Video Overview
Chimi Wangmo from Dagana Dzongkhag sings the zhungdra song A Pleasant Sound. Popular in the western part of Bhutan, this song is an offer of music to divine beings of the three realms – the gods in heaven, the mountain gods in the middle, and the demigods in the lower realm. The song implies that the sound of a dramnyen, a Bhutanese musical instrument, is a pleasant sound of peace and happiness, an offering capable of pleasing all beings.
དར་དཀར་ན་བ་ལེགས་སྒང་ལས་ འཆི་མེད་དབང་མོ་གིས་འཐེན་མི་གླུ་གཞས་ གསུང་དགའ་ལ་དགའ་ལ་འདི་ མ་གཞི་ གསུང་སྙན་པ་འདྲཝ་ཅིག་སྨོ། ཟེར་ཨིན་རུང་ འདི་ནང་ལུ་ གསུང་དགའ་ལ་དགའ་ལ་ཟེར་བཞག་སྟེ་འདུག གླུ་གཞས་འདི་ གཞུང་སྒྲ་མཁནམ་ལེ་ཤ་གིས་འཐེན་ནི་ཡོདཔ་ད་ མོ་གིས་འཐེན་མི་འདི་ ཚིག་མ་འདྲཝ་ཅིག་སྦེ་འཐེན་ནི་འདུག མ་གཞི་ གསུང་སྙན་པ་འདྲཝ་ཅིག་སྨོ། སྟེང་ཕྱོགས་ལ་འབུལ་ལོ། སྟེང་གི་ལྷ་དང་ལྷ་མོ། གསུང་སྒྲ་སྙན་ལོགས་ལ་གསོན་དང་། སྒྲ་སྙན་དགའ་ལ་དགའ་ལ། གཡས་ཕྱོགས་ལས་གསོན་དང་། ཟེར་ཨིན་རུང་ གསུང་སྔོན་མོ་འདྲ་ཅིག སྟེང་ཕྱོགས་ལ་འབུལ་ལོ། ལྷ་ཡི་ལྷ་དང་ལྷ་མོ། གསུང་སྒྲམ་གྱི་ལོགས་ལ་གསོན་དང་། སྒྲ་མོ་དགའ་ལ་དགའ་ལ། གཡས་ཕྱོགས་ལས་ཤོ་དང་། ཟེར་ ཚིག་ཡང་མ་འདྲ་བའི་ཁ་ལུ་ གདངས་དབྱངས་འབད་རུང་ ཨ་ཙི་མ་འདྲཝ་སྦེ་འཐེན་ནི་འདུག དེ་སྦེ་མ་འདྲཝ་སྦེ་འགྱོ་མི་དེ་ཡང་ ཧེ་མ་ལྷབ་ད་ར་ རྣ་རྒྱུན་སྦེ་ལྷབ་ནི་འདི་གིས་ ཚིག་མ་དགཔ་ སྒྲ་མ་དགཔ་སྦེ་འགྱོཝ་ཨིན་པས།
- Dagana
- འཆི་མེད་དབངམོ Chimi Omགསུང་སྙན་མོ(པ་)་འདྲཝ་ཅིག་ སྟེང་ཕྱོགས་ལ་འབུལ་ལོ། །
- འཆི་མེད་དབངམོལྷ་ཡི་(སྟེང་གི་)ལྷ་དང་ལྷ་མོ་ གསུང་སྒྲ་སྙན་ལོགས་ལ་གསན་དང་།
- འཆི་མེད་དབངམོ Chimi Omསྒྲ་མོ་(སྙན་)དགའ་ལ་དགའ་ལ་ གཡས་ཕྱོགས་ལས་ཤོག་(གསན་)དང་།
- འཆི་མེད་དབངམོ Chimi Omསྒྲ་མོ་སྐྱིད་ལ་སྐྱིད་ལ་ གཡོན་ཕྱོགས་ལས་ཤོག་(གསན་)དང་།
- འཆི་མེད་དབངམོ Chimi Omགསུང་སྙན་མ་(པ་)འདྲཝ་ཅིག་ བར་ཕྱོགས་ལ་འབུལ་ལོ། །
- འཆི་མེད་དབངམོ Chimi Omབཙན་གྱི་ལྷ་དང་ལྷ་མོ་(ཡ་བ་སྤུན་བདུན་) གསུང་སྒྲ་སྙན་ལོགས་ལ་གསོན་དང་།
- འཆི་མེད་དབངམོ Chimi Omསྒྲ་མོ་(སྙན་)དགའ་ལ་དགའ་ལ་ གཡས་ཕྱོགས་ལས་ཤོག་(གསོན་)དང་།
- འཆི་མེད་དབངམོ Chimi Omསྒྲ་མོ་(སྙན་)སྐྱིད་ལ་སྐྱིད་ལ་ གཡོན་ཕྱོགས་ལས་ཤོག་(གསོན་)དང་།
- འཆི་མེད་དབངམོ Chimi Omགསུང་སྙན་པ་འདྲཝ་ཅིག་ འོག་ཕྱོགས་ལ་འབུལ་ལོ།
- འཆི་མེད་དབངམོ Chimi Omཀླུ་གི་ལྷ་དང་ལྷ་མོ་(ཀླུ་ཡི་གཙུག་ན་རིན་ཆེན་) གསུང་སྒྲ་སྙན་ལོགས་ལ་གསོན་དང་།
- འཆི་མེད་དབངམོ Chimi Omསྒྲ་མོ་(སྙན་)དགའ་ལ་དགའ་ལ་ གཡས་ཕྱོགས་ལས་ཤོག་(གསོན་)དང་།
- འཆི་མེད་དབངམོ Chimi Omསྒྲ་མོ་(སྙན་)སྐྱིད་ལ་སྐྱིད་ལ་ གཡོན་ཕྱོགས་ལས་ཤོག་(གསོན་)དང་།
- འཆི་མེད་དབངམོ Chimi Omགསུང་སྟེང་ཕྱོགས་ལ་འབུལ་ལོ། །
- འཆི་མེད་དབངམོ Chimi Omལྷ་གི་(ཡི་)ལྷ་དང་ལྷ་མོ་ གསུང་སྒྲ་སྙན་གླུ་ལ་ཕུལ་དོ།
- འཆི་མེད་དབངམོ Chimi Omསྒྲ་མོ་(སྙན་)དགའ་ལ་དགའ་ལ་ གཡས་ཕྱོགས་ལས་ཤོག་(གསོན་)དང་།
- འཆི་མེད་དབངམོ Chimi Omསྒྲ་མོ་(སྙན་)སྐྱིད་ལ་སྐྱིད་ལ་ གཡོན་ཕྱོགས་ལས་ཤོག་(གསོན་)དང་།
- འཆི་མེད་དབངམོ Chimi Omལགས་སོ་ལགས།