Skip to main content Skip to search
31 Jan 2012
7 min 55 sec
Video Overview
Creators: 
Columbia University, Tibetan Academy of Social Sciences, Tibet University, University of Virginia

Buchung interviews a group of picnickers about pilgrimage customs and agricultural life in the Yarlung valley.

བུ་ཆུང་ལགས་ཀྱིས་མཆོད་མཇལ་བ་རྣམས་ལ་ཡར་ཀླུང་གི་མཆོད་མཇལ་ལུགས་སྲོལ་དང་ས་གནས་ཀྱི་ཞིང་ལས་སྐོར་ལ་བཅར་འདྲི་ཞུ།

Transcript search
No results found for this search
0 of 0
  • བཅའ་འདྲི་བ་
    དེ་རིང་ཁྱེད་རྣམས་ཚོ་དེ་ནས་ཡར་ཆོས་མཇལ་ཕེབས་པས།
  • བཅའ་འདྲི་བྱ་ཡུལ་
    ཨོའོ།
  • བཅའ་འདྲི་བ་
    ནམ་རྒྱུན་རྟག་པར་ཕེབས་ཀྱི་ཡོད་པས།
  • བཅའ་འདྲི་བྱ་ཡུལ་
    ཚེས་བཟང་གཅིག་པུ་ཡོང་གི་ཡོད།
  • བཅའ་འདྲི་བ་
    ཨོའོ། ཚེས་བཟང་དུས་བཟང་དེ་འདྲས་ལ།
  • བཅའ་འདྲི་བ་
    ཚེས་བཟང་དུས་བཟང་ལ་ཨ་ནི།
  • བཅའ་འདྲི་བ་
    ཨ་ནི་དེ་རིང་དམིགས་བསལ་གཅིག་འདུག་གུ་དེ་གང་ཡིན་ནཱ།
  • བཅའ་འདྲི་བྱ་ཡུལ་
    དེ་རིང་གོས་སྐུ་བཀྲམ་པ་ནཱ།
  • བཅའ་འདྲི་བ་
    གོས་སྐུ། དེའི་སྔོན་ལ་བཀྲམ་མྱོང་ཨེ་ཡོད་ནཱ། གོས་སྐུ་དེ།
  • བཅའ་འདྲི་བྱ་ཡུལ་
    སྔོན་མ་སྔོན་མ་གཅིག་བཀྲམ་པོའོ་ཟཱ། དེ་ནས་ནི་མ་བཀྲམ་པོའོ་ཟཱ།
  • བཅའ་འདྲི་བྱ་ཡུལ་
    རིག་གནས་གསར་རྗེའི་སྐབས་དོ་པཱ། སྔོན་མ་ཡོད་པོའོ་ཟེར་ཀོའོ་མིས། སྔོན་མ་གོས་སྐུ་ཡོད་པོའོ་ཟཱ།
  • བཅའ་འདྲི་བྱ་ཡུལ་
    དེའི་མཇུག་ལ་དེ་ནི་རིག་གནས་གསར་རྗེའི་ལོགས་དེ་པར་ནས་ག་དུ་ར་གཅིག་༼གང་འདྲ་༽བྱས་ཡོད་ནཱ་དེ་ནི་
  • བཅའ་འདྲི་བྱ་ཡུལ་
    རྐང་༼རྐང་། རྩ་བ་ནས་ཞེས་པའོ།༽མེད་པ་མིན་འགྲོ དེ་དེ་རིང་དང་པོ་བྱས།
  • བཅའ་འདྲི་བྱ་ཡུལ་
    ད་དེ་རིང་ཨང་དང་པོ་བྱས་མིས་ཁའེ་ཀྲང་༼རྒྱ་སྐད།བོད་སྐད་དུ་ཐེངས་དང་པོའི་བཀྲ་ཤིས་རྟེན་འབྲེལ༽ར་དེ་བྱས་
  • བཅའ་འདྲི་བྱ་ཡུལ་
    རྟེན་འབྲེལ་ར་དེ་བྱས་མིས། ལྷ་མོ་དང་ཆིང༼རྒྱ་སྐད། བོད་སྐད་དུ་གདན་འདྲེན་ཞུས་པ༽ཨེ་འདྲས་བྱས་སོང་།
  • བཅའ་འདྲི་བ་
    ཨོའོ། ཨ་ནི་ཁྱེད་རང་ཚོ་ལྷ་མོ་མ་བལྟས་བྱས།
  • བཅའ་འདྲི་བྱ་ཡུལ་
    ཨེ་འདིས་ངེད་ཆོས་མཇལ་ནས་མར་དེའི་ཡའེ་དེའི་ཚང་ཁ་ཞེ་དྲག་རྒྱབ་ན་མཇལ་ཐུབ་ཀྱི་མ་བཱ་ནཱ།
  • བཅའ་འདྲི་བྱ་ཡུལ་
    རྟ་མགྲིན་ཞལ་དབང་ཚེས་བཟང་མཇལ་གྱི་མི་འདུག་ནཱ། ནམ་རྒྱུན་ཚེས་བཟང་ལ་མཇལ་ཡས་ཁོ་ར་མེད་པོའོ།
  • བཅའ་འདྲི་བ་
    ཨ་ལས། སྲོང་བཙན་གྱི། ཨ་ལས་དེའི་རྟ་མགྲིན་ཞལ་དབང་གཅིག་ཡོད་པོའོ་ནཱ།
  • བཅའ་འདྲི་བྱ་ཡུལ་
    ཨོའོ་ལགས།
  • བཅའ་འདྲི་བ་
    ཨ་ལས། ང་ཚོ་ལྷོ་ཁའི་རྒྱུད་ལ་ཡང་ད་རྩ་ཆེ་ར་གཅིག་བརྩི་གི་ཡོད་ནཱ།
  • བཅའ་འདྲི་བྱ་ཡུལ་
    ཨོའོ་ལགས།
  • བཅའ་འདྲི་བ་
    ནམ་རྒྱུན་ཚེས་བཟང་དུས་བཟང་ཡང་གཞན་དག་དེ་རིང་ཆོས་མཇལ་ཕེབས་པ་མ་གཏོགས་ནམ་རྒྱུན་
  • བཅའ་འདྲི་བ་
    ག་པར་ག་པར་ཕེབས་ཀྱི་ཡོད་པཱ།
  • བཅའ་འདྲི་བྱ་ཡུལ་
    ནམ་རྒྱུན་དཱ་བསམ་ཡས། བཀྲ་ཤིས་སྟེང་། ཡུམ་བུ་བརླ་སྒང་།
  • བཅའ་འདྲི་བྱ་ཡུལ་
    ཁྲ་འབྲུག
  • བཅའ་འདྲི་བ་
    ཨ་ལས།
  • བཅའ་འདྲི་བྱ་ཡུལ་
    ག་ས་ག་ལ་འགྲོ་བཱ། ཚེས་བཟང་ཡིན་ཚར་ན། སྨིན་གྲོལ་ཟེར་ཡས་ར་པོ། ཚེས་བཟང་ཡིན་ཚར་ན་རྦད་དེ་འགྲོ་བཱ།
  • བཅའ་འདྲི་བ་
    ཨ་ནི་སོ་སོའི་མོ་ཊ་བསྡད་བྱས་བཱ་ནཱ།
  • བཅའ་འདྲི་བྱ་ཡུལ་
    འོ་་འོ། མོ་ཊ་བསྡད་བྱས།
  • བཅའ་འདྲི་བྱ་ཡུལ་
    སྔོན་མ་ཡིན་ན་ད་གློག་ཏོག༼ལག་སྐྱོར་འདྲུད་འཐེན་འཁོར་ལོ༽དེ་འདྲས་དང་དེ་འདྲས་སླད་ནས་འགྲོ་ཀྱ་ནཱ།
  • བཅའ་འདྲི་བྱ་ཡུལ་
    དེ་རིང་སང་སོ་སོའི་མོ་ཊའི་ནང་ལ།
  • བཅའ་འདྲི་བ་
    ཏག་ཏག ཨ་ནི་ཞིང་ལས་བྱེད་དགོས་མཱ་བཱ་ནཱ།
  • བཅའ་འདྲི་བྱ་ཡུལ་
    ད་ཞིང་ལས་བྱེད་ཡས་ཞེ་དྲག་བསྡད་མེད་པོའོ། ཞིང་ཁ་དུམ༼ཚང་མ༽འཛུགས་སྐྲུན་འོག་ལ་ཚུད་པོའོ་ནཱ།
  • བཅའ་འདྲི་བྱ་ཡུལ་
    སྣེ་གདོང་གི འོ་འོ།
  • བཅའ་འདྲི་བ་
    སྣེ་གདོང་གི ཁྱེད་རྣམས་ཚོ་སྣེ་གདོང་ནས་བཱ་ཀས༼བཱ་ཀས། རེད་དམ་ཞེས་པའོ།༽།
  • བཅའ་འདྲི་བྱ་ཡུལ་
    འོ་འོ་སྣེ་གདོང་ནས།
  • བཅའ་འདྲི་བ་
    ཨ་ལས་ལགས་སོ།
  • བཅའ་འདྲི་བ་
    སྣེ་གདོང་མི་སེར་གྱི་ད་ཞིང་ཁ་མང་ཆེ་ཞིང་ཁ་དེ་མང་ཆེ། ཤོར་ཚར་མེད་དྲོ།
  • བཅའ་འདྲི་བྱ་ཡུལ་
    ད་མང་ཆེ་ཤོར་ཚར་པོའོ། ད་སྤྱིར་བཏང་བསྡད་མེད་པོའོ།
  • བཅའ་འདྲི་བ་
    མང་ཆེ་དེ་འཛུགས་སྐྲུན་འོག་ལ་ཤོར་བྱས།
  • བཅའ་འདྲི་བྱ་ཡུལ་
    འོའོ།
  • བཅའ་འདྲི་བ་
    ཨ་ཁ།
  • བཅའ་འདྲི་བྱ་ཡུལ་
    ཞིང་ལས་དུམ༼ཚང་མ༽་འཕྲུལ་ཆས་ཀྱིས་བྱས་པཱ་ནཱ། ཉིན་མ་གཉིས་ཙམ་གསུམ་ཙམ་ལས་བྱེད་ཡས་མེད་པོའོ་ད།
  • བཅའ་འདྲི་བ་
    ཨོའོ། ཨ་ལས་དེང་སང་དེ་གཡུལ་ལས་གཏོང་དུས།
  • བཅའ་འདྲི་བྱ་ཡུལ་
    འོའོ།
  • བཅའ་འདྲི་བ་
    ཉིན་མ་གཉིས་གསུམ་ནང་ལ་ཚར་འགྲོ་གི་ཡོད་རེད་པས།
  • བཅའ་འདྲི་བྱ་ཡུལ་
    གཡུལ་རྒྱག་ཡས་བྱས་ནའི་དེ་ཀློག་ཏོག་གིས་རྒྱག་ཀྱ་ནཱ། འཕྲུལ་ཆས་མགོ་ཀློག་ཏོག་ལ་སྒྲོག
  • བཅའ་འདྲི་བ་
    ཨོའོ། སྔར་མ།
  • བཅའ་འདྲི་བྱ་ཡུལ་
    སྔོན་མ་མི་ཁོ་རས་བྱེད་དགོས་བཱ། ཞིང་ཁའི།
  • བཅའ་འདྲི་བ་
    སྔོན་མ་གཡུལ་ལས་གཏོང་དུས་ཉིན་མ་ག་ཚོད་ཙམ་འགོར་གྱི་ཡོད་ནཱ།
  • བཅའ་འདྲི་བྱ་ཡུལ་
    ཉིན་མ་ཝས་ཞེ་དྲགས་མགོར་ཀྱ། ཉིན་མོ་བཅོ་ལྔ་ཙམ། ཟླ་ཕྱེད་ཙམ་མགོར་ཀྱི་མེད་དྲོ།
  • བཅའ་འདྲི་བྱ་ཡུལ་
    མགོར་ཀྱ། དེ་ག་ཙམ་གཅིག་མགོར་ཀྱ། ཉིན་མཚན་མེད་པ་བྱེད་དགོས་བཱ་གོ
  • བཅའ་འདྲི་བྱ་ཡུལ་
    ཐུད་ལུད་ཅི་༼རྒྱ་སྐད། བོད་སྐད་དུ་བརྔ་བསྡུ་འཕྲུལ་ཆས༽བཏང་ཉིན་པ་ཡང་ཀྲང་ཅིའི་༼རྒྱ་སྐད༽བཏང་།
  • བཅའ་འདྲི་བ་
    དེ་དུས་སྐབས་དེ་དུས་རུ་ཁག་སྐབས་ལ་རེད་པཱ།
  • བཅའ་འདྲི་བྱ་ཡུལ་
    འོ། ད་དེང་སང་དུམ་གློག་རྐྱང་རྐྱང་བཱ་ནཱ་མིས། འཕྲུལ་ཆས་རྐྱང་རྐྱང་ཀྱི་བྱེད་ཀྱ་ནཱ།
  • བཅའ་འདྲི་བྱ་ཡུལ་
    ཉིན་མོ་གཅིག་ཁོ་ལ་ཚར་ཀྱ་དེ་ནི། ཧེ་ཧེ་ཧེ། སྔ་ཞོགས་བརྔས། དགོང་དྲོ་ཡང་ཀྲང་ཅིའི་༼རྒྱ་སྐད༽བཏང་།
  • བཅའ་འདྲི་བ་
    ཨ་ནི་མ་གཞི་ཁུངས་ནས་ཞིང་ཁ་ཡང་ཞེ་དྲགས་མེད་པོའོ་ནཱ།
  • བཅའ་འདྲི་བྱ་ཡུལ་
    ཞིང་ཁའི་ཞེ་དྲགས་མེད་པོའོ།
  • བཅའ་འདྲི་བ་
    རེད་རེད།
  • བཅའ་འདྲི་བྱ་ཡུལ་
    དེ་སེམས་ཅན་ཡང་ཉུང་རུ་བཏང་། མ་བཏང་ཀ་མེད་བཱ། འཛུགས་སྐྲུན་འོག་ལ་ཤོར་པོའོ་ནཱ་མིས།
  • བཅའ་འདྲི་བ་
    ཝོའོ་རེད་རེད།
  • བཅའ་འདྲི་བ་
    ཨ་སེམས་ཅན་ཉུང་རུ་ཕྱིན་པ་ནཱ།
  • བཅའ་འདྲི་བྱ་ཡུལ་
    འོའོ། དེ་གཟན་པ་མེད་པོའོ་ནཱ། སེམས་ཅན་གཅིག་ཙམ་གཉིས་ཙམ་ལས་མེད་པོའོ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་ལས་མེད་པོའོ།
  • བཅའ་འདྲི་བ་
    ཨ་ལས།
  • བཅའ་འདྲི་བྱ་ཡུལ་
    དེ་ནམ་རྒྱུན་ལས་ཀ་ཟེར་དེ་ཙང་མེད་པོའོ་ད་ཆོས་མཇལ་འགྲོ་ཡས་དེ་ལ་དང་དོད་ཞེ་དྲག་བྱེད་པཱ།
  • བཅའ་འདྲི་བྱ་ཡུལ་
    ཆོས་མཇལ་ལ་དང་དོད་ཞེ་དྲགས་ནུའུ་ཀོ།
  • བཅའ་འདྲི་བ་
    ཨ་ཚེས་བཟང་དུས་བཟང་ལ་ཡ་དང་དོད་བྱས་བྱས་ཆོས་མཇལ་ལ་ཕྱིན།
  • བཅའ་འདྲི་བྱ་ཡུལ་
    འོའོ།
  • བཅའ་འདྲི་བ་
    ཨ་ནི་ཆོས་མཇལ་འགྲོ་དུས་གཅིག་མོའོ་ཙ་༼སྒོར་ཟུར༽ཧྥིང་ཙ་༼སྐར༽ར་གཅིག
  • བཅའ་འདྲི་བྱ་ཡུལ་
    འོ་འོ། འབུལ་གྱི་རེད།
  • བཅའ་འདྲི་བ་
    ཞལ་འདེབས་ཆེ་དེ་འདྲས་རྒྱག་གི་རེད་པས།
  • བཅའ་འདྲི་བྱ་ཡུལ་
    རྒྱག་ཀྱ་ཀོ་མིས། ཅཱ་ཅི། ཧ་ཧ་ཧ་ཧ། ཆེ་དེ་འདྲས་རྒྱག་ཀྱ།
  • བཅའ་འདྲི་བྱ་ཡུལ་
    བསམ་ཡས་དང་དེ་ཚོར་ཕྱིན་ན་ཉམ་ཆེ་ཡོད་པོའོ། ཉམ་ཐག་རིང་གི་བཱ་ནཱ།
  • བཅའ་འདྲི་བ་
    ཨ་ལས། དེང་སང་འབྲུ་དང་གཞན་དག་རྒྱག་ཡས་དེ་འདྲས་བྱེད་ཀྱི་ཡོད་ན་མིན་ན།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་ད་འབྲུ་རྒྱག་གི་མཱ་བཱ། འབྲུ་རྒྱག་གི་མཱ་བཱ། ད་སོ་སོར་དཔེ་ཤག༼དངུལ༽མང་ཉུང་བལྟས་བྱས་འབུལ་ཀྱ།
  • བཅའ་འདྲི་བྱ་ཡུལ་
    སོ་སོའི་སེམས་ཀྱི་ཁྱད་བྱས། ཨ་ནི་ཆོས་ཐིགས་ར་གཅིག་ཏོག་ཙམ་ཏོག་ཙམ་རྒྱབ།
  • བཅའ་འདྲི་བ་
    ཨ་ནི་ནམ་རྒྱུན་ཆོས་མཇལ་འགྲོ་དུས་ཨེ་འདྲས་ཟེ་རྟག་པར་རེ་ཞིག་དེ་འདྲས་སོ་སོའི་ཁ་ལག་དང་
  • བཅའ་འདྲི་བ་
    དེ་འདྲས་འཁྱེར་འགྲོ་དགོས་རེད་པས།
  • བཅའ་འདྲི་བྱ་ཡུལ་
    འགྲོ་པཱ་འོའོ།
  • བཅའ་འདྲི་བ་
    ཇ་བྱས།
  • བཅའ་འདྲི་བྱ་ཡུལ་
    ཆང་བྱས། ལྟོ་ཆས་དེ་འཁྱེར།
  • བཅའ་འདྲི་བ་
    ཁྱེད་ཚོས་དེ་འདྲས་གཅིག་ཕྱིན་ཚར་ན་ཉུང་ཤོས་ལའང་ད་གང་ལྟད་
  • བཅའ་འདྲི་བ་
    དགོང་ད་བར་དུ་མགོར་གྱི་ཡོད་ཀྱི་རེད་དཱ་རེད་པཱ།
  • བཅའ་འདྲི་བྱ་ཡུལ་
    དགོང་ད་བར་དུ་སྡོད་ཀྱ་ཀོ། ས་མ་རུབ་བར་དུ་སྡོད་ཀྱ། ས་མ་རུབ་བར་དུ་སྡོད་ཀྱ།
  • བཅའ་འདྲི་བྱ་ཡུལ་
    འཛམ་འཛམ༼འཚམ་འཚམ༽སྦ་རིལ་བཏང་བྱས། ཧ་ཧ་ཧ་ཧ།
  • བཅའ་འདྲི་བྱ་ཡུལ་
    དེའི་ག་དུས་སྐྱིད་ཞང་བྱས་སྡོད་ཀྱ་ནུའུ་ཀོ་ཆོས་མཇལ་ཞུས་ད།
  • བཅའ་འདྲི་བྱ་ཡུལ་
    ཞོར་ལ་སྐྱིད་པོ་བྱས། སྐྱིད་པོ་བྱས། དེ་འདྲས་རྐྱང་རྐྱང་བཱ།
  • བཅའ་འདྲི་བྱ་ཡུལ་
    ཨོའོ། སྔ་ཞོགས་ཆོས་མཇལ་ཞུས། དགོང་དག་སྐྱིད་པོ་བྱས་བསྡད།
  • བཅའ་འདྲི་བ་
    ཨ་ནི་ཨོའོ། ཉུང་ཤོས་ཁྱེད་རང་ཚོ་ནང་བཞིན་མི་བཞི་ཙམ་གཅིག་འགྲོ་གི་རེད་པས།
  • བཅའ་འདྲི་བ་
    ཡང་མིན་ན་མི་མང་པོ་འགྲོ་གི་རེད་པས།
  • བཅའ་འདྲི་བྱ་ཡུལ་
    མང་པོ་ར་པོ་འགྲོ་ཀྱ།
  • བཅའ་འདྲི་བྱ་ཡུལ་
    དེ་རིང་ཉུང་ཤོས་བཱ་ང་ཚོའི་མི་དེ་རིང་སྟབས་ཀྱག་གུ་ཀྱག་ལ་ཁོ་ཚོ་ཁག་གཅིག་མོ་ཊ་གཞན་དག་ནང་ལ་ཕྱིན་ནི་ཀཱ།
  • བཅའ་འདྲི་བ་
    ཨ་ལས་དེ་རིང་ཨ་ནི་ཁྱེད་རྣམ་ཚོ་སྟབས་ཀྱག་གུ་ཀྱག་ཆོས་མཇལ་ལ་རེད་པས་ལགས།
  • བཅའ་འདྲི་བྱ་ཡུལ་
    དེ་འདྲས་མ་བཱ། ཧ་ཧ་ཧ། དེ་སང་དེ་བྱས་པོའོ། ཁོང་ཚོ་གཞན་དག་དེ་ཀྱིས་དེ་བྱས་པོའོ་ནཱ།
  • བཅའ་འདྲི་བྱ་ཡུལ་
    མོ་ཊ་གཞན་དག་ནང་ལ་འགྲོ་ཡས་ཡིན་ཟེར་ནཱ། དེ་ང་ཚོ་དེ་ཀྱིས་གཅིག་བྱས།
  • བཅའ་འདྲི་བ་
    ཨ་ནི་ནམ་རྒྱུན་ཨ་ནི་ང་ཚོའི་སྣེ་གདོང་དེ་པར་ནས་ཆོས་མཇལ་ཞུས་ན་འགྲིག་གི་རེད་པོའོ།
  • བཅའ་འདྲི་བྱ་ཡུལ་
    འགྲོ་གི་ཡོད་ཚེས་བཟང་ལ། ཚེས་བཟང་ལ་ཨ་ལིས་ཆོས་ཐིགས་གཅིག་རྒྱག་ཀ་ཕྱིན་
  • བཅའ་འདྲི་བྱ་ཡུལ་
    དེ་ནས་དེ་དེ་ནས་དེ་རུ་བཱ་ན་མིས། གསང་བཏང་།
  • བཅའ་འདྲི་བ་
    ཨ་ནི་སྐྱིད་པོ་བྱེད་ས་མེད་པོའོ།
  • བཅའ་འདྲི་བྱ་ཡུལ་
    བྱེད་ཡས་བྱེད་པཱ། ཧ་ཧ་ཧ། སྣེ་གདོང་དེ་པར་།
  • བཅའ་འདྲི་བ་
    ད་མ་གཞི་ད་སོ་སོའི་ལུང་པ་ནས་འདུག་ཟེ་དོན་ཡོང་ན། སྐྱིད་ཀྱི་བཱ།
  • བཅའ་འདྲི་བྱ་ཡུལ་
    སྐྱིད་པོ་ཡོད་པོའོ་འོའོ། ད་ཐག་རིང་པོ་དེ་ཀྱིས་ན་པར་ཡར་དེ་བྱེད་ཀ་བྱེད་པ།
  • བཅའ་འདྲི་བྱ་ཡུལ་
    དགོན་པ་ལ་ཞོགས་ལས་སྔ་མོ་ནས་ཕྱིན་གསང་བཏང་ཆོས་ཐིགས་རྒྱབ་བྱས་ཚར་ཀྱ་ནཱ།
  • བཅའ་འདྲི་བྱ་ཡུལ་
    ཐག་ཉེ་པོ་བཱ།
  • བཅའ་འདྲི་བྱ་ཡུལ་
    གློང་སྐོར་ཕྱིན། འོའོ་གླིང་སྐོར་ཕྱིན།
  • བཅའ་འདྲི་བ་
    ཨ་ནི་རྩེད་ཐང་ལ་ཆོས་མཇལ་ཨོ་ཙམ་ཡོད་པ་ནཱ།
  • བཅའ་འདྲི་བྱ་ཡུལ་
    ཡོད་པོའོ་ཞེ་དྲགས་ད་ག།
  • བཅའ་འདྲི་བ་
    ནམ་རྒྱུན་རྩེད་ཐང་ལ་ཆོས་མཇལ་ཐད་ཀྱི་ཡོད་པས།
  • བཅའ་འདྲི་བྱ་ཡུལ་
    འགྲོ་གི་ཡོད།
  • བཅའ་འདྲི་བ་
    སྔོན་མ་ནང་བཞིན་དེ་ཡོད་པ་ནཱ།
  • བཅའ་འདྲི་བ་
    སྔོན་མ་ཨ་ནི་ང་ཚོ་ཆུང་ཆུང་ག་ཙང་མ་གའི་རྩེད་ཐང་ཆུ་མིག་ནང་ལ་ཨེ་ལས་མཆོད་མཇལ་ཕྱིན།
  • བཅའ་འདྲི་བ་
    ཨ་ནི་ཆུ་མིག་ནང་ལ་ཡ་ཕྱིན་བྱས་ཨ་ནི་ཁྲུས་དེ་ཚོ་རྒྱབ།
  • བཅའ་འདྲི་བྱ་ཡུལ་
    ཨོ་འདུག་ཟེར་སྡོད་ཀྱ། སྡོད་ཀྱ།
  • བཅའ་འདྲི་བ་
    དེང་སང་ད་ག་བྱེད་ཀྱི་མེད་དྲོ།
  • བཅའ་འདྲི་བྱ་ཡུལ་
    དེང་སང་ཆུ་མིག་ནང་ལ་ཕྱིན་ན་ད་ག་བྱེད་པཱ། དེང་སང་ད་ཆུ་མིག་ནང་ལ་ཁང་པ་རྒྱབ་བཞག་པོའོ། ཨ་ནེའི་ཇི།
  • བཅའ་འདྲི་བྱ་ཡུལ་
    ཨ་ནེའི་ཟ་ཁང་ར་གཅིག་རྒྱབ་བཞག་ནུའུ་ཀཱ། ཟ་ཁང་དང་གང་ག
  • བཅའ་འདྲི་བ་
    ཨོ་འདུག་འདུག་འདུག
  • བཅའ་འདྲི་བྱ་ཡུལ་
    དེ་ནི་ཨོ་དེ་གའི་ནང་ལ་སྡོད་ཀྱི་བཱ། ཨ་ནི་ཁྲུས་སྐྱིད་ཤང་གཅིག་བྱས་སྡོད་ཀྱི་བཱ་ཡང་ཨོ་འདུག་ཟེར།
  • བཅའ་འདྲི་བ་
    སྔོན་མ་ནང་བཞིན་ཆུ་ནང་ལ་ཡར་འཁྱེར་སླེབས་ཀྱི་རེད་པས།
  • བཅའ་འདྲི་བྱ་ཡུལ་
    སླེབས་ཀྱ་འོའོ། འགྱིག་དམ་ཨ་རོ་འཁྱེར། དེའི་ནང་ལ་རྡོ་རྩོག་གསུམ་རེ་འཁྱེར།
  • བཅའ་འདྲི་བ་
    རྡོ་རྩོག་བླུགས་ཡས་དེ་གང་ཡིན་ནཱ།
  • བཅའ་འདྲི་བྱ་ཡུལ་
    དེ་ད་ག་ཟེ་རྡོ་ཆུང་ཆུང་ར་དེ་གཉིས་ཙམ་གསུམ་ཙམ་བླུགས་འགྲོ་གི་ཀ།
  • བཅའ་འདྲི་བྱ་ཡུལ་
    དེ་ནུས་པ་ར་དེ་མ་ཡལ་བའི་ཁྱད་ར་དེ་མིན་དྲོ།
  • བཅའ་འདྲི་བ་
    ཆུ་དེའི་ནུས་པ་མ་ཡལ་ཡས་ཀྱི་ཆེད་དུ།
  • བཅའ་འདྲི་བྱ་ཡུལ་
    ཨོ་འདུག་ཟེར་བཱ་འོའོ།
  • བཅའ་འདྲི་བ་
    ཨ་ལས།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་ཐོག་འོག་ལ་འཁྱེར་མ་འགྲོ་ཟེར་བཱ།
  • བཅའ་འདྲི་བ་
    ཐོག་འོག་ལ་འཁྱེར་མ་འགྲོ་ཟེ།
  • བཅའ་འདྲི་བ་
    ག་རེ་ཡིན་ན། ཐོག་འོག་ལ་འཁྱེར་ན།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་ནུས་པ་ཡལ་ཀྱི་མེད་དྲོ།
  • བཅའ་འདྲི་བ་
    ཨ་ལས་ནུས་པ་ཡལ་ཀྱི་རེད་ཟེར།
  • བཅའ་འདྲི་བྱ་ཡུལ་
    འོ་འོ།
  • བཅའ་འདྲི་བ་
    ཨ་ལས། འོ་འོ་འོ།
  • བཅའ་འདྲི་བྱ་ཡུལ་
    ཆུ་ཡར་འཁྱེར་ཡོང་ནང་གི་མི་འགྲོ་མི་ཐུབ་པ་དེ་ཀྱིས་ཁྲུས་རྒྱབ། ཨེ་རིས་འགྲོ་ཐུབ་པ་དེ་ཀྱིས་ཀྱིས་ཡ་པར་ཁྲུས་རྒྱབ།
  • བཅའ་འདྲི་བ་
    ཐོག་འོག་ལ་འཁྱེར་མ་ཕྱིན་བྱས།
  • བཅའ་འདྲི་བ་
    ཐོག་འོག་ལ་ཟེར་ན་ད་སྒོའི་ནང་ལོག་ལ་འཛུལ་ན་ཡོང་གི་མ་རེད་པོའོ།
  • བཅའ་འདྲི་བ་
    ཕྱི་ལོག་ནས་དེ་བྱས།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་སྒོ་རའི་ནང་དེ་རུ་བཞག
  • བཅའ་འདྲི་བ་
    ཨ་ནི་ངས་རྦད་བརྗེས་པའི་བཟོ་ར་བྱས་བཞག
  • བཅའ་འདྲི་བྱ་ཡུལ་
    ཝ་དཱ། ཧ་ཧ་ཧ། འོ་འོ་འོ་འོ།
  • བཅའ་འདྲི་བ་
    ཨ་ནི་གོང་པོ་རི་ཡི་བསྐོར་བ་ལ་ཐད་ཀྱི་ཡོད་པས།
  • བཅའ་འདྲི་བྱ་ཡུལ་
    འགྲོ་གི་ཡོད།
  • བཅའ་འདྲི་བ་
    ག་དུས་འགྲོ་གི་ཡོད་པས།
  • བཅའ་འདྲི་བྱ་ཡུལ་
    གོང་པོ་རི་ལ་མང་ཆེ་བ་ཟླ་བ་བཞི་པའི། ཚེས་པ་བཅོ་ལྔ་ལ།
  • བཅའ་འདྲི་བྱ་ཡུལ་
    ཚེས་པ་བཅུ་བཞིའི་དགོང་མོ་དེ་མཚན་བསྐོར་ལ་འགྲོ་ཀྱ།
  • བཅའ་འདྲི་བྱ་ཡུལ་
    མཚན་བསྐོར་ལ་ཕྱིན།
  • བཅའ་འདྲི་བ་
    ས་ག་ཟླ་བ་ལ། ཚེས་པ་བཅོ་ལྔའི། མཚན་བསྐོར། ཨོའོ།
  • བཅའ་འདྲི་བྱ་ཡུལ་
    ཚེས་པ་བཅུ་བཞི་ལ་དེའི་དགོང་མོ་དེ་ལ་རྟག་ཆད་ཡས་ཁོ་ར་མེད་པོའོ།
  • བཅའ་འདྲི་བྱ་ཡུལ་
    བཅོ་ལྔའི་དགོང་མོ་བར་དུ་ད་ག་ཡོད་པོའོ།
  • བཅའ་འདྲི་བྱ་ཡུལ་
    བཅུ་བཞིའི་དགོང་ད་ཆུ་ཚོད་ལྔ་པ་དྲུག་པ་དེ་པར་ནས་དེ་ནི་སང་ཉིན་མཚན་རྟག་དྲ་ཁོ་ར་ཁྲོས་ཡས་མེད་པོའོ་མི་ཁོ་རས།
  • བཅའ་འདྲི་བྱ་ཡུལ་
    ཞེ་དྲགས་ཁོ་ར་ཡོད་པོའོ། གོམ་པ་རྒྱག་ཐུབ་ཚད་ཁོ་ར་ཡོད་པོའོ།
  • བཅའ་འདྲི་བ་
    སྣེ་གདོང་དང་ཨ་ནི་རྩེད་ཐང་མང་ཤོས་ཡིན་ཀྱི་རེད།
  • བཅའ་འདྲི་བྱ་ཡུལ་
    ག་ས་ནས་སླེབས་རྒྱག་དེ་ནི། ཕུ་ར་རིག་སི་༼ལུང་པའི་ཕུ་ན་ཡོད་ཡོད་པའི་མི་ཡོངས།༽སླེབས་ཀྱི་མེད་དྲོ།
  • བཅའ་འདྲི་བྱ་ཡུལ་
    དེ་དགོང་མོས་སྣེ་གདོང་དང་སྣེ་ཚང་རྩེད་ཐང་དང་སྣེ་གདོང་དེ་མར་བསྡད། སྡེ་ཚང་ལ་བསྡད།
  • བཅའ་འདྲི་བ་
    ཨོའོ།
  • བཅའ་འདྲི་བྱ་ཡུལ་
    གོང་པོ་རི་ལ་ཡང་མིས་དེང་སང་མོ་ཊའི་ནང་ལ་རྐྱང་རྐྱང་འགྲོ་པ་ཀོ། གོམ་པ་རྒྱག་མཁན་ཞེ་དྲགས་མེད་པོའོ།
  • བཅའ་འདྲི་བྱ་ཡུལ་
    ཡང་དེང་སང་ཤཱ་ལིས༼རྒྱ་སྐད། བོད་སྐད་དུ་གླ་བྱེད་རླངས་འཁོར༽དང་བཀག་འགྲོ་ཀ་བྱེད་པཱ་དེ་ནི།
  • བཅའ་འདྲི་བྱ་ཡུལ་
    ལའི་འཛམ་༼མཚམས༽བར་དུ་བསྐྱལ།
  • བཅའ་འདྲི་བ་
    མ་གའི་རྒྱབ་མི་ཀས་བསྡད།
  • བཅའ་འདྲི་བྱ་ཡུལ་
    འོའོ། ཨ་ནི་ཡང་མར་བབས་པ་དང་མོ་ཊའི་ནང་ལ་ཕྱིན། ཨོའོ། ཨོ་འདུག་ཟེ་བྱེད་པོའོ་ཀོ།
  • བཅའ་འདྲི་བ་
    དེ་རྒྱབ་ནས་ཕྱིན། རྒྱབ་མི་ནས་ལའི་རྩ་བར་དུ་མོ་ཊའི་ནང་ལ་ཕྱིན།
  • བཅའ་འདྲི་བྱ་ཡུལ་
    ཨོ་འདུག་ཟེ་བཱ།
  • བཅའ་འདྲི་བ་
    ཨ་ནི་དེ་ནས་ཚུར་ཡོང་ད་ཀར་ལའི་རྩ་དེ་ནས་ཡང་མོ་ཊའི་ནང་ལ་ཚང་།
  • བཅའ་འདྲི་བྱ་ཡུལ་
    ཨོ་འདུག་ཟེ་བཱ།
  • བཅའ་འདྲི་བ་
    ཨ་ནི་དེ་ཀྱིས་མང་ཆེ་ལས་བྱེད་ཡིན་ཀྱི་རེད་དཱ།
  • བཅའ་འདྲི་བྱ་ཡུལ་
    ལས་བྱེད་པ་བཱ་འོའོ། བོད་རིགས་མི་མང་ཆེ་ཀྱིས་གོམ་པ་རྒྱབ་འགྲོ་ཀྱ།