Skip to main content Skip to search
28 Aug 2018
5 min
Video Overview
Creators: 
Sonam Tobgye

༉  ས་འདི་བྱང་ཤིང་རྩ་བ་ཟེར་མི་ བོད་སྒྲའི་གླུ་གཞས་རྙིང་ཤོས་ཅིག་ ལྷུན་རྩེ་རྫོང་ཁག་ སྨད་མཚོ་རྒེད་འོག་ལས་ ཡེ་ཤེས་རྒྱལ་མཚན་གྱིས་འཐེནམ་ཨིནམ་ད་ གླུ་གཞས་འདི་ནང་ ཚིག་འདི་ཚུ་ གསལ་ཏོག་ཏོ་ཅིག་མེད་རུང་ བར་དང་མཇུག་གི་ཚིག་འབད་བ་ཅིན་ ཉ་མོ་སྐྱེས་ལུགས་ཤེས་པ་ལུ་འཕུར་མ་ཤེས། །ང་ལུ་འཕུར་ངོ་སྟོན་ནང་རྒོད་ཀྱི་བུ་ཟེར་དང་ སྤྲང་པོ་སྐྱེས་ལུགས་ཤེས་པ་ལུ་ཆོས་མ་ཤེས། །ཆོས་ངོ་སྟོན་དང་ངེའི་སློབ་དཔོན་ཟེར་ འཛམ་གླིང་ནང་ལུ་མི་ལུས་ཐོབ་སྟེ་འབད་རུང་ ཕྱི་མའི་དོན་ལུ་དམ་པའི་ཆོས་སྒྲུབ་མ་ཤེས་པར་ ཆོས་སྟོན་གནང་ཟེར་ སློབ་དཔོན་ལུ་ཞུ་བ་ཕུལ་བའི་སྐོར་ལས་ཨིན་པས།

Yeshi Gyeltshen from Maedtsho Gewog (county) in Lhuntse Dzongkhag (district), sings an old Boedra song called "Sadi Jangshing Tsawai La". The lyrics are not entirely clear but it seems that the composer tries to pay his respects to offerings made from heaven. The song uses metaphors such as a fish in the river.

 

Transcript search
No results found for this search
0 of 0
  • ཚེ་དབང་རིན་འཛིན Tshewang Rinzin
    ས་འདི་བྱང་ཤིང་རྩ་བའི་ལ་ར་སྐྱོ་ང་། །ར་སྐྱོ་སྐྱིད་གླུ་བཤད་པ་ལ་[དར་མ་བཞེས]། །[དར་མ་བཞེས]། །
  • ཚེ་དབང་རིན་འཛིན Tshewang Rinzin
    ང་ལ་[དར་ངོ་]སྟོན་དང་ལ་གྲོང་གི་སྦུག །འདི་དུ་ནང་ཞིང་[དར་ངོ་]ལ་བཤད་པའི་ཚེ། །བཤད་པའི་ཚེ། །
  • ཚེ་དབང་རིན་འཛིན Tshewang Rinzin
    འཕྲལ་འདི་དགའ་འཚོར་ཤར་བའི་ལ་སེམས་ལ་ཤར། །མཇུག་འདི་དྲིན་ལན་གྲོང་གི་ལ་ཕྱོགས་ལུ་མཇལ། །ཕྱོགས་ལུ་མཇལ། །
  • ཚེ་དབང་རིན་འཛིན Tshewang Rinzin
    ཆུ་འདི་མེད་ལ་སྐྱེས་པའི་ལ་ཉ་མོ་ང་། །ཉ་མོ་སྐེད་ལུ་ཤེས་པ་ལ་[དར་མ་ཤེས]། །[དར་མ་ཤེས]། །
  • ཚེ་དབང་རིན་འཛིན Tshewang Rinzin
    ང་ལ་ཕུར་ངོ་སྟོན་དང་ལ་སྐྱིད་སྐྱིད་པུ། འདི་དུ་ནང་ཞིང་[ཕུར་ངོ་]ལ་བཤད་པའི་ཚེ། །བཤད་པའི་ཚེ། །
  • ཚེ་དབང་རིན་འཛིན Tshewang Rinzin
    འཕྲལ་འདི་དགའ་འཚོར་ཉམས་མོའི་ལ་སེམས་ལ་ཤར། །མཇུག་འདི་དྲིན་ལན་རང་གི་ལ་ཕྱོགས་ལུ་མཇལ། །ཕྱོགས་ལུ་མཇལ། །
  • ཚེ་དབང་རིན་འཛིན Tshewang Rinzin
    ཆུང་འདི་ཨ་མའི་སྐྱེས་པའི་ལ་སྤྲང་པོ་ང་། །སྤྲང་པོ་སྐེད་ལུ་ཤེས་པ་ལ་ཆོས་མ་ཤེས། །ཆོས་མ་ཤེས། །
  • ཚེ་དབང་རིན་འཛིན Tshewang Rinzin
    ང་ལ་ཆོས་ལུ་སྟོན་དང་ལ་ངེའི་སློབ་དཔོན། འདི་དུ་ནང་ཞིང་ཆོས་ངོ་ལ་བཤད་པའི་ཚེ། །བཤད་པའི་ཚེ། །
  • ཚེ་དབང་རིན་འཛིན Tshewang Rinzin
    འཕྲལ་འདི་དགའ་འཚོར་སྤྲང་པོའི་ལ་སེམས་ལ་ཤར། །མཇུག་འདི་དྲིན་ལན་མཚན་ལྡན་ལ་ཕྱོགས་ལུ་མཇལ། །ཕྱོགས་ལུ་མཇལ། །
  • ཚེ་དབང་རིན་འཛིན Tshewang Rinzin
    ལགས་སོ་ལགས།