Skip to main content Skip to search
22 Aug 2018
2 min 8 sec
Video Overview
Creators: 
Samten Yeshi

Singye Rinzin describes playing the Sumdung Yango and Yangjug cymbal according to the Drukpa Kagyü school of Bhutan. Generally, in the new school, called Sarma, and the Nyingma School, there are different types of cymbal playing. This kind of playing is according to a count of one-two-three, one-two-three.

བུམ་ཐང་རྫོང་ཁག་ ཨུ་ར་རྒེད་འོག་ལས་ སེངྒེ་རིག་འཛིན་གྱིས་ སྤོ་སང་གི་ཐོག་ལས་ རོལམོ་གསུམ་རྡུང་དབྱངས་འགོ་དང་ དབྱངས་མཇུག་ཟེར་མི་འདི་ ག་དེ་སྦེ་རྡུང་དགོཔ་ཨིན་ན་ གསལ་སྟོན་འབདཝ་ཨིན་མས། སྤྱིར་བཏང་གསར་མ་དང་ རྙིང་མའི་རོལམོ་ག་ཅི་ཨིན་རུང་ རོལམོ་ལུ་ཕྱག་འཚལ་རོལམ་ལོ་ གསུམ་རྡུང་ལོ་ གཉིས་རྡུང་ལོ་ དགུ་རྡུང་ལོ་ཟེར་ དབྱེ་བ་ལེ་ཤ་ཅིག་ཡོདཔ་ད་ ད་ལྟོ་ཁོ་གིས་རྡུང་མི་འདི་ ཨུ་རུ་རུ་་་ ཧུང་ གཅིག་ གཉིས་ གསུམ་བྱ་ གཅིག་ གཉིས་ གསུམ་བྱ་ འ་ནཱི་དབྱངས་འགོ་དང་ ཨུ་རུ་རུ་་་ ཧུང་ གཅིག་ གཉིས་ གསུམ་བྱ་ གཅིག་ གཉིས་ གསུམ་བྱ་ གསུམ་རྡུང་དབྱངས་མཇུག་ཟེར་ སླབ་མས།  

Transcript search
No results found for this search
0 of 0
  • སེང་གེ་རིག་འཛིན་ Singye Rigzin
    ད་ ཨ་ནཱི་ མཆོད་པའི་རྟིང་བདའ་སྟེ་ དེ་ལས་ ད་བསྟོད་པ་ཟེར་ མཆོད་པ་བསྟོད་པ་ཟེར་ བར་འདི་ཚུ་ལེ་ཤ་ཡོད་རུང་གཅིག་རང་ཨིན་ ཅོག་གཅིགཔ་རང་ཨིན།
  • སེང་གེ་རིག་འཛིན་ Singye Rigzin
    དེ་འབད་རུང་ ད་ ལ་ལུ་ཅིག་ལུ་ གསུམ་གདུངས་ཚང་ དབྱངས་འགོ་འགྱོ་དགོཔ་ ལ་ལུ་ཅིག་ཚང་དབྱངས་མཇུག་འགྱོ་དགོཔ་ ད་ལྟོ་བཏང་མི་ཚུ་ ཚང་ཚང་ཟེར་མི་འདི་ཨིན་ལགས།
  • སེང་གེ་རིག་འཛིན་ Singye Rigzin
    ད་ འདི་ལས་མར་ ད་རུང་བསྟོད་པ་ཨིན་ད་ ད་བསྟོད་པའི་ནང་ལས་ གསུམ་གདུངས་ཚང་དབྱང་འགོ་ཟེར་མི་འདི་འགྱོ་ནི་ལགས།
  • སེང་གེ་རིག་འཛིན་ Singye Rigzin
    (Speaker claps hands) ཨུ་རུ་རུ་་་ ཧུང་ གཅིག་ གཉིས་ གསུམ་བྱ་ གཅིག་ གཉིས་ གསུམ་བྱ་ འ་ནཱི་ཚང་དབྱངས་འགོ་ཟེར་མི་འདི་ཨིན།
  • སེང་གེ་རིག་འཛིན་ Singye Rigzin
    ད་འ་ནཱི་བཟུམ་ཅིག་ ད་ དབྱངས་ཐེངས་གཉིས་འཐེན་ཏེ་ དེ་ལས་ གཉིས་འཐེན་ཞིནམ་ལས་ དེ་ལས་ དབྱངས་མཇུག་ཟེར་མི་འདི་ཨིན་ལགས།
  • སེང་གེ་རིག་འཛིན་ Singye Rigzin
    (Speaker claps hands) ཨུ་རུ་རུ་་་ ཧུང་ གཅིག་ གཉིས་ གསུམ་བྱ་ གཅིག་ གཉིས་ གསུམ་བྱ་ འོ་ལགས་ འ་ནཱི་དབྱངས་མཇུག་ཟེར་མི་འདི་ཨིན་ལགས།