Video Overview
འདི་ནི་མཇལ་བ་གཉིས་ལྷ་སར་མཇལ་དུ་འགྲོ་བར་གཅིག་མི་མིན་གྱིས་ཁྱེར་བར་གཞན་དེས་སྒོམ་བརྒྱབ་ནས་མི་མིན་བཏུལ་བའི་གཏམ་རྒྱུད་ཅིག་ཡིན།
- གུ་རུ་སེམས།དེང་མ་ཞིག་ལ།
- ཕོ་ནག་གཉིས་དེ་ལྟར་ཆུ་མིག་བརྒྱ་རྩ་དང་།
- དུ་ནག་བརྒྱ་རྩ་གཉིས་ཕུར་ནས་བསྡད་ཡོད།
- དེའི་རྗེས་ནས་ཁོང་གཉིས་ལྷ་སར་འགྲོ་རྒྱུ་ཟེར།
- དེ་ནས་རྩ་བའི་བླ་མས་ཕོ་ནག་གཅིག་ལ་ཕུར་བུ་ཞིག་བྱིན།
- ཕུར་བུ་དེ་བྱིན་ནས།
- ཁྱོད་ཀྱིས་འགྲོ་ས་འདུག་ས་གང་ཡིན་ན་ཁྱེར་ནས་སོང་།
- ཁྱེར་ནས་སོང་ན་འདི་ཁྱོད་ལ་དགོས་མཁོ་ཡོད་ཟེར།
- དེ་ནས་ཡ་ཡ་ཟེར།
- གཞན་པ་དེའི་རྩ་བའི་བླ་མ་མི་གཅིག་པ་རེད།
- དེར་ཕུར་བུ་ཡོད་ས་མེད་གི
- དེ་ནས་གཉིས་ཀ་ལྷ་སར་སོང་ནས།
- ལམ་ཞིག་ནས་འདུག་ས་མེད་པར།
- ངེད་གཉིས་དེ་རིང་གང་ཚོད་ལ་ཐོན་ནམ་ཟེར།
- ཁ་བརྡ་བྱས་ནས།
- དེ་རིང་ངེད་གཉིས་རི་མགོ་གོང་གན་ན་རི་མགོ་མཐོན་པོ་ཞིག་ཡོད་པ།
- གན་གི་མགོ་ན་དུ་བ་ཡོང་བཞིན་ཡོད།
- གན་ཅི་ཞིག་ཡིན་ནམ།
- གན་ན་འགྲོ་ཟེར་ནས་གཉིས་ཀ་ཡར་ལ་སོང་ནས།
- མགོ་ན་ལུག་ཀྱང་ཡོད་པ།
- དེ་ནས་ཡར་ངོས་ལ་འཛེགས་དུས།
- ཟོག་རྫི་མར་ལ་ཡོང་ནས་ལག་གཡུག་བྱས།
- ཁྱོད་གཉིས་འདིར་ཤོག་དང་།
- དེ་ནས་སོང་དུས་ལུག་བཤས་ནས།
- ཤ་བཙོས་ཏེ་ཁྱོད་གཉིས་དོ་དགོང་འདི་ནས་སྡོད་ཟེར།
- འདིའི་ཡན་ལ་ཐོན་པ་མ་རེད།
- འདིའི་ཡན་ན་འགྲོ་མི་ཐུབ་པ་རེད།
- ཡ་ཡ་ཟེར་ནས་བསྡད།
- དེ་ནས་ཁོ་ཚོས་ཁ་བརྡ་བྱས་ནས།
- མི་ངོ་མས་བཟང་བ་ཞིག་རེད།
- དེ་ནས་ཕྱི་ཉིན་ལམ་ལ་ཆས་དུས།
- ཁྱོད་གཉིས་ཡར་ན་ལུང་བའི་ཁོག་ན་རི་ཡོད་པ།
- རྩྭ་ཡོད་ས་གན་གྱེན་ལ་འགྲོ་དགོས་པ་རེད།
- གན་ནས་ཁྱོད་གཉིས་མ་འདུག
- ཕར་ལ་ཨེ་ཐོན་ལྟོས་ཟེར།
- དེ་ནས་ཡ་ཡ་ཟེར།
- གཉིས་ཀ་སོང་སོང་ནས་རི་དེའི་ཁོག་གྱེན་ལ་སོང་ནས།
- ཕ་རོལ་ཚུར་རོལ་ན་བྲག་དང་ནགས།
- རྩྭ་སྐྱེས་ནས་བསྡད་ཡོད།
- རི་ཡོད་ཀྱང་ཟོག་ནང་དུ་བརྒྱབ་མ་མྱོང་བ་དེ་འདྲ་ཞིག་རེད།
- གཉིས་ཀ་ཡར་གྱི་ལུང་བ་ཡི་དཀྱིལ་ལ་ཐོན་དུས་ས་རུབ་སོང་།
- དེ་ནས་གཉིས་ཀ་འདི་ནས་འདུག་དགོས་ཟེར།
- འདུག་ས་ནས་འདུག་རྩིས་བྱས་ནས།
- ཕ་རོལ་ཚུར་རོལ་ན་བྲག་དང་ནགས།
- ཆུ་བཞུར་ས་དང་བྱ་གང་ཡང་མེད་པ་ཞིག་རེད།
- བྲག་དང་ནགས་དེའི་གསེང་ན།
- མི་ཡི་གོན་པ་དང་མི་ཡི་སྐྲ།
- མི་ཡི་རུས་པ་དེ་འདྲ་ཡོད་པ་རེད།
- དེར་གཉིས་ཀ་བབས་ནས།
- མ་སྐྲག་པ་རེད།
- གཅིག་ལ་ཁྱོད་རང་ཕ་རོལ་ནས་སྡོད།
- ཁོ་ཕ་རོལ་གྱི་རྐེད་ནས་འདུག་ཟེར།
- དེ་ནས་འཕུར་ཡོད་པ་དེ་མ་སྐྲག་པ་རེད།
- འཕུར་མེད་པ་དེས་དེ་ལྟར་འདོད་པ་ཡིན།
- ཨ་ཡོ་གན་གྱིས་ཕྱོགས་གཉིས་ནས་ཅི་ཞིག་ལ་འདུག་ཟེར་བ་ཡིན།
- གཉིས་ཀ་མཉམ་དུ་བསྡད་ན།
- དེ་འདྲ་ཞིག་ཁོག་ཐུར་དུ་འདོད་དེ།
- དེ་ནས་གཉིས་ཀ་ཕྱོགས་གཉིས་ནས་བསྡད།
- དགོང་མོ་གྲགས་རྒྱུ་འགུལ་རྒྱུ་མེད་པ་རེད།
- གཉིས་ཀས་རང་རང་ས་ནས་བཏོན་ནས།
- གཉིད་ཀྱང་ཡོད་པ་མ་རེད།
- བྲག་ལ་འཁེན་ནས་དྲང་མོར་བསྡད་དེ།
- དེ་ལྟར་བཏོན་ནས་བསྡད།
- དེ་ནས་ནངས་མོར་གཅིག་གོ་ནམ་ལངས་ནས་བལྟས་དུས།
- གཅིག་གོ་མེད་སོང་།
- གང་ལ་བུད་སོང་འདོད་ནས་བལྟས་དུས།
- ཁོག་ན་གོན་པ་ལས་ཅི་ཡང་མེད།
- གཞན་ཞིག་གིས་ཟོས་པ་ཡིན་ནམ་བསད་པ་ཡིན།
- ཁྲག་གཏོར་ནས་དེ་ལྟར་བཞག་ཡོད།
- དེ་ནས་གྲོགས་པོ་གཅིག་གོ་ངུས་ནས།
- ཨ་བོ་སྙིང་མ་རྗེ།
- ཁོའི་གྲོགས་པོ་བཟང་པོ།
- སྟོད་ཉི་མ་ལྷ་ས་ལ་ཁོང་གཉིས།
- ཇོ་བོ་སེར་པོ་ལ་ཐོད་པ་མཉམ་དུ་གཏུག་འདོད་པ་ཡིན་མོད།
- དེ་བྱེད་ཐབས་མེད་པར་ལམ་ནས་ཤི་སོང་།
- དེ་འདོད་ནས་ངུས་ནས་བསྡད།
- སྨོན་ལམ་ཞིག་གསུང་དགོས་པ་རེད།
- ཁོའི་གྲོགས་པོ་བཟང་བོ་རེད།
- དེ་འདོད་ནས་བསྔོ་བ་སྨོན་ལམ་ཞིག་གསུངས་ནས།
- ཁོ་འགྲོ་བར་སེམས་ནས་མ་དགའ་བར།
- དེ་ལྟར་གྲོགས་པོ་མེད་སོང་།
- སྡུག་བསྔལ་བྱས་ནས།
- བསྔོ་བ་སྨོན་ལམ་གསུངས་ནས་བསྡད་དུས་ས་རུབ་སོང་།
- དགོང་མོ་ཁོ་ཡང་དེ་ཡོད་ས་ནས་བསྡད།
- ཁོ་ཟོས་ན་ཟོས།
- དེ་ཅི་ཞིག་ཡིན་པ་ཁོས་བལྟ་དགོས།
- དེ་འདོད་ནས་བསྡད་པ་ཡིན།
- དེ་ནས་བསྡད་པས།
- ནམ་གུང་ཞིག་ལ་འཁྲུག་སྣང་འདྲ་བ་ཞིག་ཤར་ནས་ཐོན་པ་རེད།
- ལུང་མདོ་དེ་ནས་ཡར་འཁོར་ནས།
- དཀྱུས་བཤར་ནས་རི་སྤོས་ནས།
- དེ་ལྟར་ཉོག་རྒྱུ་ཡང་ཡོད་པ།
- རྭ་ཡང་ཡོད་པ་དེ་ལྟར་ཡོང་ནས།
- མར་གྱི་རིག་ས་དེར་བབས།
- བབས་ནས་འབྲི་གོང་བཞོས་ཟེར་བ།
- དབྱར་ཁ་ཡི་འབྲི་གོང་བཞོས་ཟེར་བ།
- ཉི་མའི་གོང་བཞོ་བ།
- ཁོ་ལ་སྣང་ཚུལ་ལ་དེ་འདྲ་ཞིག་ཤར་བ་རེད།
- དེ་བ་ཚང་གིས་འབྲི་གོང་བཞོ་བྱས་ནས།
- བཞོ་ནང་གི་ཨ་ཡེ་ཞིག་གིས།
- ཨ་རོད་ཡར་ན་ཅིག་ཡོད་གི
- བྲག་རྩ་ཡར་ན་ཅིག་ཡོད་གི་ཟེར་ནས།
- ཡར་ལ་མཛུབ་མོས་བསྟན་ནས།
- དེའི་རྗེས་ནས་ཨ་ཡེ་གཞན་དེ་ཡར་འཁོར་ནས།
- ཁོ་ཡི་གམ་ཏུ་ཡར་ལ་ཐོན་པ་རེད།
- དེ་ནས་ཁོ་ཡིས་བཏོན་ནས་གསོལ་བ་བཏབ་ནས།
- འདི་ཅི་ཡིན་མི་ཤེས་དེ་འདོད་ནས།
- ནམ་གོང་ཞིག་ལ་ནམ་ལངས་རྒྱུ་ཡོད་པ་མ་རེད།
- ནམ་ལངས་སོང་ཟེར་དུས་ལངས་ཡོད་པ་དེ་འདྲ་ཞིག་རེད།
- འདི་ཅི་ཞིག་ཡིན་དེ་འདོད་ནས་བཏོན་ཏེ་བསྡད་དུས།
- དེ་ནས་གམ་ལ་ཡོང་ནས་ཁྱོད་ཟས་བཅུད་ཟ་མ་ཅི་ཞིག་དགོས་ཟེར།
- དེ་ནས་ཁོ་ལ་ཟས་བཅུད་ཟ་མ་ཅི་ཡང་མི་དགོས་ཟེར།
- ཁྱོད་འདི་ནས་བསྡད་ནས་ཅི་བྱེད།
- མར་རི་ནང་དུ་འགྲོ་ཟེར།
- རི་ནང་དུ་མི་འགྲོ་ཟེར།
- དེ་ནས་ཨ་ཡེ་ཕྱིར་སོང་།
- ཕྱིར་སོང་ནས་ཞོ་འོ་ཟོའུ་གང་ཁྱེར་ནས་ཐོན་པ་རེད།
- ཡོང་ནས་ཁྱོད་ཀྱིས་དཀར་ཡོལ་བྱིན་དང་།
- ངས་ཁྱོད་ལ་ཞོ་ལྡུག་ཟེར།
- ཡ་ཡ་ཟེར་ནས་དཀར་ཡོལ་ཕར་བྱིན་ནས།
- ནང་དུ་འོ་ཟོའུ་ནང་གི་ཞོ་བླུགས།
- ཞོ་བླུགས་དུས་ཁོ་ཡིས་རུམ་ནང་ནས་མྱུར་དུ་ཕུར་བུ་བླངས་ནས།
- ཞོ་ནང་དུ་འདི་ལྟར་ཕུར་བུ་དེ།
- ཁེམ་བུ་ཡིས་འཐུང་ཁུལ་བྱས་ནས།
- ཞོ་ནང་དུ་བཙུགས་ནས་ཨ་ཡེ་དེ་ཨག་ཆ་བྱས་ནས་ལོག་སོང་།
- ཞོ་ཡང་མེད་ལ་རི་ཡང་མེད་གི
- ནམ་ཡང་ལངས་མེད་དེ་ནམ་གུང་དཀྱིལ་ཞིག་ཡིན་པ།
- ཁོ་ཡི་ཕུར་བུའམ་དཀར་ཡོལ་མར་འགྲིལ་ནས་བུད་སོང་།
- སོང་བ་ལ་ཁ་ཡ་མ་བྱས་པར།
- བཏོན་ནས་རྟོགས་པ་ཞིག་བརྒྱབ་ནས།
- གསོལ་བ་བཏབ་ནས་མར་ལ་བལྟས་དུས།
- རི་ཡང་མེད་གི་མི་ཡང་མེད་གི
- ཁོ་ལ་འཕྲུལ་སྣང་དེ་འདྲ་ཞིག་སྐྱེ་བ་ཡིན།
- ཕྱིའི་ནངས་མོར་ནམ་ལངས་ནས་བལྟས་དུས།
- ཁོ་ཡི་དཀར་ཡོལ་ཞོལ་དེ་ནས་འགྲིལ་ཡོད།
- དེ་ནས་ཁོས་གྲ་སྒྲིག་བྱས་ནས་སྟོད་ཉི་མ་ལྷ་སར་བུད་སོང་།
- དེ་འདྲ་ཞིག་རེད།