Video Overview
༉ བྱཱ་སྲིབ་བཟོ་ཐངས་དེ་ཡང་ སྤ་རོ་ཆ་འོག་ ཧཱུཾ་རལ་ལུ་ མགོནམ་ཚེ་རིང་དང་ཚེ་རིང་ལྷམོ་ ཀུན་བཟང་རྒྱལ་མཚན་གསུམ་གྱིས་ རང་ལུགས་ཀྱི་ལམ་ལུགས་ཐོག་ ཐབ་གུ་མེ་འཕུ་ རེད་སླ་ངའི་ནང་བསྔོ་ཞིན་ན་ ལྷིའུ་ནང་བླུགས་ཏེ་ མི་གཉིས་ཆ་སྟེ་ ལག་ལྷིའུ་གིས་འབད་བརྡུངམ་ཨིན་མས། ཚེ་རིང་ལྷམོ་གིས་ ལགཔ་གཅིག་གིས་ ཟན་སྐྱ་གིས་དཀྲུགས་ འོག་ལུ་ཡོད་མི་ཚུ་ལྷོངས་ཡི་ར་སྤུས་རྩ་འབད་བརྡུངས་ཏེ་བཟོཝ་ཨིན་མས། དེ་ཡང་ མགྱོནམ་རེ་འོངམ་ད་ ཇ་རྩམ་གྱི་ནང་ལས་ རྡིག་རྡིགམ་སྦེ་རྩིསཝ་ཨིནམ་ད་ དེ་སྦེ་བཟོ་ཞིན་ན་ ཚོང་སྒྱུར་ཡང་འཐབ་སྟེ་མ་དངུལ་ཡང་བཟོ་དོ་ཡོདཔ་ཨིན་མས།
- Hungrelkha