Video Overview
འདི་ནི་རི་བོང་གིས་ཝ་དང་སྤྱང་ཀི ཕོ་རོག་གི་མགོ་གཡོགས་ནས་ཨ་སྐྱོ་བའི་བྲོ་ཁ་འཕྲོག་པའི་གཏམ་རྒྱུད་ཅིག་ཡིན།
- སྐར་མ་མཚོ།གནའ་ཞིག་ལ།
- ཨ་སྐྱི་བ་ཞིག་གིས་བྲོ་ཁུག་ཅིག་འཁུར་ནས།
- ཕྲེང་བ་ཞིག་ཁྱེར་ནས་ལམ་ཞིག་ལ་ཞུགས་ནས་ཡོང་བཞིན་ཡོད།
- དེ་ནས་རི་བོང་ཞིག
- ཝ་མོ་ཞིག
- སྤྱང་ཀི་ཞིག་དང་།
- ཕོ་རོག་ཅིག་བཅས་ཀྱིས་གྲོས་བྱས་པ་རེད།
- ཝ་ཁྱོད་སོང་ནས་ཕ་རོལ་གན་ནས།
- ཤི་སོང་ཁུལ་བྱས་ནས་བསྣར་ནས་སྡོད་དང་།
- ཁོང་ཚོའི་ཨ་སྐྱི་བ་གན་གི་ལག་གི་བྲོ་ཁུག་ཨེ་ལོན་བལྟ་ཟེར།
- དེ་ནས་ཝ་སོང་ནས་ཨ་སྐྱི་བ་དེའི་སྔོན་ན་སོང་ནས།
- ཤི་སོང་ཁུལ་བྱས་ནས་བསྣར་ནས་བསྡད།
- ཨ་སྐྱི་བ་དེས་བྲོ་ཁུག་ཐང་ལ་བཞག་ནས།
- ཕྲེང་བ་ཐོག་ཏུ་བཞག་སྟེ།
- འཇབ་ནས་ཝ་དེ་ཡོད་སར།
- ཝ་དེའི་གམ་དུ་ཕ་རོལ་ལ་སོང་།
- དེ་ནས་ཕ་རོལ་ལ་སོང་ནས།
- ཝ་དེ་དལ་མོར་ལངས་ནས་ཀྱག་གེ་ཀྱོག་ཀེ
- ཕ་རོལ་ལ་འགྲོ་མི་ཐུབ་པའི་ཚུལ་བསྟན་ནས་ཕ་རོལ་ལ་སོང་།
- ཨ་སྐྱི་བ་དེས་རྗེས་ཆོད་པ་རེད་འདོད་ནས།
- ཕ་རོལ་ལ་རྗེས་དེད་ནས་སོང་།
- དེ་ནས་སྡོང་བོ་ཞིག་གི་ཕུག་ལ་སོང་།
- དེ་ནས་ཨ་སྐྱི་བ་དེ་ཡང་སྡོང་བོ་དེའི་ཕུག་ལ་སོང་།
- དེ་ནས་གཞན་པ་ཚོ་རྒྱུགས་ནས་སོང་སྟེ།
- ཨ་སྐྱི་བ་ཡི་བྲོ་ཁུག་འཁུར་ནས་ཡར་གྱི་ཕུག་ཅིག་ལ་སོང་།
- ཝ་དེ་ཡང་ཕུག་ཅིག་ལ་སོང་ནས།
- ཚང་མ་མཉམ་དུ་འདུས་སོང་།
- དེ་ནས་རི་བོང་གིས་བགོ་བྱ་བརྒྱག་ཟེར།
- ཁོས་བགོ་བྱ་བརྒྱག་ཡ།
- ཨ་སྐྱི་བ་ཡི་ཕྲེང་བ་ཕོ་རོག་ཁྱོད་ལ་མཁོ་བ་རེད་ཟེར།
- ཁྱོད་སོང་ནས་སེམས་ཅན་གྱི་སྒོ་ཁར་བབས་ནས།
- མོ་འདེབས་སྤྱད་བྱོས་དང་།
- འདི་ཁྱོད་ལ་མཁོ་བ་རེད་ཟེར།
- ཕྲེང་བ་ཕོ་རོག་ལ་བྱིན་པ་རེད།
- དེ་ནས་ཨ་སྐྱི་བ་ཡི་ལྷམ་སྤྱང་ཀི་ཁྱོད་ལ་བཟང་བ་རེད།
- ཁྱོད་སེམས་ཅན་གྱི་ལུག་ཁྱུ་ལ་རྒྱུགས་དུས།
- ཁྱོད་ཀྱིས་གོན་ན་རྐང་བ་ཚ་བ་མ་རེད།
- ཁྱོད་ལ་བཟང་བརེད་ཟེར།
- ལྷམ་སྤྱང་ཀི་ལ་བྱིན་པ་རེད།
- དེ་ནས་མདའ་གྲི་ཝ་ཁྱོད་ལ་བཟང་བ་རེད།
- ཁྱོད་ཀྱིས་ཁྱེར་ནས་སོང་དང་།
- ཝ་ཕྲུག་ཚོའི་རྩེད་སྤྱད་བྱོས།
- བཟང་གི་ཞེས་བཤད་དེ་མདའ་གྲི་ཝ་ལ་བྱིན་པ་རེད།
- དེ་ནས་བྲོ་ཁ་ཉུང་ཙམ་འདི་ངའི་ཡིན།
- དེ་ནས་བྲོ་ཁ་ཁོས་བཟུང་བ་རེད།
- དེ་ནས་གཞན་ཚོས་ཕྱོགས་མང་པོར་ཁྱེར་སོང་།
- ཁྱེར་སོང་ནས་ཕོ་རོག་གིས་ཕྲེང་བ་སྐེ་ལ་གྱོན་ནས།
- གཞན་ཚང་གི་མགོ་ཁར་བབས་ནས།
- མོ་འདེབས་ཁུལ་བྱས་ནས།
- དེ་ཚང་གིས་བཟུང་ནས།
- ཁོའི་ཕྲེང་བ་མགོར་དཀྲིས་ནས་གསོད་ལ་ཉེ་བ་ཞིག་བྱས།
- དེ་ནས་རི་བོང་གི་ཐོག་ཏུ་ཁོང་ཁྲོ་ལངས་ནས་ཕྱིར་བུད་ཡོང་།
- དེ་ནས་ཝ་ཡིས་མདའ་གྲི་ཝ་ཕྲུག་ཚོའི་རྣ་ལམ་དུ་གཡུགས་ནས།
- ཝ་ཕྲུག་ཚོ་སྐྲག་ནས་ཤི་སོང་།
- ཡང་རི་བོང་གིས་བསམ་པ་གནག་པ་རེད།
- རི་བོང་གི་ཐོག་ཏུ་ཁོང་ཁྲོ་ལངས་ནས་ཡོང་བ་རེད།
- སྤྱང་ཀི་ཡིས་ལྷམ་གོན་ནས་ལུག་ཁྱི་ལ་རྒྱུགས་ནས།
- ལུག་རྫི་རྒྱུགས་ནས་ཁྱེར་སོང་ནས།
- བདའ་ནས་ཁོ་ཡིས་ལྷམ་གོན་མ་མྱོང་བས།
- ལྷམ་གོན་ནས་འགྲོ་མ་ཤེས་པར།
- ཐང་ལ་འགྱེལ་ནས་གསོད་ལ་ཉེ་བ་རེད།
- ཡང་ཁོང་ཁྲོ་ལངས་ནས་རི་བོང་གིས་བསམ་པ་གནག་པ་རེད་ཟེར་ནས།
- རི་བོང་ཡོད་སར་ཕྱོགས་གང་མང་ནས་ཡོང་བ་རེད།
- རི་བོང་གིས་བྲོ་ཁ་ཟོས་ནས།
- ཁོ་ཚོ་ཁོང་ཁྲོ་ལངས་ནས་ཡོང་བཞིན་ཡོད་པ་ཤེས་ནས།
- རང་གིས་རང་གི་ཁ་ནང་ལ་རྡོ་ཡིས་བརྒྱབ་ནས།
- སོ་གཉིས་ཀ་བཅག་ནས་ཁ་ནང་ནས་ཁྲག་བཞུར་ནས་བསྡད།
- ཁོ་ཚོ་ཁོང་ཁྲོ་ལངས་ནས་ཕྱོགས་མང་པོ་ནས་ཡོང་ནས།
- ཁྱོད་ཚོ་ཟེར་བ་ཅི་ཞིག་ཡོད་གི
- ངས་ཀྱང་བྲོ་ཟོས་ནས་སོ་གཉིས་ཀྱང་ལོག་ཐལ།
- ཁོ་ཚོར་བསྟན་ནས་ཁོ་ཚོར་བཤད་རྒྱུ་མེད་པ་རེད།
- དེ་ནས་ཚང་མ་ཕྱོགས་གང་མང་ལ་བུད་སོང་།