Skip to main content Skip to search
11 Jan 2016
4 min 47 sec
Rating
0
No votes yet
Video Overview
Creators: 
Tibetan & Himalayan Library

This is a video of Drolle from Serchen in Amdo singing a song called "Pitch a Tent on the Rocky Mountain." This song is part of a collection of folk songs from the Rebgong cultural area.

Show More

  • དགུང་ཨ་སྔོན་དཀྱིལ་ནས་གུར་ཞིག་ཕུབ།། ༼ གྲལ་སུམ་འཛོམས་ཁྲོམ་པས་ཚུར་ལ་ཡང་གིས་ཉོན། ༽
  • ནངས་སྔ་མོ་གུར་སྒོ་ཕྱེ་དུས་ན།། ༼ གྲལ་སུམ་འཛོམས་ཁྲོམ་པས་ཚུར་ལ་ཡང་གིས་ཉོན། ༽
  • དགུང་ཉི་མ་སེར་པོ་སྔུན་ནས་ཤར། ༼ གྲལ་སུམ་འཛོམས་ཁྲོམ་པས་ཚུར་ལ་ཡང་གིས་ཉོན། ༽
  • དགུང་ཕྱི་དྲོ་གུར་སྒོ་བསྟན་དུས་ན།།
  • དུང་ཟླ་བ་དཀར་པོ་གཞུག་ནས་ཚེས།། ༼ གྲལ་སུམ་འཛོམས་ཁྲོམ་པས་ཚུར་ལ་ཡང་གིས་ཉོན། ༽
  • དེས་མི་ཚད་སྐར་ཚོགས་ཁྲི་མ་འབུམ།། ༼ གྲལ་སུམ་འཛོམས་ཁྲོམ་པས་ཚུར་ལ་ཡང་གིས་ཉོན། ༽
  • ཁྲི་མ་འབུམ་གྱིས་མཐའ་ནས་བསྐོར།། ༼ གྲལ་སུམ་འཛོམས་ཁྲོམ་པས་ཚུར་ལ་ཡང་གིས་ཉོན། ༽
  • ངས་ཡང་ཡང་བསྐོར་བའི་སྨོན་ལམ་འདེབས།། ༼ གྲལ་སུམ་འཛོམས་ཁྲོམ་པས་ཚུར་ལ་ཡང་གིས་ཉོན། ༽
  • རྫ་ཁྲ་ཡག་དཀྱིལ་ནས་ར་ཞིག་ཕུབ།། ༼ གྲལ་སུམ་འཛོམས་ཁྲོམ་པས་ཚུར་ལ་ཡང་གིས་ཉོན། ༽
  • ནངས་སྔ་མོ་ར་སྒོ་ཕྱེ་དུས་ན།། ༼ གྲལ་སུམ་འཛོམས་ཁྲོམ་པས་ཚུར་ལ་ཡང་གིས་ཉོན། ༽
  • སེང་གེ་དཀར་མོ་གངས་ན་འགྱིང་།། ༼ གྲལ་སུམ་འཛོམས་ཁྲོམ་པས་ཚུར་ལ་ཡང་གིས་ཉོན། ༽
  • དགོང་ཕྱི་དྲོ་ར་སྒོ་བསྟན་དུས་ན།། ༼ གྲལ་སུམ་འཛོམས་ཁྲོམ་པས་ཚུར་ལ་ཡང་གིས་ཉོན། ༽
  • བྲེ་སེར་འབྲོང་མོ་རྫ་ནས་འགྱིང་།། ༼ གྲལ་སུམ་འཛོམས་ཁྲོམ་པས་ཚུར་ལ་ཡང་གིས་ཉོན། ༽
  • དེས་མི་ཚད་རི་དྭགས་ཁྲི་མ་འབུམ།། ༼ གྲལ་སུམ་འཛོམས་ཁྲོམ་པས་ཚུར་ལ་ཡང་གིས་ཉོན། ༽
  • ཁྲི་མ་འབུམ་གྱིས་མཐའ་ནས་བསྐོར།། ༼ གྲལ་སུམ་འཛོམས་ཁྲོམ་པས་ཚུར་ལ་ཡང་གིས་ཉོན། ༽
  • ངས་ཡང་ཡང་བསྐོར་བའི་གླུ་ཞིག་ལེན།། ༼ གྲལ་སུམ་འཛོམས་ཁྲོམ་པས་ཚུར་ལ་ཡང་གིས་ཉོན། ༽
  • ས་འབྲོག་གི་ས་ནས་མཁར་ཞིག་རྡུང་།། ༼ གྲལ་སུམ་འཛོམས་ཁྲོམ་པས་ཚུར་ལ་ཡང་གིས་ཉོན། ༽
  • ནངས་སྔ་མོ་མཁར་སྒོ་ཕྱེ་དུས་ན།། ༼ གྲལ་སུམ་འཛོམས་ཁྲོམ་པས་ཚུར་ལ་ཡང་གིས་ཉོན། ༽
  • ཕ་དང་ཨ་ཁུ་གྲལ་ནས་བཞུགས།། ༼ གྲལ་སུམ་འཛོམས་ཁྲོམ་པས་ཚུར་ལ་ཡང་གིས་ཉོན། ༽
  • དགོང་ཕྱི་དྲོ་མཁར་སྒོ་བསྟན་དུས་ན།། ༼ གྲལ་སུམ་འཛོམས་ཁྲོམ་པས་ཚུར་ལ་ཡང་གིས་ཉོན། ༽
  • དྲིན་ཆེན་ཕ་མ་ཡུལ་ན་བཞུགས།། ༼ གྲལ་སུམ་འཛོམས་ཁྲོམ་པས་ཚུར་ལ་ཡང་གིས་ཉོན། ༽
  • དེས་མི་ཚད་བུ་ཚ་ཁྲི་མ་འབུམ།། ༼ གྲལ་སུམ་འཛོམས་ཁྲོམ་པས་ཚུར་ལ་ཡང་གིས་ཉོན། ༽
  • ཁྲི་མ་འབུམ་གྱིས་མཐའ་ནས་བསྐོར།། ༼ གྲལ་སུམ་འཛོམས་ཁྲོམ་པས་ཚུར་ལ་ཡང་གིས་ཉོན། ༽
  • ངས་ཡང་ཡང་བསྐོར་བའི་གླུ་ཞིག་ལེན།། ༼ གྲལ་སུམ་འཛོམས་ཁྲོམ་པས་ཚུར་ལ་ཡང་གིས་ཉོན། ༽