25 Sep 2014
2 min 19 sec
Video Overview
Creators:
Tibetan & Himalayan Library
Khamo Kyi from Chuma village in Repgong sings a song in praise of the beauty of the Saba region.
བརྙན་འདིར་ས་འབའ་ཞེས་པའི་ཡུལ་འདིའི་རྩྭ་རྩི་ཤིང་དང་རི་ར་བ། ལ་ལུང་བ་སོགས་ལ་དཔེ་དང་དཔེ་ཅན་གྱི་ཚུལ་ཏུ་བསྟོད་པ་བྱས་ཡོད།
ས་བསྟོད་ནི་ས་ཆ་ག་གེ་མོ་ཞིག་ལ་བསྟོད་པ་བྱེད་པ་སྟེ། བསྟོད་པ་བྱེད་ཡུལ་གྱི་ས་ཆ་ལ་ཡུལ་གཞན་དང་མི་འདྲ་བའི་ཁྱད་ཆོས་ཡོད་པ་སོགས་དཔེ་དང་དཔེ་ཅན་དང་། ཚིག་སྦྱོར་བདེ་ཞིང་གོ་སླ་བའི་ཁྱད་ཆོས་ལ་བརྟེན་ནས་ཕྱོགས་མི་འདྲ་བའི་ཆ་ནས་བསྟོད་པ་བྱེད་པ་ཞིག་ཡིན་ལ། བརྙན་འདིར་ས་འབའ་ཞེས་པའི་ལྗོངས་འདིའི་རི་ཆུ་ནགས་གསུམ་ལ་བསྟོད་པ་བྱས་ཡོད་ལ། ས་འབའ་ཡི་རྩྭ་རྩི་ཤིང་དང་རི་ལུང་བ། བྲག་རྫ་ཡག་སོགས་དཔེ་དང་དཔེ་ཅན་གྱི་ཚུལ་དུ་བརྗོད་ནས་ས་འབའ་ཡི་ཡུལ་འདི་ལ་བསྟོད་པ་བྱས་ཡོད།
藏民族喜欢会用优美的歌声或诗歌来赞美故乡的山山水水。本视频也运用了比喻的方法赞颂了巴域。
藏民族喜欢会用优美的歌声或诗歌来赞美故乡的山山水水。本视频也运用了比喻的方法赞颂了巴域。
- Repgong
- མ་བུ་མོའི་དུང་སྐྲ་བཏགས་འདྲ་ཡོད་མོད།
- ས་འབའ་ཡི་ཆུ་མགོ་ཁྲ་ལྡང་རེད།
- གླུ་དོ་ཟླ་འཐེན་གི་ནས་འདྲ་རེད།
- ས་འབའ་ཡི་ས་ཁུལ་དོའུ་ཟླ་ཡང་རེད།
- གླུ་ཐོ་ལེ་འདྲ་ཞིག་ལེན་འདྲ་ཡང་བོ།
- ས་འབའ་ཡི་བན་ཡུན་ཡུ་ཐོ་ཡང་རེད།
- ལུག་མཚེར་རུ་ཤོབ་ལ་ཕབ་འདྲ་ཡང་གོ
- ས་འབའ་ཡི་རྩི་ཏོ་དཀར་ལྡང་ཡང་རེད།
- མཚོ་སྔོགས་པའི་རྩེད་ར་སྐྱེས་འདྲ་ཡང་བོ།
- ས་འབའ་ཡི་ངག་གཙང་སྐྱེས་ར་ཡང་རེད།
- རྟ་ར་ར་རོང་རྟགས་བཏགས་འདྲ་ཡང་བོ།
- ས་འབའ་ཡི་གད་པ་གཡང་ར་ཡང་རེད།
- བྲག་དམར་པོའི་ཆོས་ཁང་བརྩིགས་འདྲ་ཡང་བོ།
- ས་འབའ་ཡི་བྲག་དམར་མགོན་ཁང་ཡང་རེད།
- རྟ་འདོ་བ་རྒྱོགས་ལ་བརྒྱབ་འདྲ་ཡང་བོ།
- ས་འབའ་ཡི་རྐ་འབའ་སུམ་འདོ་ཡང་རེད།
- འབྲི་ཐོ་མོའི་མངོན་གཞུང་བྱེད་ས་ཡང་བོ།
- ས་འབའ་ཡ་རྨ་ཀླུང་གོང་མ་ཡང་རེད།