Video Overview
Singye Rinzin from Ura Gewog describes the different types of cymbals that are played during Bhutanese rituals. There are two types of cymbals: Posang cymbals are believed to be from the Kagyud school; Boeroel cymbals are believe to be first used by Tibetans of the Nyingma school. Whereas Boeroel cymbals existed first, Posang cymbals were said to be invented by the first Desi, Umze Tenzin Drugyal, on the basis of Khuenkhen Pema Karpo’s teaching.
བུམ་ཐང་རྫོང་ཁག་ ཨུ་ར་རྒེད་འོག་ལས་ སེངྒེ་རིག་འཛིན་གྱིས་ ང་བཅས་རའི་ འབྲུག་ལུགས་ཀྱི་ཆོག་བཏངམ་ད་ རོལ་མོའི་གྱང་ཁ་ཚུ་ ག་དེ་སྦེ་ཡོདཔ་ཨིན་ནའི་སྐོར་ལས་ བཤདཔ་མས། ང་བཅས་རའི་ འབྲུག་རྒྱལ་ཁབ་ནང་ སྤྱིར་བཏང་ཆོས་ལུགས་བཞི་ལས་ བཀའ་བརྒྱུད་ཚུ་གིས་ རྫོང་གཞི་ཁག་ཚུ་ནང་ སྤོ་སང་གི་སྦེ་བཏང་མིའི་རིགས་ལུ་ གསར་མའི་ལུགས་དང་ བོད་ལུགས་ཟེར་ བོད་རོལ་གྱི་སྦེ་ བཏང་སྲོལ་གཉིས་སྦེ་དར་ཁྱབ་བྱུང་སྟེ་འདུག། ཏེ་སྤྱིར་བཏང་ བོད་རོལ་གྱི་ཐོག་ལས་ ཆོ་ག་བཏང་ཐངས་འདི་ ཧེ་མ་ལས་དར་ཁྱབ་བྱུང་ཡོད་རུང་ གསར་མའི་ལུགས་འདི་ འབྲུག་གི་དབུ་མཛད་དང་པ་ བསྟན་འཛིན་འབྲུག་རྒྱལ་མཆོག་གིས་ གཞི་ཀུན་མཁྱེན་དཀར་པོའི་ལུགས་ལས་བཞག་སྟེ་ མཛད་གནང་གནངམ་ཨིན་ཟེར་མས། རྙིང་མའི་དགོན་སྡེ་ཚུ་ནང་ ཧེ་མ་འདི་ ཆོ་ག་ཚུ་མང་ཤོས་ཅིག་ བོད་རོལ་གྱི་སྦེ་བཏང་དོ་ཡོད་རུང་ ཤུལ་ལས་གསར་མའི་ལུགས་དང་ཆ་མཐུནམ་སྦེ་ སྤོ་སང་གིས་སྦེ་ཡང་བཏང་ནི་སྲོལ་ དར་ཁྱབ་བྱུང་ནུག། ད་ལྟོའི་གློག་བརྙན་འདི་ནང་ ཁོ་གིས་བསྟོད་མཇུག་ཟེར་ ཆོ་ག་མཇུག་བསྡུ་བའི་སྐབས་ རོལམོ་ག་དེ་སྦེ་ བརྡུང་དགོ་ཨིན་ནའི་གྱང་ཁ་ཁ་གསལ་སྦེ་ གསལ་སྟོན་འབདཝ་མས།
- Ura
- Bumthang
- སེང་གེ་རིག་འཛིན་ Singye Rigzinད་ ད་འདི་ལས་མར་ ད་ ཡོད་ནི་འདི་ལེ་ཤ་ཡོད་ ད་ སྤྱན་འདྲེན་ཟེར་མི་འདི་བཏང་གེ་ སྤྱན་འདྲེན་ཟེར་མི་འདི་ ད་ ནཱ་ལས་ཕར་ ད་ གཞན་ཚུ་འདི་དང་ཅོག་གཅིགཔ་རང་ཨིན་ལགས།
- སེང་གེ་རིག་འཛིན་ Singye Rigzinམཆོད་པ་འདི་ཚུ་ཡང་ གསུམ་གདུངས་སླབ་མི་ཚུ་ཨིན་ དེ་ལས་ ཨ་ནཱི་ ད་རུང་འདི་ཚུ་ཡོད་མི་ཚུ་ག་ར་ གསུམ་གདུངས་ཚང་ལོ་ གསུམ་གདུངས་དབྱངས་འགོ་ཟེར་མི་འདི་ཚུ་ དབྱངས་མཇུག་ཟེར་མི་ཚུ་རང་ཨིན།
- སེང་གེ་རིག་འཛིན་ Singye Rigzinགཙོ་བོ་ར་ཏེ་ ད་ ཕུར་པའི་དབང་དུ་ཨིན་པ་ཅིན་ ད་ སྤྱན་འདྲེན་ཟེར་མི་ ཁག་ཆེ་ཤོས་ཅིག་ སྤྱན་འདྲེན་ཨིན་ལགས་ ད་ སྤྱན་འདྲེན་བཏང་ནི་ལགས།
- སེང་གེ་རིག་འཛིན་ Singye Rigzin(Speaker claps hands) ཨུ་རུ་རུ་་་ ཧུང་ གཅིག་་་ གཉིས་་་ གསུམ་་་བྱ་ གཅིག་་་ གཉིས་་་ གསུམ་་་ཧེང་ཧེང་ ཧེང་་་ ཧེད།
- སེང་གེ་རིག་འཛིན་ Singye Rigzinཧེང་་་ ཧེད་ ཧེང་་་ ཧེད་ ཧེང་་་ ཧེང་ ཧེད་ ཧེང་་་ ཧེད་ ཧེང་་་ ཧེང་་་ ཧེང་ ཧེང་་་ ཧེད་ ཧེང་་་ ཧེང་་་ ཧེང་་་ ཧེང་་་ ཨུ་རུ་རུ་་་་ ཧུང་།
- སེང་གེ་རིག་འཛིན་ Singye Rigzinགཅིག་ གཉིས་ གསུམ་་་ བཞི་་་ ལྔ་་་ དྲུག་ བདུན་་་ བརྒྱད་་་ དགུ་ འ་ནཱི་སྤྱན་འདྲེན་ཨིན་ལགས་ ལགས་སོ།