Video Overview
Lemo from Serphu village sings a short song that talks about the right way of picking flowers to make an offering. It says one should not pick flowers with one’s hand or mouth since that would create defilements. Instead, the song describes the significance of picking flowers in one’s mind and symbolically offering them directly to celestial beings. One can visualize the experience of picking flowers through listening to this song.
༉ མེ་ཏོག་ལག་པ་གཡས་ཀྱིས་བཏོག་ན་ཟེར་བའི་བོད་སྒྲའི་གླུ་གཞས་འདི་ ལྷུན་རྩེ་རྫོང་ཁག་ མཁོ་མ་རྒེད་འོག་ གསེར་ཕུག་གཡུས་ཚན་ལས་གླེ་མོ་གིས་འཐེནམ་ཨིན་མས། མེ་ཏོག་དེ་ལྷ་ལུ་མཆོདཔ་ཕུལ་ནི་གི་དོན་ལས་ ལགཔ་གཡསཔ་ཀྱིས་བཏོག་པ་ཅིན་ ལག་སྒྲིབ་ཤོར་ནི་མས་ཟེར་དང་ ཁ་གིས་བཏོག་རུང་ཁ་སྒྲིབ་ཤོར་ནི་མས་ཟེར་མནོ་སྟེ་ དེ་བ་འདི་ སེམས་པ་ཡིད་ཀྱིས་བཏོག་སྟེ་སྟེང་ཕྱོགས་ལྷ་ལུ་ཕུལ་ད་གེ་ཟེར་ གླུ་གཞས་ཀྱི་ཚིག་ནང་ལས་དེ་སྦེ་འཐོན་ནི་འདུག དེ་ཡང་ མཆོདཔ་ཕུལ་བའི་སྐབས་ལུ་ཡང་ དངོས་སུ་འབྱོར་བའི་མཆོད་པ་དང་ ཡིད་ཀྱིས་སྤྲུལ་པའི་མཆོད་པ་ཟེར་ གཉིས་ཡོད་པའི་ནང་ལས་ དངོས་སུ་སྦེ་ཕུལ་མ་ཚུགས་རུང་ཡིད་ཀྱིས་སྤྲུལ་ཏེ་མཆོདཔ་ཕུལ་རུང་བཏུབ་མ་ཚད་ ཁ་ཙམ་ཚིག་ཙམ་གྱི་མཆོད་པ་ལས་འདི་ ཡིད་ཀྱིས་སྤྲུལ་པའི་མཆོད་པ་ཟེར་ སེམས་ཀྱི་གདིང་ལས་ཕུལ་ནི་འདི་ཁག་ཆེཝ་མ་ཚད་ ཕན་ཡོན་ཡང་འདི་ཆེ་ནི་ཨིན་མས། དེ་དང་གཅིག་ཁར་ ནང་པ་སངས་རྒྱས་པའི་ལུགས་ལས་ སེམས་གཙོ་ཆེཝ་སྦེ་གསུངས་ཏེ་ཡོདཔ་ལས་ ཕྱིའི་མཐོང་སྣང་བ་ལྷགཔ་སྦེ་ ནང་སེམས་ཀྱི་མནོ་ལུགས་དེ་ གཙོ་ཆེཝ་སྦེ་སྟོནམ་ཨིན་པས།
- Khoma
- Lhuntse
- གླེ་མོ་Lemo: མེ་ལ་ཏོག་ལག་པ་གཡས་ཀྱིས་བཏོག་ན། །ལག་གྲིབ་ཤོར་ཡོང་བསམ་པ་འདུག་གོ །ལག་གྲིབ་ཤར་ཡོང་བསམ་པ་འདུག་གོ །
- གླེ་མོ་Lemo: མེ་ལ་ཏོག་ཁ་ལ་གཡས་ཀྱིས་བཏོག་ན། །ཁ་གྲིབ་ཤོར་ཡོང་བསམ་པ་འདུག་གོ །ཁ་གྲིབ་ཤར་ཡོང་བསམ་པ་འདུག་གོ །
- གླེ་མོ་Lemo: མེ་ལ་ཏོག་སེམས་པ་ཡིད་ཀྱིས་བཏོག་ན། །མེ་ཏོག་སེམས་པ་ཡིད་ཀྱིས་བཏོག་ན། ། [Singer coughs]མེ་ལ་ཏོག་སྟེང་ཕྱོགས་ལྷ་ལ་ཕུལ་སོང་། །མེ་ཏོག་སྟེང་ཕྱོགས་ལྷ་ལ་ཕུལ་སོང་། ། འ་ནཱིམ་ཅིག་ཨིན་མས་ ཨེ་ཧེ་ཧི་ཧི་ཧི་་་་་་།། །།