Skip to main content Skip to search
15 Dec 2011
1 min 6 sec
Rating
0
No votes yet
Video Overview
Creators: 
Unknown

Lobzang recommends several important Tibetan historical and religious sites in Lhoka to a couple of foreign tourists.

Show More

  • བློ་བཟང
    ཁྱེད་རང་ཚོ་བོད་ལ་ཕེབས་འདོད་ཡོད་པས།
    Do you want to go to Tibet?
  • ར་ཤལ
    ང་བོད་ལ་འགྲོ་འདོད་ཆེན་པོ་ཡོད།
    Yes, I really want to go to Tibet.
  • ལོ་རང
    ང་ཡའི་༿ཡང་༾འགྲོ་སྙིང་འདོད་གྱིས།
    I also want to go.
  • ལོ་རང
    ཡིན་ནའི་༿ཡང་༾ཆོག་མཆན་རག་ཁག་པོ་རེད།
    But it's difficult to get permission.
  • བློ་བཟང
    གལ་སྲིད་བོད་ལ་ཐེངས་གཅིག་ཕེབས་ཐུབ་ན་ལྷོ་ཁར་གནས་མཇལ་ལ་ཐད་དགོས་རེད།
    If you are able to go to Tibet one day, you should go to the lho kha pilgrimages.
  • ར་ཤལ
    ལྷོ་ཁར་གནས་མཇལ་རྒྱུ་མང་པོ་ཡོད་རེད་པས།
    Are there lots of pilgrimage sites to visit in lho kha?
  • བློ་བཟང
    མང་པོ་ཞེ་དྲག་ཡོད་རེད།
    There are very many indeed.
  • བློ་བཟང
    བོད་ཀྱི་མཁར་གྱི་ཐོག་མ་ཡུམ་བུ་བླ་སྒང་་་ཡོད་རེད།
    There's the first castle of Tibet, yum bu bla sgang.
  • བློ་བཟང
    བོད་ཀྱི་དགོན་པ་རྙིང་ཤོས་བསམ་ཡས་ཡའི་༿ཡང་༾ལྷོ་ཁར་ཡོད་རེད།
    Tibet's oldest monastery, bsam yas, is also in lho ka.
  • ལོ་རང
    དེ་ཚོ་བརྒྱབ་ནས་ལོ་ག་ཚོད་ཕྱིན་ཡོད་རེད།
    How long has it been since they were built?
  • བློ་བཟང
    བསམ་ཡས་ལ་ཆ་བཞག་ན་ལོ་་་ཆིག་སྟོང་ཉིས་བརྒྱ་ལྷག་ཙ་༿ཙམ་༾ཕྱིན་པ་དང་།
    In the case of bsam yas, over 1,200 years.
  • བློ་བཟང
    ཡུམ་བུ་བླ་སྒང་ལ་ཆ་བཞག་ན་ཉིས་སྟོང་ལྷག་ཙ་༿ཙམ་༾ཕྱིན་པ་རེད།
    As for Yumbulakang castle, more than two thousand years.
  • ར་ཤལ
    དེ་མིན་པ་ཡོད་རེད་པས།
    What else is there?
  • བློ་བཟང
    ད་དུང་འཕྱོངས་རྒྱས་ལ་བོད་ཀྱི་རྒྱལ་པོའི་བང་སོ་དང་།
    In addition to those, in 'phyong rgas, there are the tombs of the Tibetan kings,
  • བློ་བཟང
    རི་བོ་བདེ་ཆེན་ཟེར་ཉན་༿མཁན་༾དགོན་པ་དང་།
    the monastery called "ri bo bde chen", and
  • བློ་བཟང
    གྲ་ཕྱི་ལ་སྨིན་སྒྲོལ་གླིང་ཟེར་མཁན་དགོན་པ་ཆེན་པོ་ཅིག་ཡོད་རེད།
    in gra phyi, there's also a big monastery called "smin sdrol gling".
  • བློ་བཟང
    དེ་མིན་ག་༿གང་༾ས་ག་༿གང་༾ལ་དགོན་པ་མང་པོ་ཞེ་དྲག་ཡོད་རེད།
    Apart from that there are many monasteries everywhere,
  • བློ་བཟང
    ཡིན་ནའི་ཚང་མ་ངས་ཤེས་ཀྱི་མེད།
    but I don't know them all.