Skip to main content Skip to search
28 Jun 2018
5 min 54 sec
Video Overview
Creators: 
Penchela, Yeshi Wangchuk, Karma Studio

Ploughing songs are on the verge of disappearing from Bhutan because of modern technologies like power tillers. Approximately 70 percent of Bhutanese are using modern technologies in farms, and the Bhutanese agricultural tools and cultures are rapidly dying way. These songs are usually sung at the time of ploughing fields to encourage the oxen to complete the work fast. The verses also explain why they should work fast, stating that 118 women are nearing them planting rice. He is worried that the neighbor’s rice plants are turning green as they had been planted long ago. Thus, the narrator is pleading for the oxen to work fast and complete the work. 

 

གླང་སྐད་འཐེན་ནིའི་སྲོལ་འདི་ མར་ཉམས་འགྱོ་སྟེ་ཡོདཔ་དང་ དེ་ཡང་ དེང་སང་གིས་ འཕྲུལ་གླང་འདི་འཐོན་ནི་འདི་གིས་ཨིན་མས། འབྲུག་རྒྱལ་ཁབ་ཀྱི་མི་ བརྒྱ་ཆ་༧༠་དེ་ཅིག་གིས་ འཕྲུལ་གླང་འདི་ལག་ལེན་འཐབ་དོ་ཡོདཔ་ལས་ ཧེ་མའི་ གླང་རྨོ་ནིའི་ལག་ཆས་ཚུ་ཡང་ ཡལ་འགྱོ་ནི་གུ་ལྷོད་དེ་ཡོདཔ་ཨིན་མས། གླང་སྐད་འདི་ ཞིང་རྨོ་བའི་སྐབས་འཐེན་དོ་ཡོདཔ་དང་ དེ་ཡང་ ལཱ་ཚུ་དུས་ཚོད་ཁར་ཚར་ནིའི་དོན་ལུ་  ཚིག་ཚུ་ཧན་ཏོང་ཏོ་ལག་ལེན་འཐབ་སྟེ་ གླང་རྨོ་མི་དང་ གླང་འདི་ ལཱ་འབད་ནི་ལུ་ སེམས་ཤུགས་བསྐྱེད་བཅུག་ནིའི་དོན་ལུ་ཨིན་མས། དེ་མ་ཚད་ གླུ་གཞས་ཀྱི་ཚིག་ནང་ལུ་ དེ་སྦེ་ལཱ་མགྱོགས་དྲགས་སྦེ་འབད་དགོ་པའི་སྐོར་ལས་ ཁུངས་ཡང་བཤད་དོ་ཡོདཔ་ཨིན། དེ་འབདཝ་ལས་ གླུ་གཞས་འཐེན་མི་གིས་ གླང་འདི་ལུ་ ལཱ་མགྱོགས་དྲག་སྦེ་འབད་གནང་ཟེར་ གསོལཝ་བཏབ་ཨིན་མས། 

 

Transcript search
No results found for this search
0 of 0
  • ཀུན་ལེགས Kinley
    ཨོ་ས་སྨ་རེ་གླང་རྒས།དབའེ་ལོག་ད་སྨ་རེ་ལོག་ཅིག་སྨ་རེ་འཛོམས་ལེགས་ཡར་བསྐྱེལ་ཤིག་སྨ་རེ།
  • ཀུན་ལེགས Kinley
    དབའི་པད་སྐོར་མིག་གིས་བལྟ་གནང་མས།ཡར་བཤུད་ཤིག་ཨོ་ས་སྨ་རེ།
  • ཀུན་ལེགས Kinley
    དབའི་ནཱ་པད་སྐོར་བསྒྱིར་བ་ཞེན་མ་ལོག རང་ཁྱོད་ར་འཁྱིད་མི་བུ་བརྒྱུད་ཨིན་ཡར་བཤུད་ཤིག་ཡར་ཨོ་་་ཡ།
  • ཀུན་ལེགས Kinley
    དབའི་ཞིང་གཤོང་ཨོམ་མའི་འབོལ་ཁ་ལུ།གཞསཔ་རང་དང་གླང་ཆེན་གཉིས་ཀུ་མ་ཉི་ཟླ།ཡར་བཤུད་ཤིག
  • ཀུན་ལེགས Kinley
    ཨོ་འུ་སྡུག་པ་སངས་ནི་མིན་འདུག་མས།ད་ཤོག་ཅིག་སྨ་རེ་འཛོམས་ལེགས།ཡར་བསྐྱེལ་ཤིག་ཡར་ཨོ་ས་སྨ་རེ།
  • ཀུན་ལེགས Kinley
    དབའི་ཉན་རྣམ་ཅོ་གསེར་གྱི་འོ་དུ(?)་འདི་། ད་མ་ཡེངས་ང་ལུ་གསན་གནང་མས།ཡར་བསྐྱེལ་ཤིག་སྨ་རེ་ཉི་ཟླ།
  • ཀུན་ལེགས Kinley
    ཨོ་གནམ་ལྕང་གུ་བྱཱ་ཕྱེ་ལངས་སོང་ཡི་ས།རང་ལྕང་མཇུག་ཧོ་མ་སངས་མ་ཚུགས།ཡར་བསྐྱེལ་ཤིག་སྨས་རེ།
  • ཀུན་ལེགས Kinley
    དབའི་ནཱ་སྨིན་ཆུང་བརྒྱ་དང་བཅོ་བརྒྱད་འདི།ནཱ་རྡོག་པའི་རྩ་བར་ལུ་དཔག་ཆི་ས།ཡར་བསྐྱེལ་ཤིག་སྨ་རེ་ཉི་ཟླ།
  • ཀུན་ལེགས Kinley
    དབའི་གཞོནམ་ང་དང་གླང་ཆེན་གཉིས་ཀུ་མ།ཉམ་ཐག་ས་འབད་བའི་ལཱ་འཕྲོ་སྨོ།ཡར་བསྐྱེལ་ཤིག
  • ཀུན་ལེགས Kinley
    དབའི་གླང་མགོ་སྒོ་ཁར་བསྐྱེལ་མ་ཚུགས་འཛོམས་ལེགས་ཡར་བསྐྱེལ་ཤིག་སྨ་རེ།
  • ཀུན་ལེགས Kinley
    ཨོ་མགུ་གཉིས་ཀ་མཐུད་རུང་འགྱོཝ་ལས་སྨོ།གནམ་ད་ས་ཟ་བའི་དྲོ་མཛར་འདི།ཡར་བསྐྱེལ་ཤིག་སྨ་རེ།
  • ཀུན་ལེགས Kinley
    མར་དངོས་མེད་ཕྱོགས་ལུ་འགྱུར་ད་དབའི་ཉི་ཟླ།ཡར་བསྐྱེལ་ཤིག་སྨ་རེ།