Video Overview
The video shows kind of a joke. Tshering Dorji from Pemagatshel district basically describes how different mammals have sex, including horses, oxen, chickens, cats and humans. Sex among animals is common and everyone knows about it, but a unique sexual tradition among humans in eastern Bhutan is very different. Popularly known as Nyamnang (women hunting) in Tshanglakha/Sharchop, this tradition occurs mainly in remote parts of the country where women go to guard their crops from wild animals in the fields. The result of this custom are victimized women and the issue of fatherless children, which has been gaining in attention during the past few years.
༉ རེད་ལ་སོགས་པ་འབྲུའི་རིགས་བརྡུང་ནི་འདི་ ང་བཅས་རའི་འབྲུག་རྒྱལ་ཁབ་ནང་ ཧེ་མ་ལས་ར་དར་ཁྱབ་ཆེ་ཏོག་ཏོ་སྦེ་ཡོད་པ་གིས་མ་ཚད་ ས་གནས་མཐའ་ཟུར་ལས་ཕར་ ད་ལྟོའི་བར་ན་ཡང་སྔོན་དང་ཕུའི་ལུགས་སྲོལ་སྦེ་ར་ལག་ལེན་འཐབ་དོ་ཡོདཔ་ཨིན། ཨིན་རུང་ ད་རེས་ནངས་པའི་འཕྲུལ་ཆས་ལག་ལེན་འཐབ་མི་ལུ་བརྟེན་ ལཱ་འབད་ནི་ལུ་འཇམ་དོ་ཡོདཔ་ལས་ སྔར་སྲོལ་ལམ་ལུགས་ཚུ་ ཉམས་འགྱོ་བའི་ཚ་གྱང་དང་ མ་འོངས་བུ་རྒྱུད་ཚུ་གིས་ ཧེ་མའི་ཕམ་ཚུ་ག་དེ་སྦེ་སྡོད་ཅི་ག་ཡང་མི་ཤེས་ནི་ཨིན་མས། ཐངམ་བརྡུང་ཐངས་དེ་ཡང་ སྤྱིར་བཏང་གི་ མི་གཉིས་ཀྱིས་འབད་ལག་ལྷི་ལག་ལེན་འཐབ་རྡུངམ་ཨིན་རུང་ མི་ཡོད་པ་ཅིན་ མི་གསུམ་སྦེ་ཡང་བརྡུང་སྲོལ་ཡོདཔ་བཞིན་དུ་ གློག་བརྙན་འདི་ནང་ཡང་ པདྨ་དགའ་ཚལ་མཁོ་ལོམ་རི་ལས་ བདེ་ཆེན་དང་གླུ་ཆོས་བཟང་མོ་ ལྷ་འཛོམས་གསུམ་གྱིས་འབད་བརྡུངམ་ཨིན་པས།
- Shingchongri
- Pemagatshel
- བདེ་ཆེན་/ Dechen:འ་ནཱེ རྡུང་ཚར་ཞིནམ་ལས་ ཚལ་མ་ནང་གི་ཀེ་བ་དང་སླ་བསྲེ་སྟེ་ ཐུགཔ་འཐུང་ནི་ཨིན་ན?
- བདེ་ཆེན་/ Dechen:ལོངམ་ད་ ཁྱབ་ནི་ཨིན་ན་ཟེར་བ་ཅིན་
- གླུ་ཆོས་བཟང་མོ་/ Luche Zangmo:ཕར་འབད་ ང་གིས་འབད་གེ་
- བདེ་ཆེན་/ Dechen:ཨ་མ་ ཁྱོད་ཀྱིས་ ཤིང་གུ་ཕོག་དོ། ཨུབ་ཀྱིས་ ཤིང་འཕྱག་བདའ་འོང།
- ལྷ་འཛོམས་/ Lhazom:འབད་ད་ མགྱོགས་པར་མི་རྫོགས་ནི་ཨིན་མས།
- བདེ་ཆེན་/ Dechen:ཏ་མ་ཏེ་ ཨ་ལོ་གིས་ ཚལ་མ་ནང་གི་ ཀེ་བ་འབག་བྱིན་འོང་། ཀེ་བ་སླ་བསྲེ་སྟེ་ བཟའ་དགོཔ་འོང་།
- བདེ་ཆེན་/ Dechen:དེ་ལས་ཏེ་ གུར་རྩི་(getting inside the small holes)མི་བཏུབ་ཟེར་འོང་
- ལྷ་འཛོམས་/ Lhazom:ན་མི་དྲག་འོང་ད་(?)
- བདེ་ཆེན་/ Dechen:བཟའ་ཟེརཝ་ད་ ཤ་བཟའ་བཞག་ནི།
- གླུ་ཆོས་བཟང་མོ་/ Luche Zangmo:བཟའ་ད་སྟེ་ ཁོང་གི་འདི་ མི་བཟའ། ང་བཅས་ར་བཟའ་ནི་
- བདེ་ཆེན་/ Dechen:ལག་འདི་བྱིན་མིན་དགོ་ རང་གི་ཁྱིམ་ནང་བཟའ་ནི་
- བདེ་ཆེན་/ Dechen:བཟའ་ར་བཟའ་ད་ནི་ ཏ་མ་འདི་
- ལྷ་འཛོམས་/ Lhazom:ཐམ་རྡུངམ་ད་འདི་
- བདེ་ཆེན་/ Dechen:ད་ལྟོའི་དུས་ལུ་འདི་
- བདེ་ཆེན་/ Dechen:མ་བགའ་མ་བགའ་ ད་ ད་རུང་ ཚར་ཅིག་འབད་ནི་
- ལྷ་འཛོམས་/ Lhazom:ལེགས་ཤོམ་སྦེ་མ་བརྡུང་པར་
- གླུ་ཆོས་བཟང་མོ་/ Luche Zangmo:ཉིནམ་འཛུལ་ཏེ་ར་འགྱོ་དོ་མས་
- ལྷ་འཛོམས་/ Lhazom:ཏ་མ་ ཆུམ་གྱི་མི་བཏུབ་འོང་མས། གནམ་སྲོ་དོ།
- བདེ་ཆེན་/ Dechen:ཁྱིམ་ནང་ ཆུ་འདི་ཆུ་མེད།
- བདེ་ཆེན་/ Dechen:ཆུ་འདི་ ཆུའི་མཐའ་མ་ལས་དབོག་དགོ།
- གླུ་ཆོས་བཟང་མོ་/ Luche Zangmo:ངེ་ཁྱིམ་ནང་ ཤིང་མེད།
- བདེ་ཆེན་/ Dechen:ཨ་ལོ་ཚུ་ཡང་ ལྟོཝ་བཀྱེས་ཏེ་ ལཱ་ཁག་བཏང་དོ་ལགས།
- ལྷ་འཛོམས་/ Lhazom:དབའི་ལོང་ད་ ད་འབདན་
- ལྷ་འཛོམས་/ Lhazom:ཁྱེད་གཉིས་ཀྱིས་
- བདེ་ཆེན་/ Dechen:ང་རྒས་སོང་ཡི། མི་ལོང་ ཁྱེད་ཀྱིས་ལོང་ད་
- ལྷ་འཛོམས་/ Lhazom:ང་གིས་འབད་གེ་
- བདེ་ཆེན་/ Dechen:ང་རྒས་སོང་ཡི།
- བདེ་ཆེན་/ Dechen:ཕྱེ་ཡོད།
- གླུ་ཆོས་བཟང་མོ་/ Luche Zangmo:གཡང་རེད་ཐམ་རྡུངམ་ད་ཏེ་ འཇམ་ཏོང་ཏོ་མིན་འདུག་ རྡུངམ་ད་འདི
- བདེ་ཆེན་/ Dechen:ཧེ་མ་དེ་ འཇམ་ཏོང་ཏོ་མེད།
- བདེ་ཆེན་/ Dechen:གནམ་མེད་ས་མེད་ས་ཀྲག།
- ལྷ་འཛོམས་/ Lhazom:བཏུབ་ནུག་ག?
- གླུ་ཆོས་བཟང་མོ་/ Luche Zangmo:མིན་འདུག་ མ་བཏུབ་པས།
- ལྷ་འཛོམས་/ Lhazom:ཡ་ འབད།
- གླུ་ཆོས་བཟང་མོ་/ Luche Zangmo:དེ་སྦེ་ར་འཐེན་ད་
- ལྷ་འཛོམས་/ Lhazom:མ་པ་ལས་ར་ཤེས་ནི་མིན་འདུག་ ང་བཅས་གསུམ་
- བདེ་ཆེན་/ Dechen:འགྱེལ་ཏ་རྐྱབ་མས་
- བདེ་ཆེན་/ Dechen:བཏུབ་སྦེ་རང་འབད་ནི་སྨོ? ཧ་ལམ་ཅིག་སྦེ་བཟའ.
- ལྷ་འཛོམས་/ Lhazom:འཁྱབ་ད་ ད་འབདན་འཁྱབ།
- བདེ་ཆེན་/ Dechen:ལགཔ་ཚརཝ་མས་ ང་འདི་མི་བརྡུང་།
- ལྷ་འཛོམས་/ Lhazom:ཡ་
- བདེ་ཆེན་/ Dechen:འཁྱབ་ད་འབདན།
- ལྷ་འཛོམས་/ Lhazom:གཡང་རེད་བཟེད་ད།
- གླུ་ཆོས་བཟང་མོ་/ Luche Zangmo:གཡང་རེད་ འདི་གི་ཕབས་མི་བཟོ་ག?
- ལྷ་འཛོམས་/ Lhazom:ང་འདི་ ཕབས་ཡང་མི་བཟོ།
- ལྷ་འཛོམས་/ Lhazom:ཆང་ཡང་མི་འཐུང་།
- ལྷ་འཛོམས་/ Lhazom:ང་ཆང་ཡང་འཐུང་ནི་མེད།
- གླུ་ཆོས་བཟང་མོ་/ Luche Zangmo:ཨ་མ་ རླུང་འཕུ་དོ།
- ལྷ་འཛོམས་/ Lhazom:ཡ་འཁྱབ།
- གླུ་ཆོས་བཟང་མོ་/ Luche Zangmo:ད་འབདན་འོང་དེས།
- ལྷ་འཛོམས་/ Lhazom:འགྲོས་ཀྱི་སྦེ་དབོག།
- ལྷ་འཛོམས་/ Lhazom:ཕགཔ་ལུ་བྱིན་ནི་ཕགཔ་ལུ་
- གླུ་ཆོས་བཟང་མོ་/ Luche Zangmo:ཡ་ ཁྱོད་ཀྱིས་གཅིག་འབད་ད།
- གླུ་ཆོས་བཟང་མོ་/ Luche Zangmo:མི་བཟེད།
- ལྷ་འཛོམས་/ Lhazom:འ་ནཱི།
- ལྷ་འཛོམས་/ Lhazom:ཕགཔ་ལུ་བྱིན་ནི།
- བདེ་ཆེན་/ Dechen:འདི་སྦུག་ལུ་མ་ལྷོད་ཟེར་ཨིན་མས། བར་ན་མ་ལྷོད་ཡ?
- ལྷ་འཛོམས་/ Lhazom:མ་ཤེས་ཏེ།
- བདེ་ཆེན་/ Dechen:ཆུམ་དང་གཅིག་ཁར་སླ་བསྲེ་སྦེ་བཟའཝ་ད་ གནམ་མེད་ས་མེད་ཞིམ་ཨིན།
- ལྷ་འཛོམས་/ Lhazom:གཡང་རེད་རྐྱངམ་གཅིག་ཡང་ཞིམ།
- གླུ་ཆོས་བཟང་མོ་/ Luche Zangmo:གཡང་རེད་རྐྱངམ་ཅིག་ཡང་གསེརཔོ་སྦེ་སྡོད་འོང་།
- ལྷ་འཛོམས་/ Lhazom:ལུས་འོང་། ཨེ་མ་དང་གཅིག་ཁར་འབདཝ་ད་
- བདེ་ཆེན་/ Dechen:གཡང་རེད་ཀྱི་ཆུམ་རྐྱངམ་ཅིག་བཟའཝ་ད་ཡང་ ཆུམ་དགོཔ་ཨིནམ་འདྲས་
- ལྷ་འཛོམས་/ Lhazom:སྤྱི་དཔོན་ལུ་ཕུལ་ནི་ཨིན།
- ལྷ་འཛོམས་/ Lhazom:ཨེ་མ་སྐམ་ར་མ་ཉོ།
- བདེ་ཆེན་/ Dechen:ག་ར་བརྡུང་ནི།
- གླུ་ཆོས་བཟང་མོ་/ Luche Zangmo:ང་ འོང་དོ་འོང་དོ་ང་།
- ལྷ་འཛོམས་/ Lhazom:ཡ་ འབད་ད།
- གླུ་ཆོས་བཟང་མོ་/ Luche Zangmo:ཡ་ བླ་མ་མཁན་ནོ་
- ལྷ་འཛོམས་/ Lhazom:བརྡུང་མི་བརྡུང་།
- གླུ་ཆོས་བཟང་མོ་/ Luche Zangmo:ག་ར་འདི་ནང་བརྡུང་དགོ།
- བདེ་ཆེན་/ Dechen:ང་བཅས་གཉིས་ཀྱི་བར་ན་ བར་ན་འབད་དགོ་ འབད་དེ་བཟའ་(?)
- བདེ་ཆེན་/ Dechen:སྦུག་ལུ་འབད་དགོ། ཟུར་ཁ་བཏང་མས།
- ལྷ་འཛོམས་/ Lhazom:སྦུག་ལུ་འབད་ད་
- བདེ་ཆེན་/ Dechen:མགྱོགས་པར་འབད་ད་ མགྱོགས་པར་མ་འབད་བ་ཅིན་
- གླུ་ཆོས་བཟང་མོ་/ Luche Zangmo:ང་གིས་ མགྱོགས་པར་ག་དེ་སྦེ།
- ལྷ་འཛོམས་/ Lhazom:ག་ཅིག་མགྱོགས་པར་
- གླུ་ཆོས་བཟང་མོ་/ Luche Zangmo:ཕོག་འོང་མས་
- བདེ་ཆེན་/ Dechen:ང་ཤིངགུ་ ཕོག་རུང་ཕོག་ཅུག། ཁྱེད་གསུམ་ག་ཅི་
- ལྷ་འཛོམས་/ Lhazom:ཁྱོད་ཀྱི་ ནངས་པ་ལྟོ་འབག་ནི།
- གླུ་ཆོས་བཟང་མོ་/ Luche Zangmo:ཡ་བླ་མ་མཁྱེན་ནོ་ ང་བཅས་གསུམ་འཐབ་ཅི་ར།
- ལྷ་འཛོམས་/ Lhazom:ལོང་དགོ་ལོང་དགོ་པས།
- བདེ་ཆེན་/ Dechen:བརྡུང་མ་ཚར་ མ་ཚར་བར་
- གླུ་ཆོས་བཟང་མོ་/ Luche Zangmo:ལོང་ལོང་།
- ལྷ་འཛོམས་/ Lhazom:ཁྱོད་ལུ་འདི་ མ་འབོ་བར་ ངེ་གི་འདི་ ག་གིས་ཡང་ ག་ཅི་ཡང་མི་སླབ།
- ལྷ་འཛོམས་/ Lhazom:དེ་སྦེ་ར་བཏུབ
- གླུ་ཆོས་བཟང་མོ་/ Luche Zangmo:བཏུབ་དོ་འོང་ག་སྨོ? ག་ཅི་
- ལྷ་འཛོམས་/ Lhazom:མིག་གི་མི་མཐོང་མས་ ང་འདི་
- ལྷ་འཛོམས་/ Lhazom:འགྲོས་ཀྱིས་སྦེ་ བདའ་མ་ཤོག་མས་
- གླུ་ཆོས་བཟང་མོ་/ Luche Zangmo:འོང་ཟེར་སླབ་ཅི།
- ལྷ་འཛོམས་/ Lhazom:ཡ་བླ་མ་མཁྱེན་ནོ་
- བདེ་ཆེན་/ Dechen:ང་ ནཝ་མས་ཟེརཝ་ད་ ཁྱེད་གཉིས་
- བདེ་ཆེན་/ Dechen:བཏུབ་པས་ག?
- ལྷ་འཛོམས་/ Lhazom:བཏུབ་ནི་འདི་བཏུབ་པས་ག?
- ལྷ་འཛོམས་/ Lhazom:ང་གིས་ མིག་གི་མི་མཐོང་མས།
- བདེ་ཆེན་/ Dechen:འ་བཏུབ་ ལེགས་ཤོམ་མ་འགྱོ་རུང་ ཁྱེད་གསུམ་ སྦང་ཆང་དང་ ཀེ་བ་གི་རང་བཏུབ།
- གླུ་ཆོས་བཟང་མོ་/ Luche Zangmo:མིན་འདུག།
- ལྷ་འཛོམས་/ Lhazom:ད་རུང་ ཚར་གཅིག་འབད་ནི་ ད་རུང་ཚར་གཅིག་
- ལྷ་འཛོམས་/ Lhazom:ཏ་མ་ ལེགས་ཤོམ་མི་འོང་ ལོག་འབད་ད་
- གླུ་ཆོས་བཟང་མོ་/ Luche Zangmo:མགྱོག་པར་འབད་ད་ ཉིནམ་འཛུལ་དེས་
- ལྷ་འཛོམས་/ Lhazom:ཚོགས་འབག་འགྱོ་ནི།
- ལྷ་འཛོམས་/ Lhazom:ཚོགས་འགྱོཝ་ད་འབག་ནི།
- གླུ་ཆོས་བཟང་མོ་/ Luche Zangmo:ཡ་ ད་འབདན་བཏུབ་པས།
- ལྷ་འཛོམས་/ Lhazom:ཡ་ བཏུབ་པས།
- བདེ་ཆེན་/ Dechen:བརྡུང་ད་མ་བཏུབ་པར་ ག་དེ་སྦེ་སྨོ་ འདི་བཟུམ་འདི?
- བདེ་ཆེན་/ Dechen:རྡུང་ནི་འདི་རྡུང་ཡི། རྡོ་ཐོནམ་མས་
- ལྷ་འཛོམས་/ Lhazom:ཡ་ཁྱེད་གཉིས་ཀྱི་འཁྱབ་ད།
- བདེ་ཆེན་/ Dechen:ཁྱེད་གཉིས་ཀྱིས་
- གླུ་ཆོས་བཟང་མོ་/ Luche Zangmo:ག་ཅི་སྦེ་བག་ཡེང་འགྱོ་ཡི?
- བདེ་ཆེན་/ Dechen:ཕབས་བཟོ་ནི་གི་ ཨོམ་བཟེད་པར་སོང་ཡི།
- གླུ་ཆོས་བཟང་མོ་/ Luche Zangmo:ཨ་ཀ་ ལྷོད་འདུག་འ་ནཱ་ལུ།
- ལྷ་འཛོམས་/ Lhazom:ཕགཔ་དང་བྱམོ་ལུ་ག་ཅི་བྱིན་ནི?
- ལྷ་འཛོམས་/ Lhazom:ཕབས་བཟོ་དགོ་ནི་ཨིན་མས་ས།
- ལྷ་འཛོམས་/ Lhazom:ཆུང་ཀུ་ཆུང་ཀུ་ཐོན་མས།
- བདེ་ཆེན་/ Dechen:འདི་ཞིང་འདི་ ཚལ་མ་ནང་བཟོ་ཡི།
- བདེ་ཆེན་/ Dechen:ཁྱོད་ཀྱིས་འདི་མི་ཤེས་ཁྱིམ་ནང་སྡོད་ཅི།
- ལྷ་འཛོམས་/ Lhazom:ཡ་
- གླུ་ཆོས་བཟང་མོ་/ Luche Zangmo:འཁྱབ་ད་ཁྱོད་ཡང་
- ལྷ་འཛོམས་/ Lhazom:ཁྱོད་ཀྱིས་འབད་ད་ ཡ་ ཁྱོད་ཀྱིས།
- གླུ་ཆོས་བཟང་མོ་/ Luche Zangmo:ལྟོ་ལེགས་ཤོམ་མ་ཐོན་པས་
- བདེ་ཆེན་/ Dechen:ད་འབདན་ག་ཏེ་འགྱོ་ཡི?
- ལྷ་འཛོམས་/ Lhazom:མི་ཤེས་ ལཱ་སར་འགྱོ་འགྱོཝ་འོང་།
- བདེ་ཆེན་/ Dechen:སྦང་ཆང་བཀལ་མས།ད་ གཡང་རེ་རྡུང་ཡི།
- ལྷ་འཛོམས་/ Lhazom:ཁྱོད་འདི་ སྦང་ཆང་འཐུང་སྡོད་ན་ ལྟོ་བཟོ་ནི?
- བདེ་ཆེན་/ Dechen:ཨ་ཀ་ ལྟོའི་རྫམ་བཀལ་ཡི་ ཆུམ་བླུག་ནི་
- ལྷ་འཛོམས་/ Lhazom:ལྟོ་བཟའ་ནི་མིན་འདུག་ཟེརཝ་ད་ སྦང་ཆང་བྱིན་ནི་ཨིན་ན་ ཁྱོད་ཀྱི་འདི?