22 Aug 2018
1 min 16 sec
Video Overview
Creators:
Yeshi Wangchuk, Samten Yeshi
Singye Rinzin describes playing the Zab Yango cymbal according to the Drukpa Kagyü Buddhist tradition as practiced in Bhutan. He explains how the performer should count in-between playing the cymbal. There are different counts used to playing notes with the cymbal, starting with counts of one-two, three, four, five, six, seven, eight, or nine.
ཏེ་ང་བཅས་ར་ ཆོག་ག་ག་ཅི་ནང་ཨིན་རུང་ ཆོག་གའི་མཚམས་དང་འཁྲིལ་བའི་ རོལམོ་རྡུང་ནི་ཡོདཔ་ད་ བུམ་ཐང་རྫོང་ཁག་ ཨུ་ར་རྒེད་འོག་ལས་ སེང་ྒེ་རིག་འཛིན་གྱིས་ གློག་བརྙན་འདི་ནང་ འཛབ་དབྱངས་འགོ་འདི་ ག་དེ་རྡུངམ་ཨིན་ན་ དཔེ་སྟོན་འབདཝ་མས། ཨུ་རུ་རུ་ གཅིག་ གཉིས་ གསུམ་ བཞི་ ལྔ་ དྲུག་ བདུན་ བརྒྱད་ དགུ་ཟེར་མི་ འཛབ་དབྱངས་འདི་ སྤྱན་འདྲེན་གྱི་ཤུལ་ལས་རྡུང་དོ་ཡོད་རུང་ གནས་སྟངས་དང་བསྟུན་ ཆོ་གའི་མཚམས་ག་ཏེ་ལུ་ཡང་ རྡུང་ནི་ཡོདཔ་ཨིན།
- Bumthang
- Ura
- Ura-Dozhi
- སེང་གེ་རིག་འཛིན་ Singye Rigzinད་ ཨ་ནཱི་སྤྱན་འདྲེན་གྱི་རྟིང་བདའ་སྟེ་ ད་ ཨ་ནཱི་འཛབ་ཟེར་མི་འདི་ཡོདཔ་ཨིན་ལགས་ ད་རུང་འཛབ་ཟེར་མི་གཅིག་ ད་ འཛབ་ཟེར་མི་འདི་ག་ཅི་ལུ་ཡང་འགྱོ་དགོཔ་ཨིན་འགྱོ་ནི་འདི།
- སེང་གེ་རིག་འཛིན་ Singye Rigzinདེ་རང་འབད་རུང་ འདི་གི་རྟིང་བདའ་སྟེ་ སྤྱན་འདྲེན་ཚིག་ ལན་ཐེངས་གཉིས་གནངམ་ཅིག་ དེ་ལས་ འཛབ་འགྱོ་དགོ་ལགས།
- སེང་གེ་རིག་འཛིན་ Singye Rigzinདེ་ལས་ འཛབ་འདི་བཏང་ནི་ཨིན་ལགས།
- སེང་གེ་རིག་འཛིན་ Singye Rigzin(Speaker claps hands) ཧུང་་་ཧུང་་་ གཅིག་ གཉིས་ གསུམ་ བཞི་ ལྔ་ དྲུག་ བདུན་ བརྒྱད་ དགུ་ འཛབ་དབྱངས་འགོ་ཟེར་མི་འདི་ཨིན་ལགས།
- སེང་གེ་རིག་འཛིན་ Singye Rigzinལགས་སོ།