Video Overview
འདི་ནི་དབུས་མཇལ་བ་ཞིག་རྐང་བ་ན་ནས་འགྲོ་མ་ཐུབ་པར་མི་སྤྲེལ་ཞིག་བསྐྱབས་པའི་གཏམ་རྒྱུད་ཅིག་ཡིན།
- གུ་རུ་སེམས།དེང་མ་ཞིག་ལ།
- ཨ་སྐྱོ་བ་གཉིས་སྟོད་ཉི་མ་ལྷ་ས་ལ་མཇལ་དུ་སོང་།
- དེ་ནས་མཇལ་དུ་སོང་ནས།
- ལམ་ནས་ཨ་སྐྱོ་བ་གཅིག་གིས་རྐང་བ་ན་བ་རེད།
- རྐང་བ་ན་བས་གཅིག་གིས་འགྲོ་ཐུབ་རྒྱུ་མ་རེད་འདོད་ནས།
- ཨོང་བ་བཏུས་ནས།
- ཆུ་ཐག་ཉེ་ས་ཞིག་ནས་གམ་ལ་ཆུ་བཞག་ནས།
- ཡ་ངའི་འགྲོ་རོགས་དེས་ཁོ་སྐྱུར་རྒྱུ་རེད།
- སྐྱུར་ན་ཡང་སྐྱུར་འདོད་ནས།
- དགོང་ཞིག་སྐྱུར་ནས་ཁོ་བྲོས་སོང་།
- བྲོས་སོང་རྗེས་རྐང་བ་ན་བ་དང་།
- ཉི་མ་དྲོ་བས་ནར་ནུར་བྱས་ཏེ་ཉལ་སའི་ནང་ནས།
- ཅོག་རིས་ཟེར་བའི་རིས་ཐོ་དེའི་ནང་ནས་སྒོར་ནུར་ནས།
- དེ་ལྟར་བསྡད་ནས།
- ཡར་གོང་ཞིག་ན་ནག་རིང་ཞིག
- ཕར་ལྡིང་ཚུར་ལྡིང་བྱས་ནས་ཡོང་བཞིན་ཡོད།
- དེ་ནས་དེ་ཐེངས་ཁོ་ཟ་རྒྱུ་རེད།
- ཅི་ཡིན་རུང་ཟོས་ན་ཟོས།
- འདི་ལྟར་ན་ནས་འདུག་པ་ལས།
- དེ་འདྲ་ཞིག་སེམས་ན་འདོད་ནས་བསྡད་དུས།
- རྩིབ་ལ་ཐོན་དུས་མི་དྲེད་ནག་ལྡང་ཞིག་ཡིན།
- དེ་ནས་མི་དྲེད་ནག་ལྡང་ཕར་རྒྱུགས་ཚུར་རྒྱུགས་བྱས་ནས།
- ཁྲ་རིས་ནག་རིས་ཞིག་ལྡིང་ནས་བུད་སོང་།
- དེ་ནས་མི་ཚང་མས་མ་རྙེད་པར་སྐོར་བ་བྱས་དུས།
- ནག་ལྡང་དེ་ཁུང་བུ་ཞིག་གི་ནང་ན་ཡོད།
- དེ་ནས་ཁོས་བཀོག་ནས་ནར་ནུར་བྱས་ནས།
- ནུར་མ་ཐུབ་མ་ཐུབ་པར་སོང་ནས་ནག་རིས་ཁོར་བྱིན་པ་རེད།
- ཁོ་དེ་ལྟར་བསྡད།
- དེ་ནས་ཅུང་ཙམ་ཞིག་འགོར་ནས་ཤ་ཞིག་ཁྱེར་ནས་ཕྱིར་ཡོང་།
- ཤ་ཚོས་ཟེར་ནས།
- ཁོས་དེ་ལྟར་ཤ་བ་མའི་ནང་དུ་བཞག་ནས་བཙོ་རྩིས་བྱས།
- མེ་བུས་ཟེར་ནས་མེ་བྱིན།
- འོང་བ་ཁྱེར་ཡོང་ནས་དེ་ལྟར་བྱས།
- གཉིས་ཀས་བསྐོལ་ནས།
- དེ་ནས་གཞན་དེས་ཁོ་ལ་ཤ་བྱིན་ནས།
- ཅི་ལྟར་བཤད་ཀྱང་ཁོ་བླ་མེད་རེད།
- ཁོས་ཀྱང་ཟ་འདོད་ནས་གཉིས་ཀས་འཐུང་བ་དང་།
- དགོང་མོ་མི་དེའི་རྐང་བ་མར་ཁང་རྒྱབ་འཛུལ་ནས།
- རྐང་བ་མར་བསྲིང་ནས་ཞག་གང་བོར་རྐང་བ་སྦྲིད་ནས་བསྡད།
- ནངས་མོར་རིས་ཐོ་འཁུར་རྒྱུ་ཚང་མ་ཁོས་འཁུར་ཟེར་ཁུལ་བྱས་ནས།
- ཁོའི་འཁུར་རྒྱུ་ཚང་མ་ལོག་ལོག་བྱས་ནས་འཁུར་ནས།
- དེ་ལྟར་བྱས་ནས་ཁོའི་གཉའ་ཡི་ནང་དུ་ཐོན་པ་རེད།
- ཁོ་ཡི་གཉའ་ཡི་ནང་དུ་ཐོན་ནས་རྒྱུགས།
- ཉིན་འགའ་ལ་རྒྱུགས་ནས་ཕྱི་དྲོ་ཞིག་ལ།
- ཡང་ཆུ་ཐག་ཉེ་ས་ཡི་ཆུ་ཁ་དེར་བཞག་ནས།
- དངོས་པོ་ཚང་མ་ཁོ་ཡི་གམ་ལ་སྤུངས་ནས།
- ཁོ་སོང་ནས་ནོར་ཤ་ཁྱེར་ནས་ཡོང་།
- ཡོང་ནས་ཚོས་ཟེར་ནས།
- ཁོ་ཡིས་འོང་བ་བཏུས།
- བསྐོལ་ཟེར་ནས་གཉིས་ཀས་བསྐོལ་ནས་འཐུང་བ་ཡིན།
- ཡང་ནུབ་མོར་ཞག་གང་བོར་རྐང་བ་ལ་བདག་བྱས་ནས།
- ཕྱི་ཉིན་ལངས་ནས་འགྲོ་ཐུབ་པ་ཞིག་རེད།
- དེ་ནས་ཕྱི་ཉིན་ཡང་ཁོ་འཁུར་ནས།
- ཡང་དེ་བཞག་པ་རེད།
- ཡང་སྟོད་ལ་སོང་ནས།
- ཡང་ཞག་གིས་བསྡད་པས་ཁོ་ཡིས་རྐང་བར་བདག་བྱས་ནས།
- ཁོ་ཁེར་སྤོ་ཉིས་སྤོ་བྱེད་ཐུབ་པའི་ཚད་ལ་ཐོན་ཡོད།
- དེའི་ཚད་ལ་དེའི་ཕྱི་ཉིན་ཁོ་རྒྱུགས།
- རྒྱུགས་ནས་སྒང་ཞིག་གི་ཁ་ལ་བུད་དུས།
- འཇིག་རྟེན་ཞིག་ལ།
- ལྷ་སའི་གསེར་ཏོག་སེར་ཁྲ་ཡིན་འདོད་པ་ཞིག
- ཡང་མིག་གིས་མ་མཐོང་བར།
- ཕྱིར་འཁོར་ནས་ཁོ་ཨ་སྐྱོ་བ་ཡོད་ས་ལ་མིག་འཁོར་ནས།
- ཡང་མར་ལ་བཞེངས་ནས་བསྡད་ཡོད།
- ཡང་ཡར་ལ་འཁུར་ནས་སྒང་གི་ཁར་སོང་དུས།
- ཡང་མིག་གིས་མ་མཐོང་བར།
- ཡང་ཕྱིར་སྐོར་ནས་བཞེངས་ཡོད།
- བར་ཞིག་ལ་སྒང་གི་སྐེད་པ་ནས་བསྡད་པ་རེད།
- བསྡད་ནས་ཁོ་བོབས་ཟེར་ནས་བབས་དུས།
- ཁོ་ཡི་རྐང་པ་དྲག་ཡག་ཡིན།
- ན་ཚ་དང་སྐྱོན་མེད་པར།
- དེང་མ་ཡི་དེ་འདྲའི་བདེ་མོ་ཞིག་ཏུ་གྱུར་ཡོད།
- དེ་ནས་ཁྱོད་ཀྱིས་དངོས་པོ་འཁུར་ཟེར་ནས།
- ཁོ་ཡིས་ཡང་དངོས་པོ་འཁུར་བ་རེད།
- སོང་ཟེར་ནས་ལམ་བསྟན་ནས།
- ལག་བརྡ་བཏང་ནས་སོང་ཟེར་ནས།
- དེ་ནས་ཁོ་ཡང་བུད་སོང་།
- དེའི་ཚད་ལ་བལྟས་ནས་བསྡད་དུས།
- དྲུག་སྡེར་སེ་མར་ནས་སྒང་གི་གཞུང་ཐུར་དུ།
- རིག་མི་རིག་བྱས་ནས་བུད་སོང་།
- དེ་ནས་ལྷ་སའི་གླིང་དུ་ཐོན་ནས།
- ཁོ་མཇལ་ནས།
- བླ་མ་རྣམ་གསུམ་ལ་ཞུས་དུས།
- དེ་ཁྱོད་ཀྱི་ཨ་མའི་རྣམ་ཤེས་རེད།
- སྐྲག་དགོས་པ་ཞིག་མ་རེད།
- ཁྱོད་ཀྱི་ཨ་མ་ལ་ཆོས་བཅའ་དགོས་པ་རེད།
- མི་ལུས་ལེན་ཁ་ཁྱི་ལུས་ཡིན་ནི་རེད།
- དེ་ཡིན་ན་མི་དེ་ལུས་ལེན་དུས་ཁྱི་ལུས་ཡིན་ནི་རེད།
- ཁྱོད་ཀྱི་ཨ་མ་མི་དྲེད་ཞིག་གིས་སྐྱེས་པ་རེད།
- ད་ལྟ་ཁྱོད་ཀྱིས་ཆོས་བཅོས་ན་མྱུར་དུ་མི་ལུས་ཐོབ་པ་རེད།
- དེ་ནས་ཡ་ཡ་ཟེར་ནས།
- ཁོ་ཡིས་ཆོས་བཅོས་ནས།
- དེ་ནས་ལྷ་སར་མཇལ་ཏེ་ཁོ་ཕྱིར་ཡུལ་ལ་སོང་བ་ཡིན།