Skip to main content Skip to search
25 Jan 2016
2 min 53 sec
Video Overview
Creators: 
Yeshi Wangchuk, Dorji Nima

The yangkali seed is used to make a toy  known as ur-urpa in the Zhemgang District area. Two holes are bored through the flat and round seeds. A string is put through the seeds, and they rotate back and forth as the string is pulled. While explaing this toy, the presenter is also briefly asked about other uses for that seed. He mentions a glue that is extracted from it and used in old writing inks, and also its use in the production of poisonous weapons for hunting.

ཁོང་རའི་ ཁ་སྐད་ནང་ རྩེདམ་ཡུར་ཡུར་པ་ཟེར་ གཡུས་ཁའི་ མི་ཚུ་གིས་ ཕར་ཅག་པ་གི་ནང་རྫས་ ལེབ་ཏམ་སྦེ་ཡོད་མི་གུ་ལས་ དོང་གཉིས་སྤད་ཞིནམ་ལས་ སྐུདཔ་བརྒྱུས་ཞིནམ་ལས་ སྐུདཔ་འདི་ཐེནམ་ད་ ནང་རྫས་འདི་ གདོང་ཁ་དང་ རྒྱབ་ཁར་འགྱིརཝ་ཨིན་པས། འདིའི་སྐོར་ལས་ གསལ་བཤད་པ་གིས་འབད་བ་ཅིན་ དང་ཕུགས་ཕམ་ཚུ་གིས་ སྤྱིན་སྦེ་སྦྱར་ནི་དང་ ཡིག་གུ་འབྲི་ནིའི་ནག་རྩིས་ དེ་ལས་ སེམས་ཅན་གསད་ནིའི་དོན་ལུ་ དུག་ལ་སོགས་པའི་ གནད་དོན་གཞན་མི་ཚུ་ལུ་ཡང་ ལག་ལེན་འཐབ་ནུག་ཟེར་ བཤདཔ་ཨིན་པས།

Transcript search
No results found for this search
0 of 0
  • རིན་ཆེན་དཔལ་འབྱོར་ Rinchen Penjor
    མ་པ་འདི་(རྩེདམོ་)གི་སྐོར་ལས་ བཤད་པ་ཟེར་ གནམ་མེད་ས་མེད་མེད་ མིན་འདུག་ལགས་སློབ་དཔོན། དང་ཕུ་ཨ་ལོའི་སྐབས་ལུ་ གཞན་རྩེ་ནི་ག་ནི་ཡང་མེད། ང་བཅས་དེ་སྦེ་ ལོ་ཐོག་རེ་སྲུང་ ག་ཅི་གུ་ཅི་རེ་འབདཝ་ད་ འ་ནཱེ་ཅིག་ རྩེ་ནི་ཡོད་ལགས་དང་ཕུ།
    Actually in olden days there is no games to describe. In olden days Children donnot have other things to play. In olden days while we guide our field and do some other things we used to play this.
  • རིན་ཆེན་དཔལ་འབྱོར་ Rinchen Penjor
    འ་ནཱི་འདི་ལུ་ ཕམ་ཚུ་གིས་ བེ་རིང་ཟེར་ སླབ་ཨིན་ལགས། ཡང་ཅིན་ ཀ་ལི་གི་བེ་རིང་རྩེ་བའི་ཟེར་ལགས།
    For that game parents used to call it as Baering. Or game Baering of Kali.
  • རིན་ཆེན་དཔལ་འབྱོར་ Rinchen Penjor
    འ་ནཱི་ རྟག་བུ་གནའ་བུ་ དཀྲོགསཔ་དཀྲོགས་ས་ར་ སྡོད་འོང་ལགས་ འཕྲལ་འཕྲལ་སྐབས།
    Often we used to stay by playing with it.
  • རིན་ཆེན་དཔལ་འབྱོར་ Rinchen Penjor
    འཕྲལ་འཕྲལ་སྐབས་ལུ་ འ་ནཱི ཀོ་ལོག་པ་རྩེ་བའི་ཟེར་ འ་ནཱི་ཡང་རྩེད་འོང་ལགས།
    Sometimes we used to play with one seed which was called as Kolokpa in local language.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ཐགཔ་འདི་ ག་ཅི་བཟུམ་ཅིག་འབད་རུང་བཏུབ་པས་སྨོ?
    Any type of rope will work right?
  • རིན་ཆེན་དཔལ་འབྱོར་ Rinchen Penjor
    ཐགཔ་འདི་ སྐུདཔ་རྐྱངམ་ཅིག་གི་བཏུབ་ལགས། གཞན་གྱི་མི་བཏུབ་པས་ལགས། དང་ཕུ་འབད་བ་ཅིན་ ཇོང་བའི་གི་སྐུདཔ་ཟེར་ འབུ་རས་གི་སྐུདཔ་གིས་ ལེགས་ཤོམ་སྦེ་བཏུབ།
    Only string will work. Others will not work. In olden days they used to called string of Jong which is known as raw silk, it will work better.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    འེང་ དོང་ག་དེམ་ཅིག་སྤེདཔ་སྨོ་ལགས?
    Oh! How many holes we have to make?
  • རིན་ཆེན་དཔལ་འབྱོར་ Rinchen Penjor
    དོང་བཞི་སྤེདཔ་ཨིན་ལགས། ཕར་ལས་གཉིས་དང་ ལོག་གཅིག་ཁར་ལས་གཉིས།
    We have to make four holes. Two from there and two from other side.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ལགས་སོ།
    Ok...
  • རིན་ཆེན་དཔལ་འབྱོར་ Rinchen Penjor
    ཨ་ནཱེམ་ཅིག་ར་ཨིན། (རྩེདམོ་) འདི་ལུ་དགོཔ་ར།
    Only this much. Which is needed for games.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    དེ་ལས་ ད་ཡང་ཀ་ལི་ བཟའ་ནི་གི་སྐོར་ལས་ཡང་ ག་དེ་སྦེ་ཨིན་ན་ མདོར་བསྡུས་ཅིག་གསུང་གནང་ཤིག་ལགས།
    Then you can share me little bit on how to eat Kali.
  • རིན་ཆེན་དཔལ་འབྱོར་ Rinchen Penjor
    བཟའ་ནི་འདི་ ང་བཅས་ བཟའ་ནི་འཐུང་ནི་མེད་པ་ར་ ལྟོཝ་བཀྱེས་ཏེ་ར་ བཟའ་སྡོད་ཅི་ལགས།
    While we donnot have things to eat and drink and we used to take that while we are hungry.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ལགས་སོ།
    Ok...
  • རིན་ཆེན་དཔལ་འབྱོར་ Rinchen Penjor
    ནང་དོག་སྟེ་ར་བཟའ་འོང་ལགས།
    We used to eat by having difficulty.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    དེ་ལས་ ད་རུང་གཞན་ དང་ཕུ་ ང་བཅས་རའི་ འབྲུག་ཤོག་གུ་ དཔེ་ཆ་བྲིསཝ་ད་ལུ་ཡང་ ཡང་ཀ་ལི་ལག་ལེན་ འཐབ་ལོ་མེན་ན་ འདི་ག་དེ་སྦེ་སྨོ?
    Then again other in olden days, in case of hand made paper we used to use Kali for writing, how you are using it?
  • རིན་ཆེན་དཔལ་འབྱོར་ Rinchen Penjor
    འབྲུག་ཤོག་གུ་ དཔེ་ཆ་བྲིསཝ་ད་འདི་ སྤྱིན་ཨིན་པས་ལགས། ད་ལྟོ་འབད་བ་ཅིན་ གཱམ་(glue)ཟེར་ སླབ་མས་མེན་ན།
    While writing on hand made paper it was self-adhesive. At present it is known as glue.
  • རིན་ཆེན་དཔལ་འབྱོར་ Rinchen Penjor
    འ་ནཱི་འདི་གི་ (ཡང་ཀ་ལི་)བཏུབ་པས་སྡོད་ནུག་སྦ་ལགས། དེ་བཟུམ་སྦེ་ བཙན་དུག་སྦེ་ཡང་བཏུབ་པས། སེམས་ཅན་གྱིས་ གནོདཔ་བཀལ་བའི་སྐབས་ ཕྱེ་དྲལ་བླུགསད་ད་ འདི་གིས་བཏུབ་ལགས། ཛའི་བཟའཝ་ད་འདི་ བྲོཝ་མ་འདྲཝ་ཅིག་ར་ཡོད་ལགས།
    That can work as Kali. Like that even it can work as aconite. While animals harm it can work as it was put by making it powder. While eating the taste is totally different.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ལགས་སོ།
    Ok....
  • རིན་ཆེན་དཔལ་འབྱོར་ Rinchen Penjor
    གནམ་མེད་ས་མེད་ར་བསྒྱིར་མི་དགོ་ འགྲོས་ཀྱིས་སྦེ་འཐེན་ད།
    You neednot have to turn more, do it slowly.
  • རྡོ་རྗེ་ལྷ་མོ་ Dorji Lhamo
    ཤུགས་མ་འཐེན་ཆད་འགྱོ་འོང་དགོ།
    If you pull strongly then it will disconnect.
  • རིན་ཆེན་དཔལ་འབྱོར་ Rinchen Penjor
    ཐོན་མས་ག? (ཞིབ་འཚོལ་པ་ལུ་ པར་ཆས་ནང་ཐོན་མས་ག་ཟེར་ འདྲི་བ་བཀོདཔ་ཨིན་པས) འེང་།
    Is it coming out? (It was asked to researcher that it is coming out in the picture or not.) Ok....