Video Overview
Karma Wangzom from Richanglu village in Martshala gewog, Samdrup Jongkhar sings a boedra song entitled “Trangmola Naray,” which means “the Poor Woman Says.” This song is type of Alo song, which is a sentimental song, usually sung after the departure of a friend, relative, or loved one. People also often sing these songs while working alone in a field or tending cattle. She said that she did not know who composed the song, and learned it from village elders.
བསམ་གྲུབ་ལྗོངས་མཁར་རྫོང་ཁག་ མར་ཚ་ལ་རྒེག་འོག་ རི་ཆངས་ལུ་གཡུས་ཚན་ནང་ལས་ ཀརྨ་དབང་འཛོམས་ཀྱིས་ བོད་སྒྲའི་གླུ་གཞས་ སྤྲང་མ་ལ་ན་རེ་ཟེ་མི་འདི་འཐེན་ནི་འདུག གླུ་གཞས་འདི་ བསྲན་རང་མ་ཚུགས་པའི་ གླུ་གཞས་སྐྱོ་སི་སི་ཅིག་ཨིནམ་དང་ གླུ་གཞས་འདི་ ཨ་ལོ་གླུ་གཞས་གི་དབྱེ་ཁག་ཅིག་ཨིན་མས། གླུ་གཞས་འདི་ རང་སོའི་ཆ་རོགས་དང་ སྤུན་ཆ་ དེ་ལསརང་གི་དགའ་བའི་མི་ཚུ་དང་ཅིག་ཁར་ ཁ་འབྱལ་བའི་སྐབས་འཐེནམ་ཨིན་མས། དེ་མ་ཚད་ མི་ཚུ་གི་ ཁོ་རང་རྐྱངམཅིག་ ཞིང་ནང་ལུ་ལཱ་འབད་བའི་སྐབས་དང་ ནོར་འཚོ་སྡོད་པའི་སྐབས་ཡང་འཐེན་དོ་ཡོདཔ་ཨིན་མས། མོ་གི་སླབ་མི་ནང་ གླུ་གཞས་འདི་ མོ་གི་ མི་རྒན་ཤོས་ཚུ་ལས་ལྷབ་ཡོདཔ་ཨིན་རུང་ གླུ་གཞས་རྩམ་མི་འདི་ ག་ཨིན་ན་མི་ཤེས་ཟེརཨིན་མས།
- ཀརྨ་དབང་འཛོམས་ཨའེ་སྤྲང་མོ་ང་རའི་སྤྲང་མོ། །ཆུ་མོ་བསྐོར་བ་ཐལ་དོ། །
- ཀརྨ་དབང་འཛོམས་ཨའེ་བཤེད་ཅིག་ཨ་ལྕེ་ལ་བ། །ཨའེ་བཤེད་ཅིག་བུ་དང་བུ་མོ། །
- ཀརྨ་དབང་འཛོམས་ཨའེ་སྐར་མའི་རྒྱ་ལ་དཔལ་འཛོམས། །ཨའེ་ཟུངས་ཤིག་སྐར་མའི་(མ་)སྨིན་དྲུག །
- ཀརྨ་དབང་འཛོམས་ཨའེ་ནུབ་བྱང་མཚམས་ལས་སོང་འདུག །ཨའེ་སོང་སོང་མགྲོན་པོས་གསུང་དོ། །
- ཀརྨ་དབང་འཛོམས་ཨའེ་མ་ཕན་ནད་པའི་(པ་)ཤི་ན། །བཀའ་དྲིན་ཆེ།། །།