Skip to main content Skip to search
20 Jun 2018
3 min 8 sec
Video Overview
Creators: 
Penchela

In the olden days, people would sing different songs in different situations, for instance they composed agricultural songs to sing during agricultural activities. “Ploughing Song” is one of those songs, and is sung while ploughing fields. This song praises the bulls that plough the field, to invigorate the bulls and make them work hard without getting tired. The song tells the bulls about their strength, and also advises them on the food and drink they should consume. People believe that this kind of song is as old as the people themselves; however, now singing songs like this one is becoming rarer, as the bulls are replaced by power tillers to work the fields. 

དང་ཕུགས་མི་ཚུ་གིས་ གནས་སྟངས་དང་འཁྲིལ་ཏེ་ གླུ་གཞས་མ་འདྲཝ་ཚུ་འཐེན་དོ་ཡོདཔ་ད་ ཁོང་གིས་ ས་ནམ་གྱི་ལཱ་འབད་བའི་སྐབས་ ས་ནམ་དང་འབྲེལ་བའི་གླུ་གཞས་ཚུ་ བརྩམསཞིནམ་ལས་ འཐེན་དོ་ཡོདཔ་མ་ཚད་ གླང་རྨོ་བའི་སྐབས་འཐེན་མི་ གླང་བསྐོར་འདི་ ཞབས་བྲོ་འདི་ཚུའི་ ་སླ་ལས་གཅིག་ཨིན་པས། གླུ་གཞས་འདི་ གླང་རྨོ་བའི་སྐབས་ གླང་ཧུ་ནི་དོན་ལུ་དང་ ལཱ་འབད་བའི་སྐབས་སུ་ གླང་ཧུ་རི་རི་དང་ འུ་མ་སྡུག་པར་བཞག་ཐབས་ལུ་ གླང་བསྐོར་འདི་འཐེན་ཨིན་པས། གླུ་གཞས་འདི་ནང་ གླང་གི་སྟོབས་ཤུགས་དང་ ཁོ་གིས་ བཟའ་དགོཔ་དང་འཐུང་དགོ་པའི་ རྒྱུ་ཆས་ཚུའི་སྐོར་ལས་ སླབ་ཨིནམ་ད་ མི་ཚུ་གིས་ འདི་བཟུམ་གྱི་གླུ་གཞས་འདི་ཚུ་ བསྐལ་པ་ཆགས་པའི་བསྒང་ལས་བྱུང་ཡོདཔ་སྦེ་ ཡིད་ཆེས་བསྐྱེདཔ་ཨིན་པས། ཏེ་ད་ ཞིང་རྨོ་ནིའི་དོན་ལུ་ གླང་གི་ཚབ་སྦེ་ འཕྲུལ་གླང་བྱུང་མི་ལུ་བརྟེན་ གླང་བསྐོར་འཐེན་ནིའི་ ལམ་སྲོལ་འདི་ཡང་ ཉམས་འགྱོ་དོ་ཡོདཔ་ཨིན་པས། 

Transcript search
No results found for this search
0 of 0
  • པ་སངས་
    ད་ང་བཅས་རའི་དང་ཕུ་གི་ལམ་དང་ལུགས་སྲོལ་ ཏེ་ང་བཅས་རའི་གླང་སྐོར་ཟེར་ཏེ་ ཏེ་རྨོ་ཞིང་ནང་རང་འབད་རུང་འདྲ་བས་ ཨ་རིང་ནང་རང་འབད་རུང་འདྲ་བས་ ཏེ་
  • པ་སངས་
    གླང་འདི་གི་ཡར་སྒྱིག་ཚརཝ་ཅིག་ ཏེ་གཉའ་ཤིང་འདི་བཀལ་ ཁ་མིག་འདི་བཙུགསཔ་ཅིག་ ཏེ་ཁ་མིག་གི་ལག་ཤིང་གུ་བཤེདཔ་ཅིག་ རང་གིས་གླང་སྐད་འཐེན་དགོཔ་འདི་ག་ནི་བ་ཁག་ཆེ།
  • པ་སངས་
    གླང་སྐད་འདི་འཐེན་པའི་བསྒང་ལས་ ཏེ་མ་འདྲཝ་ཅིག་འབད་རང་གླང་གཉིས་ འགྱུར་བཅོས་སྦེ་འགྱོ་ས་མཐོང་ཡི་ལགས། ག་ཅི་སྨོ་ཟེརན་ རྣམ་ཅོ་ཡང་མར་ཕབ་ འ་ནཱི་སྦེ་འབད་ས་མཐོང་ཡི།
  • པ་སངས་
    ད་གཞན་གྱིས་ཏེ་འ་ནཱི་འབད་སར་ ཏེ་ཕམ་རྒན་ཤོས་ཚུ་གིས་དཔེ་རྣམ་ལུ་ འ་ནཱི་བཟུམ་ འབད་ས་མཐོངམ་ད་ལུ་ འདི་ང་བལྟ་བཞག་སྟེ་གིས་འབད་ ཏེ་ཤེས་ནི་འདི་རྒྱས་ཤིང་རྒྱསཔ་ཅིག་མི་ཤེས་ ཨིན་ཏེ་ར་འབད་ས་ཅིག་རུང་གོ་སྐབས་འདི་བཟུམ་གནངམ་ད་ལུ་ ང་དུམ་གྲ་ཅིག་ཕུལ་གེ་ ཟེར་ཞུ་ནི་ལགས།
  • པ་སངས་
    ཤོག་ས་ཨ་ལོས་ལོག་གེ་སྨེ། (ཡར་སྡོད་རིང་མི་དུས་ལུ་མ་ཤར་ཅིག་གཉིས་ཀ་སྨོ།?) ལོག་ས་ཨ་ལོ།
  • པ་སངས་
    ཤོག་ཐུགས་ཚ་གྱང་མ་ལང་གཉིས་ཀ་གི། ཡར་རྩྭ་ཟ་ས་སྒང་སྟོད་ལས་(ལུ་)ཡོད། ལོག་ཅིག་སྨེ་གཉིས་ཀ་སྨོ།
  • པ་སངས་
    ཡར་ཆུ་འཐུང་ས་སྒང་སྟོད་གཡུས་ལས་(ལུ་)ཡོད། ཡར་སེམས་རིག་པ་ནང་ལས་བཟུང་དགོ་སྨོ་གཉིས་ཀ་དབའི། འཇམ་ས་མ་རེད་ཨ་ལོ།
  • པ་སངས་
    ཡ་ གནམ་དྲོ་པ་ཟ་མི་དྲོ་མཛར་འདི། །ཡ་ ཉིམ་དགུང་ལུ་ལྷོད་ཚེ་མ་སྐྱོགས་སྨོ། །ལོག་ཅིག་ཁོ་རེད་གཉིས་ཀ་སྨོ། །འཇམ་ས་ཨ་ལོ་ ལོགས་ཤིག་ ལོགས་ཤིག་ཁོ་རེད། བཀའ་དྲིན་ཆེ།། །།