Video Overview
Two pilgrims meet a poisonous snake on their pilgrimage way to Lhasa, sending their plans awry.
- བཟང་བོ་སྟོབས་ལྡན།དེང་མ་ཞིག་ལ།
- ཨ་སྐྱོ་བ་གཉིས།
- འདི་གཉིས་ལྷ་ས་ལ་མཉམ་དུ་འགྲོ་ཟེར།
- དེ་ལྟར་ལྷ་ས་ལ་གཉིས་ཀ་ལམ་ལ་ཆས།
- ཉི་མ་འགའ་ལ་སོང་ནས།
- དེ་ནས་གཉིས་ཀས་ལམ་ནས་རྙེད་པ་རེད།
- མིག་ལྗང་ཁུ་ལྗང་ཁུ་དེ་འདྲ་ཡག་པོ་ཞིག་རྙེད།
- དེ་ནས་གཉིས་ཀས།
- ཡ་ངེད་གཉིས་ཀྱིས་ལམ་ནས་མི་དཔེ་བ་ཞིག་རྙེད་པ་རེད་ལ།
- ངེད་གཉིས་ཀྱི་འདི་ཅི་ཞིག་ཡིན་ནམ།
- འདི་ངེད་གཉིས་ཀྱིས་གཅིག་གིས་གཅིག་གིས་བྱེད།
- གཅིག་གིས་ངེད་གཉིས་ཀྱིས་བྱེད།
- གཉིས་ཀས་དེ་ལྟར་ཁ་རྩོད་བྱས་ནས་སོང་རྗེས།
- བར་ཞིག་ལ་གཉིས་ཀས་དེ་ཅི་ཡང་མ་རེད།
- ངེད་གཉིས་སྟོད་ཉི་མ་ལྷ་སར་མཇལ་དུ་འགྲོ་དགོས།
- ངེད་གཉིས་ཀྱིས་འདི་ཁྱེར་ཏེ་སོང་ནས།
- ཇོ་བོ་ཡིད་བཞིན་ནོར་བུའི་མདུན་ན་འཇོག་ཟེར།
- དེ་ནས་ཡང་ཡང་བཤད་པས་གཉིས་ཀ་ཁ་འཆམ་ནས།
- དེ་བཟང་གི་ཟེར།
- དེ་ནས་གཉིས་ཀ་ཡར་སོང་བ་ཡིན།
- སོང་ནས་ཉིན་ཞིག་ལ་གཉིས་ཀས།
- ནུབ་མོ་ཞིག་ལ་གཉིས་ཀས་བབས་ཀ་བཏབ་ནས།
- ཇ་ཞིག་བསྐོལ་ནས་གཉིས་ཀ་དེ་ལྟར་བསྡད།
- དེ་ནས་གཉིས་ཀའི་རྗེས་ལ་གློག་འོད་འདྲ་བ།
- དེ་འདྲའི་ཡ་མཚན་ཅན་ཞིག་ཡོང་བཞིན་ཡོད།
- དེ་ནས་གཉིས་ཀ་བསྡད་རྗེས་ཕྱིའི་ནངས་མོར་བུད་སོང་།
- དེ་ནས་ཉི་མ་འགའ་རེར་སོང་ནས།
- ནུབ་མོ་ནུབ་མོ་བལྟས་ན་ཚེ་གང་ལ་དེ་ཡོང་བཞིན་ཡོད།
- དེ་ནས་གཉིས་ཀས་གན་ཅི་ཞིག་ཡིན་ནམ།
- ངེད་གཉིས་ཀྱི་རྗེས་ལ་གན་འདྲ་ཞིག་ཡོང་བ་ཡོད་པ་མ་རེད།
- གན་ཅི་ཞིག་ཡིན་ནམ།
- གན་ཅི་ཞིག་ཡིན་ནམ་ཟེར།
- དེ་ནས་བར་ཞིག་ལ་གཉིས་ཀས་སྐྱིད་པོ་སྐྱིད་པོ་བཤད།
- ཨ་རོད་འདི་མ་འགྲིག་ཐལ།
- འདི་དུག་སྦྲུལ་སྒོ་ང་ཡིན་པ་འདྲ།
- ངེད་གཉིས་ཀྱི་རྗེས་ལ་གན་འདྲ་ཞིག་ཡོང་རྒྱུ་ཡོད་པ་མ་རེད།
- གན་དུག་སྦྲུལ་ཟེར་བ།
- སྒོ་ང་འདིའི་ཨ་མ་ཡིན་པ་འདྲ།
- དེ་ནས་གཉིས་ཀས་འདང་བརྒྱབ་ནས་དེ་རེད་ཟེར།
- ད་ལྟ་མ་འགྲིག་ཐལ།
- གཉིས་ཀས་རིན་པོ་ཆེ་དེ་ཐང་ལ་གཡུགས་ནས་གཉིས་ཀ་བྲོས།
- དེ་ཉིན་མཚན་གཉིས་ཀར་འགྲོ་རུ་བསྡད་ནས།
- གཉིས་ཀས་ས་ཚོད་འདྲ་བ་སོང་བ་དེ་དང་།
- ས་ཚོད་ལ་རྩིས་བརྒྱབ་ན།
- སྒོ་ང་གཉིས་ཀས་གཡུགས་ནས་སོང་བ་དེ།
- དེ་ད་རུང་མ་བསྡད་པར་གཉིས་ཀའི་རྗེས་དེད་ནས་ཡོང་བཞིན་ཡོད།
- གཅིག་གིས་ཅི་ཡང་མི་ཤེས་པ།
- ང་དང་ང་འདྲ་བ་འདི་འདྲ་ཞིག་རེད།
- གཞན་ཞིག་དེ་ལྟར་ཁ་ཏོན་བྱེད་པ།
- ཁ་ཏོན་གྱི་ནང་ནས་འཇིག་བྱེད་འདོན་པ་དེ་འདྲ་ཞིག་ཡིན།
- དེ་ནས་ཡར་ལ་སོང་ནས།
- གཉིས་ཀ་སོང་མཐར་དེ་ན་མི་དཔེ་བ་ཞིག་ཡིན་པ་རེད།
- མིག་སྐར་ཆེན་འདྲ་བ་དེ་འདྲ་ཞིག་མར་ན་ཡོང་བཞིན་ཡོད།
- དེ་ནས་གཉིས་ཀ་སོང་སོང་ནས་ཇེ་ཉེ་རུ་སོང་།
- དེ་ནས་གཉིས་ཀས་བར་ཞིག་ལ།
- འཇིག་བྱེད་འདོན་ཞོར་དུ་ཨ་རོད་མ་འགྲིག་ཐལ།
- ངེད་གཉིས་ཀྱི་རྗེས་ཆོད་པ་རེད།
- དེ་ན་ཁྱོད་མགོ་རུམ་ལ་བཏང་ནས་ལོག་ཟེར།
- ལོག་དང་ཁོ་ཁྱོད་འདུག་སྟེགས་བཅོས་ནས་འདུག་ཟེར།
- ཁོས་ཁྱོད་ལོངས་ཟེར་རག་བར་དུ་མ་ལངས།
- ཁོས་ཁྱོད་ཨ་རོད་ལོངས་ཟེར་རག་བར་དུ་མ་ལངས།
- ཁྱོད་ཀྱིས་མགོ་རུམ་ལ་བཏང་ནས་སྡོད་ཟེར།
- དེ་ནས་ཡ་ཟེར།
- ཅི་ཡང་མི་ཤེས་པ་དེས་མགོ་རུམ་ལ་བཏང་ནས་ལོག་སོང་།
- ཁོ་ཡིས་འདུག་སྟེགས་བྱས་ཏེ།
- ཁ་ཕྱིར་འཁོར་ནས་འཇིག་བྱེད་སྒོམ།
- འཇིག་བྱེད་ཁོ་ཡི་ཁ་ཏོན་ཡིན་པ་རེད།
- འཇིག་བྱེད་སྒོམ་པ་དང་།
- གཞན་དེས་མགོ་རུམ་ལ་བཏང་སྟེ་ལོག་ནས་བསྡད།
- ཁོ་འདུག་སྟེགས་བྱས་ནས་བསྡད།
- བར་ཞིག་ལ་འདི་ལྟར་བསྡད་ནས།
- གྲགས་འགུལ་མེད་པར།
- མ་འགྲིག་པ་རེད།
- གན་གྱིས་ཁོ་བསྐྱུར་ནས་བྲོས་སོང་།
- འདི་ལྟར་འགུལ་ནས་འདུག་སྟེགས་བཅོས་མེད་སྙམ།
- ཅི་ཡང་མེད་པ་དང་འདྲ།
- ཁ་རོག་ལ་བསྡད་ནས།
- རེད་དེ་བྲོས་སོང་བ་རེད།
- ཁོར་དེ་ལྟར་མགོ་གཡོགས་ནས།
- མགོ་རུམ་ལ་བཏང་ནས་སྡོད་ཟེར་ནས་ཁོ་བྲོས་སོང་བ་རེད་ཟེར།
- དེ་འདོད་ནས།
- དེ་ནས་ཁ་རོག་ཏུ་མགོ་རུམ་ལ་བཏང་ནས་བསྡད་ཡོད་པའི་གོན་པ།
- ཡར་བཀྱེག་ནས་བལྟས་དུས།
- ཁོ་ཡིས་འཇིག་བྱེད་སྒོམ་ནས་དུག་སྦྲུལ་གམ་ལ་ཐོན་ཡོད།
- རྡུང་ནས་རྭ་མགོར་བླངས་ནས།
- དུག་སྦྲུལ་རྭ་ཡི་མགོ་ནས་གཡུགས་ཏེ་འགྲོ་བཞིན་ཡོད།
- ཁོ་དེར་སྐྲག་ནས་ཨག་ཅིག་བཏབ།
- གཞན་དེས་སྒོམ་བརྒྱབ་ནས་འཇིག་བྱེད་སྒོམ།
- སྒོམ་དཀྲུགས་པ་རེད།
- དེ་ནས་འཇིག་བྱེད་སྒོམ་པ་དེ་འདྲེ་ཡིས་ལོག་སོང་།
- ཁོ་སྐྲག་ནས་ངུས་པ་རེད།
- དེ་ནས་གཉིས་ཀ་ལྷ་ས་ཐོན་པའི་བར་དེ་ནས།
- བར་ཆད་དེ་འདྲ་ཞིག
- གཉིས་ཀ་བུད་སོང་།
- དེ་འདྲ་ཞིག་རེད།