Skip to main content Skip to search
15 Dec 2011
1 min 45 sec
Video Overview
Creators: 
Unknown

A Lhasa Drama Group manager discusses a work-related trip with two actors.

Transcript search
No results found for this search
0 of 0
  • དེ་བྱས་ད་ལོ་ཨ་ནི་རྒན་ཡུན་ཞུས་གནང་པ་དང་ད་ལྟ་ཨ་ནི་གནང་རྒྱུ་རྒན་གྲས་ཁག་གཅིག་ཨ་ནི་དེར་ཡ་ད་ང་རང་ཚོའི་ལྗོང་ནང་ཁུལ་ལ་ཡ་བོད་ནང་ཁུལ་ལ་ཡ་དེ་བར་ཕར་ད་སྤྲོ་འཆམ་དང་སྦྲག་བྱས་ཨ་ནི་དེ་གཅིག་བཏང་གི་ཡིན་ཟེར་དེ་འདྲ་སོང་ཙང་ང་ཚོའི་ལས་ཁུངས་ད་མིང་མིང་གཉིས་ལས་མི་འདུག
    de byas da lo a ni rgan yun zhus gnang pa dang da lta a ni gnang rgyu rgan gras khag gcig a ni der ya da nga rang tsho'i ljong nang khul la ya bod nang khul la ya de bar phar da spro 'cham dang sbrag byas a ni de gcig btang gi yin zer de 'dra song tsang nga tsho'i las khungs da ming ming gnyis las mi 'dug
  • ལགས་ལགས་སོ།
    lags lags so/
  • བྱས་ཙང་ཨ་ནི་ང་ཚོའི་ད་ལྟ་དེ་ང་ཚོའི་དབུ་འཁྲིད་གཞན་དག་དང་བཀའ་མོལ་བྱུང་ཨ་ནི་ཁྱེད་རྣམས་གཉིས་ང་ཚོའི་ད་ལས་ཁུངས་ནང་ནས་དགུང་ལོ་སྦྲས་ཤོས་གྲས་ཀ་རེད་བྱས་ཙང་ངའི་བསམ་བློ་བྱས་པ་ཡིན་ནའང་ཁྱེད་རྣམས་གཉིས་ཕེབས་ན་བསམ་གི་འདུག
    byas tsang a ni nga tsho'i da lta de nga tsho'i dbu 'khrid gzhan dag dang bka' mol byung a ni khyed rnams gnyis nga tsho'i da las khungs nang nas dgung lo sbras shos gras ka red byas tsang nga'i bsam blo byas pa yin na'ang khyed rnams gnyis phebs na bsam gi 'dug
  • ཨ་ནི་ཨ་ལེར་ཡང་ཐད་ཐུབ་ཀྱི་ཡོད་ད་མེད་ད་གང་འདྲ་ཡིན་ན་ངས་དེར་ཞུ་ཚོད་ཞི་བུ་ཐེགས་མ་སོང་ག་དུས་ཡིན་ན་ལྷན་རྒྱས་གཉིས།
    a ni a ler yang thad thub kyi yod da med da gang 'dra yin na ngas der zhu tshod zhi bu thegs ma song ga dus yin na lhan rgyas gnyis/
  • འོའི་ཙི་བཅར་དང་བཅར་གོ་སྐབས་དེ་ཡག་པོ་མ་རེད་བས།
    'o'i tsi bcar dang bcar go skabs de yag po ma red bas/
  • གོ་སྐབས་ཡག་པོ་རེད་བ།
    go skabs yag po red ba/
  • ལགས་རེད།
    lags red/
  • ག་དུས་ཙམ་ཡིན་ནམ་རྒན་ལགས་།
    ga dus tsam yin nam rgan lags /
  • འོན་ད་ལྟའི་གཟའ་འཁོར་ད་གའི་ནང་ལོགས་རེད་ཤག
    'on da lta'i gza' 'khor da ga'i nang logs red shag
  • ལགས་ལགས་སོ།
    lags lags so/
  • ཁྱེད་རྣམས་གཉིས་ཕེབས་པ་ཡིན་ནའི་ཨ་ནི། ཨན། དེར་ཐོན་གི་ཡིན་གསུང་གིས། ད་ལྟ་ཨོའོ་ཁོང་ཚོ་གཅིག་གྱུར་བྱས་པ་ཡིན་ན་གཟའ་པ་སངས་ཉིན་མོ་དེར། 
    khyed rnams gnyis phebs pa yin na'i a ni/_an/_der thon gi yin gsung gis/_da lta o'o khong tsho gcig gyur byas pa yin na gza' pa sangs nyin mo der/_
  • ལགས་ལགས་སོ།
    lags lags so/
  • ཐོན་རྒྱུ་བྱས་པ་ཡིན་ཟེར།་
    thon rgyu byas pa yin zer/
  • ལགས་ལགས།
    lags lags/
  • ཞོགས་ཀད་ཨ་ནི་ཆུ་ཚོད་བཅུ་པར་ཡ་སྣེ་ལེན་ཁང་ནས་མོ་གྲ་བཏང་གི་རེད་གསུང་རེད།
    zhogs kad a ni chu tshod bcu par ya sne len khang nas mo gra btang gi red gsung red/
  • ལགས་ལགས་སོ།
    lags lags so/
  • ཨ་ནི་དེ་མཉམ་བུར་ཕེབས་རྒྱུ་རེད་གསུང་རེད་ཨ་ནི་སྒུག་གནང་ས་ཕེབས་སྒུག་གནང་ས་དེ་སྣེ་ལེན་ཁང་གི་སྒོ་འགྲམ་ལ་ཕེབས་རྒྱུ་རེད་ཤག་གསུང་རེད།
    a ni de mnyam bur phebs rgyu red gsung red a ni sgug gnang sa phebs sgug gnang sa de sne len khang gi sgo 'gram la phebs rgyu red shag gsung red/
  • ལགས་ལགས་སོ་ལགས།
    lags lags so lags/
  • སྣེ་ལེན་ཁང་ལ་ཕེབས་ཨ་ནི་ཕ་ནས་འཁྱབ་གཅིག་འོན་ང་རང་ཚོ་གཅིག་པོ་མི་པ་གཞན་དག་ཡང་ཁག་གཅིག་ཡོད་རེད་ཨ་ནི་དེ་གྱད་མཉམ་དུ་ཕེབས་ཨ་ནི་གྲ་བསྒྲིགས་ཡག་པོ་གནང་།
    sne len khang la phebs a ni pha nas 'khyab gcig 'on nga rang tsho gcig po mi pa gzhan dag yang khag gcig yod red a ni de gyad mnyam du phebs a ni gra bsgrigs yag po gnang /
  • ལགས་ལགས་སོ།
    lags lags so/
  • མ་རེད་བས།
    ma red bas/
  • ལགས་རེད།
    lags red/
  • ད་འགྲོ་གི་ཡིན་རེད་བ་ཡིན་རེད་བཱ།
    da 'gro gi yin red ba yngred bA/
  • ད་འོ་ན་ཨ་ལས་དུག་སི་གནང་རོགས་གནང་།
    da 'o na a las dug si gnang rogs gnang /
  • ཨ་ལེར་ཆིབས་གྱུར་གནང་གོ་ལགས་སོ།
    a ler chibs gyur gnang go lags so/