Video Overview
Tshokey Lhamo and friend from Radhi Gewog, Tashigang, demonstrate game called Aek-drupa with Pebbles. To play this game, there should be more than one participant, and each can have five similarly sized pebbles; alternatively, all players can share the same set of pebbles. They take turns playing the game, and when one player breaks the any of the rules, it is another player’s turn. Participants fix a point limit and then compete with each other to reach that point. There is no fixed place or time to play this game. This game was borrowed from neighboring countries, India and Nepal, as evidenced in the language of its name: “Aek-drupa” (“One Two”).
བཀྲིས་སྒང་རྫོང་ཁག་ རདྷི་རྒེད་འོག་ ལས་ཨིན་མི་ཚོས་སྐྱིད་ལྷ་མོ་གི་ ཆུ་རྡོ་གི་རྩེདམོཆབ་ཆབ་ཀྱི་སྐོར་ལས ཁྲིམས་ལུགས་དང་ རྩེདམོ་རྩེད་ཐངས་ཚུ་ འགྲེམས་སྟོན་འབདཝ་ཨིན་མས། རྩེདམོ་རྩེད་ཐངས་འདི་ཡང་ གྲལ་གཏོགས་འབད་མི་ གཅིག་ལས་མངམ་དགོ་ནི་དང་ མི་རེ་རེ་ལུ་ཆུ་རྡོ་སྦོམ་ཆུང་ ཅོག་གཅིགཔ་སྦེ་དགོ་ནི་ ཡང་ན་རྩེདམོ་རྩེ་མི་ཚུ་གི་བར་ན་ ཆུ་རྡོ་འདི་་བགོ་བཤའ་ རྐྱབ་འབད་རྩེད་རུང་བཏུབ་ཨིན་མས། རྩེདམོ་འདི་རྩེད་ནའི་དོན་ལུ་ སྐོར་རྒྱབ་བཟོཝ་ཨིན་ཨིན་མས་ གྲལ་གཏོགས་འབད་མི་གཅིག་གི་ ཁྲིམས་ལས་འགལ་སོང་པ་ཅིན་ སོ་སོ་གཅིག་གི་གོ་སྐབས་ལེནམ་ཨིན། གྲལ་གཏོགས་འབད་མི་ཚུ་གི་ སྐུགས་ཀྱི་ཚད་བཟོ་སྟེ་ ཁོང་ཚུ་གི་བར་ན་ དོ་འགྲན་འབདཝ་ཨིན་མས། རྩེདམོ་འདི་རྩེད་ནའི་དོན་ལུ་ ས་སྒོ་དང་དུས་ཚོད་འདི་ གཏད་འཁེལ་འབད་མེདཔ་ཨིནམ་ ནམ་རྩེད་རུང་བཏུབ་ཨིན་མས། རྩེདམོ་འདི་ཡང་ ཁྱིམ་ཚང་རྒྱལ་ཁབ་ ༼རྒྱ་གར་དང་ནེ་པཱལ༽ ལས་ བསྐྱི་བཀྱིཝ་རྩདམོ་གཅིག་ ཨིནམ་ལས་རྩེདམོ་འདི་གི་མིང་ཡང་ ཨེག་གྲུབ་པ༼གཅིག གཉིས༽ཟེར་ཨིན་མས།
- Radhi
- Trashigang
- ཆ་རོགས་ Friendཨེག་དོ་པ་འདི་ སྐུགས་ཚད་ ག་དེམ་ཅིག་ན་བཞག་ནི?
- མཚོ་སྐྱིད་ལྷ་མོ་ Tshokey Lhamoཁལ་གཅིག་ན་བཞག་ནི།
- ཆ་རོགས་ Friendཁལ་གཅིག?
- མཚོ་སྐྱིད་ལྷ་མོ་ Tshokey Lhamoཨོང་།
- ཆ་རོགས་ Friendཡ་ཡ་ ང་འགོ་བཙུགས་ད་ཡི་སྨེ།
- ཆ་རོགས་ Friendཡ་ ད་ཨམ་ སླབ་སྨེ།
- མཚོ་སྐྱིད་ལྷ་མོ་ Tshokey Lhamoའ་ནཱི།
- ཆ་རོགས་ Friendའ་ནཱི་ཡ?
- ཆ་རོགས་ Friendཡ་ སྐུགས་བཞི་ཡར་སོ་ཡི་སྨེ།
- ཆ་རོགས་ Friendཡ་ ཨམ་སླབ་ཤིག
- ཆ་རོགས་ Friendག་ཏེ?
- ཆ་རོགས་ Friendསྐུགས་བཅུ་དགུ་ ཡར་སོ་ཡི་སྨེ།
- ཆ་རོགས་ Friendཡ་ ད་ཁྱོད་ རྐྱབ་ཤིག
- མཚོ་སྐྱིད་ལྷ་མོ་དང་ཆ་རོགས་ Tshokey Lhamo & Friendཨེ་ཧེ་ཧི་ཧི་ཧི་་་་་་་། ཡ་ ད་ཁྱོད་མེད་སྨེ།
- མཚོ་སྐྱིད་ལྷ་མོ་ Tshokey Lhamoང་་་་་་
- ཆ་རོགས་ Friendང་འདི་ [བཅད་པོ་ བག་པེ་ ཡ་?]
- ཆ་རོགས་ Friendའ་ནཱི་ [ཤུགས་པོ་?] ལྔཔོ་ཆ་ར་བླུག་དགོ་ གཅིག་འདི་ ལགཔ་ཁར་བཞགཔ་མས་ མོ་གིས།
- མཚོ་སྐྱིད་ལྷ་མོ་ Tshokey Lhamoཡ་་་་་
- ཆ་རོགས་ Friendཨུམ་་་་་་་།
- ཆ་རོགས་ Friendའབདཝ་ད་ལུ་ ང་འདི་ [བག་པེ་?] ཨིནམ་བ་ཏེ། [བག་པེ་?] [བག་པེ་?] །
- ཆ་རོགས་ Friendད་འདི་ ཡ།
- ཆ་རོགས་ Friendཡ་་་་་།
- ཆ་རོགས་ Friendག་ཏེ་འཛུལ་སོ་ཡི་ག་ ཡ་་་།
- ཆ་རོགས་ Friendའཛོལ་ཞིནམ་ལས་འདི་ མི་ཐོབ་ཁྱོད། ཚར་གཅིག་ལས་མི་ཐོབ། ད་ ང་རྩེད་དགོ། ང་འདི་ འ་ནཱི་ [བག་པེ་?] མེན་ ང་འདི་འ་ནཱི་ཨིན། ཨམ་ཨིན་ཡ།
- མཚོ་སྐྱིད་ལྷ་མོ་ Tshokey Lhamoའ་ནཱི་འདི།
- ཆ་རོགས་ Friendཡ་ ད་སྐུགས་ཚངམ་ཨིན་སྨེ་ ད་ཅི་དགུ་ཡོད་སྨེ་ང་གི་ དགུ་ དགུ་ བཅུ་ཐམ་ བཅུ་གཅིག་ བཅུ་གཉིས་ བཅུ་གསུམ་ བཅུ་གསུམ་ཡར་སོ་ཡི་སྨེ་ང་ བཅུ་གསུམ་ བཅུ་གསུམ་ བཅུ་གསུམ་ བཅུ་གསུམ་ བཅུ་གསུམ།
- ཆ་རོགས་ Friendཡ་ ཨམ་སླབ་ཤིག
- ཆ་རོགས་ Friendབཅུ་གསུམ་ བཅུ་གསུམ་ བཅུ་བཞི་ བཅོ་ལྔ་ བཅུ་དྲུག བཅུ་བདུན།
- ཆ་རོགས་ Friendཡ་་་་་ བཅུ་བདུན་ཡར་སོ་ཡི་སྨེ།
- ཆ་རོགས་ Friendཡ་ འ་ནཱི་ཨིན་ དཀྲོགསཔ་ད་ལུ་ ཁྱོད་མི་ཐོབ་སྨེ་
- མཚོ་སྐྱིད་ལྷ་མོ་ Tshokey Lhamoམི་ཐོབ་འོང་ ཁྱོད།
- ཆ་རོགས་ Friendམི་ཐོབ། ཁྱོད་ ང་གིས་ ག་ཏེ་ཕོག་ཅི་ག་ འ་ནཱི་རྐྱབ་དགོ བལྟ་ཤིག་ མི་ཐོབ་ མི་དགོ་ ང་གཉིས་ལུ་ གཉིས་ལུ་ཤོར་སོ་ཡི།
- མཚོ་སྐྱིད་ལྷ་མོ་ Tshokey Lhamoཨེ་ཧི་་་་་ ཨེག་དོ་པ་རྩེཝ་ཨིན་ཟེར།
- ཆ་རོགས་ Friend[་་་་་་་་་་་་་་?]
- ཆ་རོགས་ Friendཡ་་་་་ བརྒྱད་ བརྒྱད་ བརྒྱད་ དགུ་ བཅུ་ཐམ་ བཅུ་གཅིག་ བཅུ་གཉིས།
- ཆ་རོགས་ Friendཡ་ འ་ནཱི་འདི། ང་གི་བཅུ་གསུམ་ཡོད།
- ཆ་རོགས་ Friendདེ་ལས་ [བག་པེ?]
- མཚོ་སྐྱིད་ལྷ་མོ་དང་ཆ་རོགས་ Tshokey Lhamo & Friendཨེ་ཧེ་ཧི་ཧི་ཧི་་་་་་། ཡ་ མེད་ ཨེ་ཧེ་ཧི་ཧི་་་་་་ མི་ཐོབ་ཁྱོད་ མི་ཐོབ་ ཨ་ལའོ་ང་ ཨེག་དོ་པ་རྩེད་དེ།
- ཆ་རོགས་ Friendང་འདི་ འ་ནཱི་ཨིནམ་བ་ [བག་པེ་?] ཤོར་སོ་ཡི་སྨོ? ད་ཅི། ང་ [བག་པེ་?] ཤོར་ཡི་བ་ [བག་པེ་?] ཤོརཝ་ད་ལུ།
- མཚོ་སྐྱིད་ལྷ་མོ་ Tshokey Lhamoཁྱོད་ཀྱི་འདི་ ཤོར་འགྱོཝ་ད་ འཐུ་ནི་ཡ?
- ཆ་རོགས་ Friendམེན་ ཨ་ནཱི་འདི་ སོ་སོ་ཨིན།
- མཚོ་སྐྱིད་ལྷ་མོ་ Tshokey Lhamoམ་མཐུད་པས་ག?
- ཆ་རོགས་ Friendཡ་ མཐུད་པས་ཡ་ མ་མཐུད་པ་ཅིན་ [རེའིཌ་?] མེད་བ་ཏེ། ང་བཅུ་གསུམ་ བཅུ་གསུམ་ བཅུ་བཞི་ བཅོ་ལྔ་ བཅུ་དྲུག་ བཅུ་བདུན་ཡོད་ང་གི་ བཅུ་བདུན་ བཅུ་བདུན་ བཅུ་བདུན་ བཅུ་བདུན་ ཡ་་་་།
- མཚོ་སྐྱིད་ལྷ་མོ་ Tshokey Lhamoག་ཅི་ལོ? ཨེ་ཧེ་ཧི་ཧི་་་་་ རྫོགས་སོ་ཡི།
- ཆ་རོགས་ Friendམ་པ་ ག་ཅི་སྨོ?
- མཚོ་སྐྱིད་ལྷ་མོ་ Tshokey Lhamoམ་ཤེས།
- ཆ་རོགས་ Friendབཅུ་བདུན།
- མཚོ་སྐྱིད་ལྷ་མོ་ Tshokey Lhamoརྫོགས་སོངཔ་མེན་ན? གཅིག་ གཉིས་ གསུམ་ བཞི་ ལྔ་ དྲུག
- ཆ་རོགས་ Friendམེན་ ཁྱོད་ཀྱི་འདི་ འཛོལ་སོ་ཡི།
- མཚོ་སྐྱིད་ལྷ་མོ་དང་ཆ་རོགས་ Tshokey Lhamo & Friendག་ཅི་སྨོ་ཏེ? ཁྱོད་འདི་ འ་ནཱི་སྦེ་ལོག་ཅི་ལོག་ཅི་བཀོ་མི་ཐོབ་བ་ཏེ།
- མཚོ་སྐྱིད་ལྷ་མོ་ Tshokey Lhamoབཀོ་ནི་མེནམ་སྦེ་ འ་ནཱི་འདི།
- ཆ་རོགས་ Friendམེན་སྨེ་ འ་ནཱི་འདི་མི་ཐོབ།
- ཆ་རོགས་ Friendའཛོལ་ཞིནམ་ལས་ མི་ཐོབ་ཁྱོད།
- མཚོ་སྐྱིད་ལྷ་མོ་ Tshokey Lhamoའ་ནཱི།
- ཆ་རོགས་ Friendང་བཅུ་བདུན་འགྱོ་ཡི་བ།
- མཚོ་སྐྱིད་ལྷ་མོ་ Tshokey Lhamoག་དེམ་ཅིག་ཡར་སོ་ཡི?
- ཆ་རོགས་ Friendབཅུ་བདུན་ ཁྱོད་ཀྱིས་ སྐུགས་ཚད་ ཉི་ཤུ་བཞག་ཅི་སྨོ? ད་འདི་ ང་གིས་ཆོད་ནི་རང་ཏེ་ ཁྱོད་ཕམ་ནི་རང་། བཅུ་བདུན།
- མཚོ་སྐྱིད་ལྷ་མོ་ Tshokey Lhamoཕམ་བཅུག་ཏེ།
- ཆ་རོགས་ Friendབཅུ་བདུན།
- མཚོ་སྐྱིད་ལྷ་མོ་ Tshokey Lhamoཁྱོད་རྒྱལཝ་སྦེ་འབག
- ཆ་རོགས་ Friendབཅུ་བདུན་ བཅོ་བརྒྱད་ བཅུ་དགུ་ ཉི་ཤུ་ ང་ཆོད་ཅི་སྨེ་ གཉིས་ཐེབས་ཡར་སོ་ཡི་ སྐུགས་གཅིག་གྲོལ་ཡི།
- མཚོ་སྐྱིད་ལྷ་མོ་ Tshokey Lhamoཆོད་སོ་ཡི་སྨེ་ ཨེ་ཧི་་་་་།
- ཆ་རོགས་ Friendཆོད་སོ་ཡི་ ད་ལྟོ།། །།