06 Jan 2016
5 min 8 sec
Video Overview
Creators:
Tibetan & Himalayan Library
This is a video of Tsering Jyi from Yonru Village in Chentsa singing a song called "Pitch a Tent in the Middle of the Sky." This song is part of a collection of folk songs from the Rebgong cultural area.
འདི་ནི་བསྟོད་གླུ་ཞིག་ཡིན། མི་མང་པོ་འདུས་ཏེ་སྟོན་མོ་སོགས་བྱེད་པའི་དུས་སུ་མགྲོན་ཚང་མར་བསྟོད་པ་བཅས་ཏེ་ལེན་རྒྱུའི་གླུ་ཞིག་ཡིན།
གླུ་འདིའི་ནང་དོན་གཙོ་བོ་ནི་དགུང་སྔོན་པོ་དཀྱིལ་ནས་འབྲུག་ཆུང་གྲགས་རྒྱུ་ཡིན་པར་དཔེ་བྱས་ཏེ་གླུ་བས་མི་མང་པོ་འདུ་སར་ཚང་མ་སྐྱིད་ཆེད་དུ་གླུ་ཞིག་ཡིན་རྒྱུ་ཡིན་པ་བརྗོད་ཡོད།
- ༼ཡེ་་་་ཡ་རེ་ཡེ་་་་ཡང་ཡ་རེ་ཡེ་་་་ཡང་ལེན་གོ་་་་ཡ་ཁྲོམ་པ་ཡེ་ཡེ་ཚོ༽
- དགུང་སྔོན་པོ་དཀྱིལ་ནས་གུར་ཞིག་ཕུབ།།༼ཡ་ཁྲོམ་པ་ཡེ་ཡེ་ཚོ༽
- དགུང་ཉི་ཟླ་གཉིས་ཀ་མགྲོན་ལ་བོས།།༼ཡ་ཁྲོམ་པ་ཡེ་ཡེ་ཚོ༽
- ང་འབྲུག་ཆུང་ལངས་ང་གྲགས་རྒྱུ་བྱེད།།༼ཡ་ཁྲོམ་པ་ཡེ་ཡེ་ཚོ༽
- འབྲུག་ད་རེས་མི་གྲགས་ནམ་རེས་གྲགས།།༼ཡ་ཁྲོམ་པ་ཡེ་ཡེ་ཚོ༽
- ས་དོག་མོ་དཀྱིལ་ནས་གུར་ཞིག་ཕུབ།།༼ཡ་ཁྲོམ་པ་ཡེ་ཡེ་ཚོ༽
- ཕྲུག་ཐིག་ལེ་ཅན་གྱི་གདན་ཞིག་བཏིང་།།༼ཡ་ཁྲོམ་པ་ཡེ་ཡེ་ཚོ༽
- ཕ་ཨ་ཁུ་མཉམ་དུ་མགྲོན་ལ་བོས།།༼ཡ་ཁྲོམ་པ་ཡེ་ཡེ་ཚོ༽
- ང་གླ་མ་ལངས་ང་རྩེ་རྒྱུ་བྱེད།༼ཡ་ཁྲོམ་པ་ཡེ་ཡེ་ཚོ༽
- གླུ་ད་རེས་མི་ལེན་ནམ་རེས་ལེན།།༼ཡ་ཁྲོམ་པ་ཡེ་ཡེ་ཚོ༽
- གླུ་ཤེས་ནི་མིན་ར་དགའ་ནི་ཡིན།།༼ཡ་ཁྲོམ་པ་ཡེ་ཡེ་ཚོ༽