Video Overview
The characteristics of a good horse are extolled in this song.
- རྣ་མགོ་ནི་བདུད་ཀྱི་སོ་བ་དགོས།།
- རྣ་རྐེད་ནི་འཆམ་པའི་རྐོང་ལུང་དགོས།།
- རྣ་ཞོལ་ནི་ཟངས་མའི་སྦུ་གུ་དགོས།།
- ཕུན་ཕུན་ནི་ཅ་ལ་གཏར་འདྲ་དགོས།།
- མིག་སྒམ་ནི་སྦལ་བ་ཙི་ལང་དགོས།།
- མིག་གཉིས་ལྷ་ཕྲུག་ཉིས་འགྲོག་དགོས།།
- ཙི་ཙི་ར་མའི་གདོང་བ་དགོས།།
- གཡང་དཀར་ནི་ལུག་གི་འགྲམ་པ་དགོས།།
- སྣ་གཉིས་ནི་རྒྱ་གླུང་འབུད་སྒྲ་དགོས།།
- ཡ་ཁ་ནི་པོ་ཏི་བརྩིགས་འདྲ་དགོས།།
- མ་ཁ་ནི་ཐོམ་རྐུབ་བཏགས་འདྲ་དགོས།།
- སྐེ་ལེ་ནི་རྒྱ་གཞུ་བཀུག་འདྲ་དགོས།།
- རྔོག་མ་ནི་ལྷོ་སྤྲིན་འཁྱིལ་ཡག་དགོས།།
- སོག་པ་ནི་མེ་ལོང་སྒོར་འདྲ་དགོས།།
- དཔུང་བ་ནི་ལུག་ཐུང་བཅུག་འདྲ་དགོས།།
- ལག་གཉིས་ནི་སྤོས་ཐུར་གཤིབ་འདྲ་དགོས།།
- རྨིག་པ་ནི་བ་རུ་ཐུར་སྒོར་དགོས།།
- སྒལ་བ་ནི་སྦྲུལ་ནག་རྒྱུགས་འདྲ་དགོས།།
- རྔ་མ་ནི་བྲག་ཐོག་ཆུ་ཕྱར་དགོས།།
- རྔ་སྣེ་ནི་ཁྭ་ཏ་ཆུ་འཐུང་དགོས།།
- རྩིག་ཆེན་ནི་གུར་ཆེན་ཕུབ་འདྲ་དགོས།།
- རྩིག་ཆུང་ནི་གུར་ཆུང་ཕུབ་འདྲ་དགོས།།
- གཉིས་རྒྱ་ཟོར་བཀུག་འདྲ་དགོས།།
- ཚས་ཕུན་ར་མའི་མན་རྩིད་དགོས།།