་་་ཡ་རེ་་་ཨ་ཁུ་་་ཡ་རེ་ལེན་དགོ༽
- སྟོད་ཀྱི་སྨུག་དང༼ཨ་ཁུ༽སྨད་ཀྱི་སྨུག། །
- སྨུག་འདྲ་འདྲ་ཡིན་ནོ༼ཨ་ཁུ༽དྲུག་པ་རེད། །
- ཟླ་དྲུག་པའི་ངོ་སོ༼ཨ་ཁུ༽ཡར་ལ་བསྟོད། །
- སྟོད་ཀྱི་ཆུ་དང༼ཨ་ཁུ༽སྨད་ཀྱི་ཆུ། །
- ཆུ་འདྲ་འདྲ་ཡིན་ནོ༼ཨ་ཁུ༽རྨ་ཆུ་རེད། །
- ཆུ་རྨ་ཆུའི་ངོ་སོ༼ཨ་ཁུ༽ཡར་ལ་བསྟོད། །
- ལ་ཡི་མྱི་དང༼ཨ་ཁུ༽ལུང་གི་མྱི། །
- མྱི་འདྲ་འདྲ་ཡིན་ནོ༼ཨ་ཁུ༽བདུད་རྩི་ཆང་། །
- ཆང་བདུད་རྩིའི་ངོ་སོ༼ཨ་ཁུ༽ཡར་ལ་བསྟོད། །
- གླུ་ཤེས་ནི་མིན་ཡང༼ཨ་ཁུ༽རྩེད་དགའ་ཡིན། །