Video Overview
Singye Rinzin discusses playing the Sumdung Yangjugma cymbal according to the Drukpa Kagyud school of Bhutan. This cymbal playing was invented by Khuenkhen Pema Karpo, and later spread by the first Druk Desi of Bhutan, Umze Tenzin Drugyal, throughout Bhutan. Though it is shared throughout Bhutan, there is slight variation in terms of the tone of the cymbals in different regions of the country.
ཀུན་མཁྱེན་པདྨ་དཀར་པོ་ལས་མར་ དར་ཁྱབ་བྱུང་སྟེ་ ཤུལ་ལས་འབྲུག་གི་སྡེ་སྲིད་དང་པ་ དབུ་མཛད་བསྟན་འཛིན་འབྲུག་རྒྱལ་གྱིས་མཛད་གནང་མི་ གསར་མའི་ཆོ་ག་འདི་ ང་བཅས་རའི་ འབྲུག་གི་ས་གནས་ ག་ཏེ་ལུ་ཡང་བཏངམ་ཨིན། ཨིན་རུང་ དུས་ཀྱི་འཕོ་འགྱུར་དང་བསྟུན་ གོ་ལེ་གོ་ལེ་སྦེ་ ལུང་པ་རང་རང་སོ་སོའི་ ལུགས་སྲོལ་བཟུམ་སྦེ་ སྙན་ཁུག་བཙུགས་ཐངས་ལུ་ ཨ་ཙི་རེ་ཁྱད་པར་ཆགས་ཏེ་ཡོདཔ་ད་ བུམ་ཐང་རྫོང་ཁག་ ཨ་རུ་རྒེད་འོག་ལས་ སེངྒེ་རིག་འཛིན་གྱིས གསུམ་རྡུང་རྔམ་གདངས་དབྱངས་མཇུག་ལས་ བྲེམ་ལེན་ཐངས་དང་ ད་ལས་ལག་ལེན་མཚམས་ ག་དེ་སྦེ་ལེན་དགོཔ་ཨིན་ནའི་སྐོར་ལས་ སླབ་མས།
- Bumthang
- Ura
- Ura-Dozhi
- སེང་གེ་རིག་འཛིན་ Singye Rigzinད་ ད་ཕྱག་འཚལ་རོལ་མོ་གྲོལ་ཡི་ལགས་ ད་ ཕྱག་འཚལ་རོལ་མོ་གི་རྟིང་བདའ་སྟེ་ ད་ དེ་ལས་ ད་ མར་ལས་སྐྱབས་འགྲོ་ཟེར་མི་འདི་འགྱོ་འོང་ ད་ ཕུར་པའི་དབང་དུ་བཏང་པ་ཅིན་ ང་བཅས་ར་ད་ ཕུར་པའི་་་ཅོག་གཅིགཔ་ཅིག་ ཕུར་པའི་དབང་དུ་འདི་འབད་བ་ཅིན་ སྐྱབས་འགྲོ་ཟེར་མི་འདི་ཨིན་ལགས།
- སེང་གེ་རིག་འཛིན་ Singye Rigzinསྐྱབས་འགྲོ་གི་ རོལ་མོ་འདི་ ད་ གསུམ་གདུང་དབྱངས་མཇུག་ཟེར་མི་འདི་འགྱོ་ནི་ལགས།
- སེང་གེ་རིག་འཛིན་ Singye Rigzin(Speaker claps hands) ཨུ་རུ་རུ་་་ ཧུང་ གཅིག་་་ གཉིས་་་ གསུམ་་་བྱ་ གཅིག་་་ གཉིས་་་ གསུམ་་་བྱ་ ཧུང་ཟེར་ གསུམ་གདུངས་དབྱངས་མཇུག་འགྱོ་ནི་ཨིན་ལགས་ ད་་་།
- སེང་གེ་རིག་འཛིན་ Singye Rigzinསེམས་བསྐྱེད་ཟེར་མི་འདི་ཨིན་ལགས་ ད་ སེམས་བསྐྱེད་ཡང་འདི་ཅོག་གཅིགཔ་རང་གསུམ་གདུངས་དབྱངས་མཇུག་བཏང་ནི་ཨིན་ལགས་ ཧེང་་་ ཨུ་རུ་རུ་་་ ཧུང་ གཅིག་་་ གཉིས་་་ གསུམ་་་བྱ་ གཅིག་་་ གཉིས་་་ གསུམ་་་བྱ་ འ་ནཱི་སེམས་བསྐྱེད་ཡང་གྲོལཝ་ཨིན་ལགས་ ལགས་སོ།