Video Overview
Tsomo from Gartsé village in Tsekhok tells the story of how a poor man first became rich and then became poor again.
- ཞི་ལུ་སྤྲང་བོ་གཅིག་ཀྱང་མེད་པ་ཞིག་ཡོད།
- ཨ་མ་ཤི་བའི་རྗེས་ནས་ཁོ་རང་ལྡོམ་ནས་མཚོ་ཁ་ཞིག་ལ་སོང་ནས།
- གྲོ་མ་འཐུ་ཞོར་དང་གླུ་ལེན་ཞོར་དུ་བསྡད།
- དེ་ལྟར་བསྡད་པའི་སྐབས་སུ།
- ཞི་ལུ་གྲོ་འཐུ་ཞེས།
- ཕྱི་དྲོ་ཞིག་ལ་རྒོད་ཅིག་གིས་ཤ་འདྲ་བ་ཞིག་ལ་འཁུར་ནས་འགྲོ་བཞིན་ཡོད།
- ཨ་ཁུ་རྒོད་་་ཞྭ་འདི་ལྟར་བཞག་ནས་ངའི་འདིའི་ནང་དུ་ཤ་དེ་ཕོངས་དང་།
- ང་རང་ལྟོགས་ནས་མི་གཟོད་གི
- ངས་གྲོ་མ་འཐུ་བཞིན་ཡོད་ཅེས་པ་ན་འཕངས་པས་སྤྲུལ་འདྲ་བ་ཞིག་རེད།
- དེ་ནས་འདི་ཟ་སྲོལ་ཡང་མེད།
- འདིའི་ཅི་བྱེད་དམ།
- འཕེན་དགོས་བསམས་པའི་སྐབས་ལ།
- མཚོ་ནང་ནས་བུ་མོ་ཞིག་གིས་མཛོ་སྔོན་པོ་ཞིག་ལ་ཞོན་ནས།
- བྲང་དཀྱིལ་ལ་གསེར་ནག་གི་རྡོ་རིལ་ཞིག་བརྒྱབ་ནས་མཚོ་ནང་ནས་བུད།
- དེ་ནས་ཨ་རོག་ཁྱོད་ཅི་ཞིག་ཡིན་ནམ་ཞེས་དྲིས་པ་ན།
- ང་ཀླུའི་ཕོ་བྲང་གི་སྲས་མོ་ཆེ་བ་ཡིན།
- ངའི་སྲས་རྒོད་ཅིག་གིས་ཁུར་སོང་བ་རེད།
- ངས་ཤ་ཞིག་ཡིན་པར་འདོད་ནས་འདིའི་ནང་དུ་ཕོངས་དང་ཞེས་བཤད་པས།
- འཕངས་པ་འདི་ཞེས་ནས་བསྟན་པ་ན།
- དེ་རེད་ཟེར་ནས་དགའ་ནས།
- ཁྱོད་ཀླུ་ཡུལ་ལ་འགྲོ་ཞེས་ནས།
- ཁྱོད་ཀྱིས་མིག་བཙུམ་ནས་ངའི་མཛོ་འདི་ལ་ཞོན་དང།
- སྤྲུལ་དེ་མོའི་སྲས་ཡིན་ཞེས་ནས་མོའི་རུམ་ལ་བཅུག་ནས།
- ཀླུའི་ཕོ་བྲང་གི་སྲས་མོ་ཆེ་བ་ཡིན་ཞེས།
- སྲས་ཁུར་སོང་བས་དེའི་རྗེས་ལ་ཡོང་བ་ཡིན་ཞེས་ནས།
- ཁྱོད་མིག་བཙུམ་ནས་མ་ཕྱེ་ཞེས་ནས།
- ཁྱོད་ལ་ཟོག་ཅིག་སྟེར་ཟེར།
- ས་ཁ་བུད་རྗེས་འབྲོང་གི་གྱུར་འགྲོ་བས་མི་དགོས་ཟེར་དགོས།
- དངུལ་དང་གསེར་སྟེར་ཟེར་ན་མི་དགོས་ཟེར་དགོས།
- ས་ཁ་བུད་ན་རྡོའི་གྱུར་འགྲོ
- ཁྱོད་ལ་ཅི་ཞིག་དགོས་སམ་ཞེས་དྲིས་ན།
- ང་ལ་སྒོ་ཁའི་ཁྱི་མོ་དམར་ལུ་དེ་སྦྱིན་དང་།
- དེ་མ་གཏོགས་རྒྱུ་ནོར་མི་དགོ་ཞེས་ཤོད།
- ཁྱོད་ཀྱིས་ངེས་པར་དུ་དེ་ལྟར་ཤོད་དང་ཁྱོད་ལ་ཕན་ཐོགས་ངེས་ཡིན་ཟེར།
- ཁྱོད་ཀྱིས་ངའི་བྱིས་པ་འདིའི་སྲོག་བསྐྱབས་པ་ཡིན་ཞེས་བཤད་པར་ཡ་ཞེས་བཤད་ནས།
- ཀླུའི་ཕོ་བྲང་གི་བྱིས་པ་ཕྱིར་རྙེད་པ་ཡིན་ཟེར་ནས་སྟོན་མོ་བྱས་ནས།
- ཁོ་ལ་ཀ་ར་སིལ་ཏོག་སོགས་བྱིན་པ་དང་།
- ང་ས་ཁར་འགྲོ་རྒྱུ་ཟེར་བ་ན།
- ཁྱོད་མི་ཡུལ་གྱི་མི་ཞིག་འདི་ནས་བསྡད་ན་ཀླུ་ཡུལ་ལ་གནོད་དྲི་ཕོག་སྲིད་ཟེར་ནས།
- ཡ་ཞེས་བཤད་ནས་ཁྱོད་ལ་ཅི་ཞིག་དགོས་ན་སྟེར་ཟེར།
- ང་ལ་སྒོ་ཁའི་ཁྱི་མོ་དམར་ལུ་བྱིན་ན་ཆོག་ཟེར།
- ཁྱི་མོ་དེ་ནི་ངེད་ཚང་གི་ཀླུའི་ཕོ་བྲང་གི་སྲས་མོ་ཆུང་བ་ཡིན།
- དེ་ནི་སྟོད་ལྷ་ཡུལ་ལ་བྱིན་ཡོད།
- དེ་བས་ཁྱི་ལྤགས་གྱོན་ཡོད།
- དེའི་ཅི་ཞིག་བཤད་ཀྱང་ཁྱོད་ཀྱིས་ཡ་ཟེར་དགོས་ཟེར།
- བུ་མོ་དེས་དེ་ལྟར་བཤད་པ་དང་།
- དེ་སྟེར་མི་ཉན་ཟེར།
- ང་ལ་དེ་མ་བྱིན་ན་མི་འགྲོ་ཞེས་ནས།
- དེ་བྱིན་པ་རེད།
- ཁྱི་མོ་འདིས་ང་ལ་ཅི་བྱེད་དམ་བསམས་ནས།
- དབྱུག་པ་ཞིག་ས་ནང་དུ་གདབ་ནས་ཁྱི་མོ་བཏགས་རྗེས་གྲོ་མ་འཐུ་ཞོར་བསྡད།
- ཁྱི་མོ་དེ་ནས་ཡར་རྒྱུགས་མར་རྒྱུགས་བྱས་ནས་བསྡད་ཡོད།
- ཕྱིར་སོང་ནས་གྲོ་མ་བཏུས།
- ཁྱི་མོས་སྦྲ་ཕུག་བཞིན་ཡོད།
- ཁྱི་མོས་སྦྲ་ཕུག་ཟིན་ཁྱི་མོས་སྦྲ་ཕུག་ཟིན་ཞེས་ནས་ཕྱིར་བལྟས་པ་ན་སྦྲ་དེ་མེད་པར་གྱུར།
- ཁྱི་མོ་ལ་གཅེར་རྡུང་ཞིག་བྱས་རྗེས་ཕྱིར་སོང་ནས།
- དེ་ནས་ཡང་སོང་ནས་གྲོ་མ་བཏུས་པ་དང་།
- ཕྱིར་ལ་བལྟ་མི་ཉན་པར་བསམས་ནས།
- ཁྱི་མོས་སྦྲ་མཁར་འདྲ་བ་ཞིག་ཕུག་ནས།
- ནང་དུ་གསེར་དངུལ་དང་དོ་ཆ་བསྒྲིགས་ནས་བསྡད་ཡོད་པའི་སྐབས་ལ།
- ཁོ་རང་དགའ་ནས་ཕྱིར་རྒྱུགས་སོང་བ་ན།
- བུ་མོ་ལྷ་མོ་འདྲ་བ་དཔེ་མེད་པ་ཞིག་ཡོད།
- ཁོས་ཁྱི་ལྤགས་ཐབ་ཁུང་ནང་དུ་འཕངས།
- དེ་འཕེན་མི་ཉན།
- ཁྱོད་ཀྱིས་ངའི་མགོ་མི་ཁེབས།
- ད་མ་བཟང་།
- དེ་མེད་ཚེ་ཁྱོས་ངའི་མགོ་མི་ཁེབས་ཟེར།
- ང་འཇིག་རྟེན་མི་ཡུལ་ལ་འཕངས་མོད།
- ངའི་མགོ་ཁེབས་ནི་མ་རེད་ཟེར།
- དེ་ནས་ཕྱིར་ཉིན་ཞིག་ལ་གནམ་སྔོ་དཔེ་མེད་པ་ཞིག་ཡོད་གི་ཡོད།
- འདི་ཀླུའི་ཕོ་བྲང་གི་སྲས་མོ་ཆེ་བ་མིན།
- འབྲིང་བ་མིན་ཆུང་བ་ཡིན།
- ང་ལ་སུ་ཞིག་གིས་བྱིན་པ་མིན་འཕྲོག་པ་མིན།
- རང་ཤུགས་སུ་ཡོད་ནི་ཡིན།
- གཞན་གྱིས་གནང་བ་ཡིན་ཞེས་ནས།
- ཁྱོད་ཀྱིས་ངའི་མགོ་ལ་གདན་ཞིག་ཁོབ་ནས་འདི་ལྟར་གཡུག་དེ་སྡོད།
- གནམ་སྔོ་ནག་པོ་ཞིག་འཐིབ་ཡོང་བ་དེ་ལ་ཞེས་ནས།
- ཞེས་བཤད་པས་འཁྱེར་མ་ཐུབ་པ་རེད།
- ཕྱི་ཉིན་ཡང་ཐོན་པ་རེད།
- ཡང་ཁྱོས་དེ་བཤད་བཞིན་སྡོད་ཞེས་ནས་བསྡད།
- ཕྱི་ཉིན་ཁྱོད་ཀྱང་འདྲ་མེད་ཅིག་རེད།
- ཁྱོའི་གམ་ནས་བསྡད་མ་བསྡད་མེད་གི
- ཁྱོད་རང་མཚོ་ཁ་དེ་ལ་སོང་ནས་ཨ་མ་ཞེས་བོས་ནས།
- མི་རྐང་གི་གླིང་ཞིག་དང་སེང་སྡོང་གི་མདའ་ཞིག་སྤྱིན་དང་ཞེས་བཤད་པ་ཡིན།
- ཨ་མ་མགོ་དཀར་བོ་ཅན་ཞིག་ངུ་ཞོར་དུ།
- ངའི་བུ་མོ་འདི་དེའི་ཚད་ལ་ད་རུང་ཐོན་མི་དགོས་མོད།
- ད་ཐབས་མི་འདུག་ཞེས་ནས་བྱིན་པ་རེད།
- དེ་ཁྱེར་ནས་མོ་རང་འཕུར་སོང་བ་རེད།
- ཞི་ལུ་གྲོ་འཐུ་ཕྱིར་བུད་སོང་།
- གསེར་དངུལ་དང་རྒྱུ་ནོར་ཐམས་ཅད་མཚོ་ནང་དུ་ཕྱིར་བཏང་བ་རེད།