Skip to main content Skip to search
15 Dec 2011
14 min 24 sec
Rating
0
No votes yet
Video Overview
Creators: 
Unknown

An office picnic is the topic of this planning meeting at the Lhasa Drama Troupe

Show More

  • རྒན་ལགས
    ཡར་བཞུགས་དང་། བཞུགས་བཞུགས་བཞུགས་ཤིག
  • ཨ་མ་ལགས
    གནོངས། གནོངས་ལ།
  • རྒན་ལགས
    འོང་ཁོང་ཚོ་ཕེབས་རྒྱུ་ཡིན་པས།
  • ཨ་མ་ལགས
    འོང་ད་མགྱོགས་པོ་ཕེབས་འགྲོའོ་༼ཕེབས་གྲབས་༽་ཡོང་ང་ཡོད་ལ།
  • རྒན་ལགས
    གནོངས་སོ།
  • ཨ་མ་ལགས
    གནོངས་་་་མགྱོགས་པོ་ཡོང་ང་ཡོད་ལ།
  • རྒན་ལགས
    ཡར་ཕེབས་ཤིག
  • ཨ་ཅག་ལགས
    གནོངས་ལ།
  • རྒན་ལགས
    ད་ང་ཚོ་མི་ཞེ་པོ་༼མང་པོ་༽ལྷག་མི་འདུག་ག།
  • ཨ་ཅག་ལགས
    གནོངས་ལ།
  • ཨ་ཅག་ལགས
    ཁོང་རྣམ་གཉིས་བགྲེས་པ་གཉིས་ཡའི་༼ཀྱང་༽ཨ་ལས་བདུན་ཕྲག་དེའི་ནང་ལ་ཡར།
  • ཨ་ཅག་ལགས
    གཟའ་འཁོར་དེའི་ནང་ལོགས་ལ་ཡར།
  • ཨ་ཅག་ལགས
    འོང་་་་འདི་ཡར་ག་རེ་ཟག༼ཟེར་གྱི་འདུག༽
  • ཨ་ཅག་ལགས
    སྤྲོ་འཆམ་དང་ཡར་གི་ནས་མར་མི་གཉིས་ཀྱི་དེ་གཅིག་འདུག་ག།
  • ཨ་ཅག་ལགས
    སྤྲོ་འཆམ་ལ་ཕེབས་ཡག་གི་སྤ་སེ་རེ་ཞིག་གཉིས།
  • ཨ་ཅག་ལགས
    འོང་དེ་བྱས་ཕེབས་སོང་།
  • ཨ་མ་ལགས་དང་ཨ་ཅག་ལགས
    གནོངས་ལ།
  • རྒན་ལགས
    ད་ང་ཚོ་ལས་བགོས་རོབ་ཙམ་རེ་ཞིག
  • རྒན་ལགས
    ད་རིང་གི་གཟའ་འཁོར་དེའི་ནང་ལ་ཡར།
  • རྒན་ལགས
    ལས་བགོས་རོབ་ཙམ་ཞིག
  • རྒན་ལགས
    འདི་ཨེ་འདྲས་༼དེ་འདྲ་༽ཟེར་ཡིན་ལ།
  • རྒན་ལགས
    ད་ད་རིང་གཟའ་ཟླ་བ་བྱས་ཚོགས་འདུ་རོབ་ཙམ་རེ་ཞིག་འཚོགས།
  • ཨ་མ་ལགས
    གནོངས་སོ་ལ།
  • རྒན་ལགས
    གཟའ་ལྷག་པར་ཡར་ག་རེ་གནང་རྒྱུ་རེད་ཟེར་ན།
  • རྒན་ལགས
    ལས་ཁུངས་ཡོངས་རྫོགས་ང་ཨ་ད་ང་རང་ཚོ་གཞོན་པ་ཚོ་འགང་དགའ་༼ཚང་མ་༽ལོའོ་གཅང་སྦྲ་གནང་རྒྱུ་ཡིན་ཟེར།
  • རྒན་ལགས
    འཁོར་ཡུག་གཙང་སྦྲ་གནང་བྱས
  • རྒན་ལགས
    ད་དེའི་གཡས་གཡོན་ལ་ཡར་གད་སྙིགས་རེད།
  • རྒན་ལགས
    ད་དེ་ནས་གཞན་དག་གི་དེ་བར་ལ་ཁུག་ཁུག་སེང་སེང་ཀྱོག་ཀྱོག་༼ཀྱག་ཀྱོག་༽དེ་བར་ལ།
  • རྒན་ལགས
    གཅིག་དེ་བར་ལ་གཙོག་པ་རེ་དེ་གས་ག་ར་ཆགས་འདུག་ནའི།
  • རྒན་ལགས
    དེ་གས་༼དེ་ཚོ་༽ཕར་གཙང་སེལ་གནང་ན་མ་གཏོགས།
  • རྒན་ལགས
    ཡང་ཡར་ནས་མར་གཙང་སྦྲའི་ཞིག་གི་ལས་འགུལ་ཞིག་འཚོག་གྲབས་འདུག།
  • རྒན་ལགས
    འདི་འོང་་་འཚོག་པ་ཡིན་བྱས་དེས་ཡང་དེ་བར་ཁོང་ཚོས་ལྟ་ཡག་བལྟས་པ་དང་།
  • རྒན་ལགས
    དེ་བར་ལ་ཡར་ཡག་པོ་རེ་ཞིག་མ་བྱུང་པ་དང་དེ་འདྲས་ཀྱིས།
  • རྒན་ལགས
    གཙང་སྦྲ་ཡག་པོ་མ་བྱུང་པ་སོགས་པ་དེ་འདྲས་ཀྱི་གནས་ཚུལ་བྱུང་སོང་ན།
  • རྒན་ལགས
    ཡང་དེར་ཉེས་འཆད་ཡོད་ཟེར།
  • རྒན་ལགས
    བྱས་ཙང་འོང་དེ་སོང་ཙང་ང་རང་ཚོ་ཚང་མས་དོ་སྣང་བྱས་བྱས།
  • རྒན་ལགས
    གཟའ་ལྷག་པའི་ཉིན་མོ་དེའི་༼དེར་༽ཡོངས་རྫོགས་ལོགས།
  • རྒན་ལགས
    ལོ་ཆུང་བ་ཡོངས་རྫོགས་ལོགས་ཕེབས་རོགས་གནང་ཟེར།
  • རྒན་ལགས
    དེ་གཅིག་རེད།
  • རྒན་ལགས
    ད་དེ་ནས་འོང་་་་་དེ་གཅིག་འདུག
  • རྒན་ལགས
    འོང་་་་ད་ལྟ་དེའི་ནང་ལ་བཞུགས་མཁན་ཚོས་ལྷག་པར་དུ་དོ་སྣང་གནང་དགོས་ཡག་གཅིག་འདུག
  • རྒན་ལགས
    ད་འདི་ག་རེ་འདུག་ཟེར་ན།
  • རྒན་ལགས
    ང་ཚོ་འདིའི་ནང་ལ་ཡར་འོང་་་་་དེ་གད་སྙིགས་བླུག་ས་བཟོས་ཡོའོ་༼ཡོད༽་རེད།
  • རྒན་ལགས
    ཡིན་ནའི་ལས་༼ཡིན་ནའང་༽དེ་ཡར་གད་སྙིགས་བླུག་གནང་མཁན་མིན་འདུག།
  • རྒན་ལགས
    ད་མིན་འདུག་ཟེར་ཞུས་ན་ནི་འགྲིག་གི་མ་རེད།
  • རྒན་ལགས
    ད་ངས་ལྟ་དུས་སྒང་ནས་གད་སྙིགས་མང་ཆད་༼མང་ཆེ་བ༽ད་གའི་སྒོ་འགྲམ་ད་ཤ་སྟག་སྤུངས་བཞག་གིས།
  • ཨ་མ་ལགས
    གནོངས་སོ།
  • རྒན་ལགས
    འོང་་་་དེ་བྱས་པ་ཡིན་ན།
  • རྒན་ལགས
    ཁྱེད་རྣམ་ཚོའི་་་་་་འོང་ག་རེ་རེད་ཟེར་ན་མིས་བལྟས་ནའི་ལས་ལན་པོ་ཡོད་མ་རེད།
  • རྒན་ལགས
    མདུན་དེ་ལ་ཡར་སྙིང་རྗེ་མོ་རེ་ཞིག་བྱས་པ་མ་གཏོགས་རྒྱབ་ལོགས་ལ་ཁོང་ཚོ་ཛོར་པོ་༼བཙོག་པ༽འདུག་ཟེར་གྱི་རེད།
  • རྒན་ལགས
    བྱས་ཙང་ག་དེའི་སྒང་དེ་ལ་གཙང་སྦྲའི་ལས་ཁུངས་ཀྱི་ད་བར་ལ་ཅིག་གིས།
  • རྒན་ལགས
    འཕྲོད་བསྟེན་སྐོར་ལ་ལྟ་ཞིབ་བྱེད་མཁན་དང་ཅི་དག་བྱས་པ་བྱུང་ན།
  • རྒན་ལགས
    དེས་ཀྱང་གཉིས་ནས་ང་ཚོར་ཉེས་པ་བཟེད་རྒྱུ་གཏན་འཁེལ་རེད།
  • རྒན་ལགས
    བྱས་ཙང་ཁྱེད་རང་ཚོས་དེར་བཞུགས་མཁན་ཡིན་པ་དེ་ཚོས།
  • རྒན་ལགས
    སོ་སོའི་ནང་མི་བུ་ཕྲུག་གང་ག་༼ཚང་མར་༽ལ་ཡར་སློབ་གསོ་ཡག་པོ་བསྐྱོན་བྱས།
  • རྒན་ལགས
    ཁོང་ཚོར་ལ་ཡར་གཏིང་སྐུལ་ཡག་པོ་བཏང་གནང་བྱས།
  • རྒན་ལགས
    ཡིན་གཅིག་མིན་གཅིག་གད་སྙིགས་དེ་བླུག་སའི་ནང་ལ་བླུག་རོགས་གནང་ཟེར།
  • རྒན་ལགས
    འདུག་ཟེར་༼འདི་འདྲ་ཟེར་༽ཕར་མངགས་རོགས་གནང་།
  • རྒན་ལགས
    གཅིག་གིས་གཅིག་ལ་ཡར་ཕར་བརྡ་ཡག་པོ་སྤྲད་རོགས་གནང་།
  • བུ་མོ
    ལེ་སེ།
  • རྒན་ལགས
    འོང་་་་དེ་གཅིག་རེད།
  • རྒན་ལགས
    ད་དེ་ནས་དེ་ཤག་པུ་གུ་ཆུང་བ་དེ་ཚོ་བུ་་་་བུ་དེ་ཚོ་བྱིས་ཏོག་ཚོ།
  • རྒན་ལགས
    ད་ལྟ་འཚུབ་པོ་ཞེ་དྲག་༼ཧ་ཅང་༽ཡོད་རེད།
  • རྒན་ལགས
    ཡང་ལས་ཁུངས་ནང་ལོགས་ཀྱི་ཁག་གཅིག་གིས་ཤེལ་སྒོ་བཅག་བྱས།
  • རྒན་ལགས
    རྡོ་གཞུ་རེས་བཏང་བྱས།
  • རྒན་ལགས
    ད་རྐང་བཙུགས་ནས་བཅག་པ་མ་རེད་དའི་པུ་གུ་རྡོ་གཞུ་རེས་བཏང་བྱས།
  • རྒན་ལགས
    རྡོ་བཞུས་བྱས་ཨ་ནི་ཤེལ་སྒོ་ཤེལ་སྒོ་དེ་འདྲས་༼དེ་འདྲ་༽བཅག་བཞག
  • རྒན་ལགས
    དེ་བྱེད་དུས་ཤེལ་སྒོ་བཅག་དེ་འདྲས་བྱས་པ་ཡིན་ན།
  • རྒན་ལགས
    ད་ཤེལ་སྒོ་རང་ད་ཨ་ལས་ཨེན་་་་་ང་རང་ཚོས་བཅག་ནའི་ཡའི་༼ཡང་༽ཡར་གསར་པ་འགར་༼འགེལ་༽ཆོག་གི་རེད་དའི།
  • རྒན་ལགས
    ཡང་ཤེལ་སྒོ་བཅག་དེ་བར་ལ་སྐྱོན་ཆག་བྱུང་ན།
  • རྒན་ལགས
    མིའི་མགོ་ལ་ཡར་རྡོ་ཐེབས་པ་སོགས་པ།
  • རྒན་ལགས
    ཤེལ་སྒོ་ཐེབས་པ་སོགས་པ།
  • རྒན་ལགས
    ཞེ་དྲག་༼མང་པོ་༽བྱས་ན་ཡག་པོ་ཡོད་མ་རེད་པཱ།
  • རྒན་ལགས
    བདེ་འཇགས་ཐོག་ལའི་ཡར་ཡག་པོ་་་་་།
  • རྒན་ལགས
    འདི་ཁྱེད་རྣམ་ཚོས་ཡང་འོང་་་་ཁྱིམ་བདག་ཚོ་ཡིན་ནའི་པུ་གུ་ལ་ཡར་སློབ་གསོ་ཡག་པོ་སྐྱོན་སྐྱོན་དགོས་ཡག།
  • རྒན་ལགས
    འདི་དུས་རྒྱུན་དུ་སྐྱོན་དགོས་ཡག་དེ་གལ་ཆེན་པོ་ཞེ་དྲག་༼ཧ་ཅང་༽འདུག་ཟེར་འོང་དེ་གཅིག་ཞུ་ཡག་ཡིན།
  • རྒན་ལགས
    ད་དེ་ནས་འོང་་་་བཟའ་ཕུར་པོའི་ཉིན་མོ་དེའི་ཡར་འོང་་་་འདི་གནང་རྒྱུ་ཡིན།
  • རྒན་ལགས
    ང་རང་ཚོ་ཚན་པ་ཁག་སོ་སོ་ཨ་ནི་་་་སློབ་སྦྱོང་གནང་རྒྱུ་རེད་བཞག
  • རྒན་ལགས
    གཙོ་བོ་ཁོ་རིམ་པ་གོང་མའི་འོང་་་་་འདི་ག་རེ་རས༼རེད་དམ་༽།
  • རྒན་ལགས
    དེ་ཤག་གི་༼དེང་སང་གིའི་༽ཨ་ནི་འོང་་་་་་བཀའ་བཀོད་གཞིར་བཟུང་བྱེད་བྱས།
  • རྒན་ལགས
    གནང་བྱེད་གསུམ་དང་དེ་ནས་མཚོན་བྱེད་གསུམ་གྱི་སྐོར་ལ།
  • རྒན་ལགས
    འོང་་་དེ་དེ་ཤག་ཨ་ནི་གཙོ་དོན་རེ་ཞིག་བྱས་བྱས་༼བྱས་ནས་༽ང་རྣམ་ཚོས་ཚན་པ་ཁག་སོ་སོ་ནས།
  • རྒན་ལགས
    འོང་་་་སློབ་སྦྱོང་གནང་སློབ་སྦྱོང་གནང་པའི་གཞུག་ལ་ཡར།
  • རྒན་ལགས
    གཞུག་གུར་༼རྗེས་ལ་༽ཡར་ག་རེ་རས་༼རེད་དམ་༽ཟེར་ན།
  • རྒན་ལགས
    འོང་་་ཡང་མི་སོ་སོའི་འོང་་་་་ཅིག་གི་འཆར་སྣང་རེ་པོ་ག་རེ་ཡོད་རས༼རེད༽།
  • རྒན་ལགས
    སོ་སོའི་འོང་་་་མྱོང་ཚོར་རེ་དེ་ག་རེ་ཡོད་རས༼རེད༽།
  • རྒན་ལགས
    དེ་ཡང་ཉི་མ་གཅིག་ཚུར་ཟུར་དུ་ཟུར་དུ་ཚོགས་འདུ་འཚོག་བྱས།
  • རྒན་ལགས
    ཨེན་་་་དེའི་ཉི་མོ་དེར་ག་རེ་ཟེར་པས་ནི་་་
  • རྒན་ལགས
    ད་ལྟ་འོང་་་་བཟའ་མིག་དམར་གྱི་ཉི་མ་༼མོ་༽དེར་ཡར་འོང་་་་་
  • རྒན་ལགས
    དེའི་གཞུག་གུའི་མིག་དམར་གྱི་ཉི་མོ་དེའི་ཡར།
  • རྒན་ལགས
    ཨ་ནི་་་་་་་ཡུལ་་ཡུལ་་་་ང་རྣམ་ཚོ་ཚན་པ་ཁག་ཁག་བྱས།
  • རྒན་ལགས
    ཨ་ནི་དེ་སྐོར་ལ་ཆེད་མངགས་འོང་་་་་སློབ་སྦྱོང་གནང་པའི་དེ་མྱོང་ཚོར་སྐོར་དེ།
  • རྒན་ལགས
    གྲོས་བསྡུར་བྱེད་ཡག་ཅིག་ཡིན་ཟེར།
  • རྒན་ལགས
    དེ་ང་ཚོ་ཕྱོགས་བསྡོམ་བྱེད་བྱས་ཡང་ཡར་འོང་་་་་ཞུ་་་ཞུ་དགོས་ཀྱིས།
  • རྒན་ལགས
    ཡང་ཕྱོགས་བསྡོམ་གྱི་གནས་ཚུལ་དེ་ཡར་ཞུ་དགོས་ཀྱིས།
  • རྒན་ལགས
    ག་རེ་ག་རེ་བྱས་ཡོད་མེད། དེ་གྱད་དེ།
  • རྒན་ལགས
    འདི་གཅིག་རེད་བཞག
  • རྒན་ལགས
    ད་དེ་ནས་འོང་་་་་་ད་དེ་ནས་གཅིག་ཞུ་ཡག་འདུག
  • རྒན་ལགས
    དེ་གྱད་དེ་གོང་གི་དེ་གྱད་དེ་ཨ་ལས་བཟའ་ཟླ་བ་ནས་རྩིས་པ་ཞིག་གིས།
  • རྒན་ལགས
    ལས་ཀའི་རོག་ཙམ་ཞིག་བཀོད་སྒྲིག་དང་དེ་གྱས་བྱས།
  • རྒན་ལགས
    དེ་ནས་བཟའ་པ་སངས་ཀྱི་ཉིན་མོར་དེའི་ཡར་ང་ཚོ་ལས་ཁུངས་ཀྱི་་་་གླིང་ཁ་ཞིག་བཏང་ཡག་ཡིན་ལ།
  • རྒན་ལགས
    ད་པ་སངས་དང་སྤེན་པ་ཟེར་བྱས།
  • རྒན་ལགས
    སྤེན་པ་ལས་དེ་རེད་པཱ།
  • རྒན་ལགས
    འོང་ངལ་གསོ་རེད་པཱ།
  • རྒན་ལགས
    དེ་སོང་ཙང་གཅིག་གླིང་ཁ་གཅིག་བཏང་ཡག་ཡིན།
  • རྒན་ལགས
    གླིང་ཁ་གཅིག་བཏང་ཡག་སོང་ཙང།
  • རྒན་ལགས
    ད་འདི་དེ་འདྲས་༼དེ་འདྲ་༽ཟེར་བྱེད་རྒྱུ་བྱས་སོང།
  • རྒན་ལགས
    འོང་ད་ང་རང་ཚོའི་འདི་གླིང་ཁ་བཏང་ཡག་ལ་དེ་ལས་ཁུངས་ནས་འགྲོ་སོང་བཏང་འགང་དགའ་༼ཚང་མ་༽ལོའོ།
  • རྒན་ལགས
    གྲ་སྒྲིག་དེ་ནོར་བུ་གླིང་ཁར་བྱས།
  • རྒན་ལགས
    དེ་ཀྱས་དེ་༼དེ་རྣམས་༽ད་གང་ལྟར་མཆོད་ཡག་རེད།
  • རྒན་ལགས
    ག་རེ་ཡིན་ནའི་༼ཡིན་ནའང་༽ལས་གསོལ་ཇ་ག་རེ་ཡིན་ནིའི་༼ཡིན་ནའང་མཆོད་ཆང་ག་རེད་ཡིན་ནའི་༼ཡིན་ནའང་༽
  • རྒན་ལགས
    དེ་ཀྱས་༼དེ་ཚོ་༽ཚང་མ་ལས་ཁུངས་ནས་གྲ་སྒྲིག་གནང་གི་རེད།
  • རྒན་ལགས
    ཨ་ནི་དུས་ཚོད་དེ་ཞོགས་ཀས་༼ཞོགས་པ་༽ཆུ་ཚོད་དགུ་དང་ཕྱེད་ཀར།
  • རྒན་ལགས
    ཚང་མ་ལོའོ་ལས་ཁུངས་ནང་འདའི་༼འདིར་༽འཛོམས་གནང།
  • རྒན་ལགས
    ཨ་ནི་དེ་ནས་ང་ཚོས་མོ་གྲྭ་བཏང་བྱས་༼བཏང་ནས་༽ཕར་བསྐྱལ་གི་ཡིན་ཟེར།
  • རྒན་ལགས
    འོང་ཡ་དེ་བྱས།
  • རྒན་ལགས
    ཨ་ནི་དེ་དུས་ཁྱེད་རྣམས་ཚོས་ད་གཙོ་བོ་རས་དེ་ག་རེ་གནང་དགོས་རས་༼རེད་དམ་༽ཟེར་ན།
  • རྒན་ལགས
    ཡང་ཕ་གིའི་གླིང་ཁའི་ནང་ལ་ཡ་གཅིག་ད་ཐོབ་བཀྱག་གོབ་བཀྱག་ལ་ཡ་ཆར་པ་ར་དེ་འདྲ།
  • རྒན་ལགས
    མ་ཙང་ང་ཚོ་གུར་བརྒྱབ་དེ་འདྲས་༼དེ་འདྲ་༽བྱེད་ཀྱི་རེད་དེ།
  • རྒན་ལགས
    ཡང་འཛོམས་འཛོམས་༼མཚམས་མཚམས་༽ལ་ཡང་ཁྱེད་རང་ཚོ་ནམ་བཟའ་༼ན་བཟའ་༽ཡག་པོ་བྱས་བཞེས་ཕེབས་ཤོག་མ་གཏོགས།
  • རྒན་ལགས
    ཡང་ཐོབ་བཀྱག་གོབ་བཀྱག་ལ་གྲང་མོ་བསྟན་བྱས་ན་ཡོང་གི་མ་རེད་པཱ།
  • རྒན་ལགས
    བྱས་ཙང་དེ་དེ་བྱས།
  • རྒན་ལགས
    ཨ་ནི་འོང་ཡག་ཤོས་བྱུང་ན་ཁྱེད་རྣམས་ཚོས་རྩེད་མོ་རྩེད་ཡག་རང་དེ་འདྲས་༼དེ་འདྲ་༽ཡོད་ན་ནང་སོ་སོ་ནས་བསྣམས་ཕེབས་རོགས་གནང།
  • རྒན་ལགས
    དེ་ལས་ཁུངས་ལ་ཡོའོ་༼ཡོད་༽མ་རེད།
  • རྒན་ལགས
    ཁྱེད་རྣམས་མ་ཆང་ཡོད་ན་ནི་མ་ཆང་བསྣམས་ཐད་རོགས་གནང།
  • རྒན་ལགས
    འོ་དེ་རེད།
  • རྒན་ལགས
    ཨ་ནི་དེ་ནས་ང་ཚོ་ལོ་ཆུང་བ་བུ་མོ་ཡིན་ན།
  • རྒན་ལགས
    འོང་དེ་ཡིན་ད་།
  • རྒན་ལགས
    ལོ་ཆུང་ང་གཙོ་བོ་ཞབས་ཞུ་གནང་རོགས་གནང།
  • རྒན་ལགས
    ཕར་ཚུར་ཨ་ནི་དེ་ཕར་སྐུ་མགྲོན་ཚོར།
  • རྒན་ལགས
    ད་ནང་ཁུལ་ལ་ད་ཞབས་ཞུ་གནང་དགོ་༼དགོས་༽ཡག་ཞེ་པོ་ཞེ་པོ་༼མང་པོ་༽ཡོའོ་༼ཡོད་༽མ་རེད།
  • རྒན་ལགས
    ཕྱི་ལོག་ནས་ཕེབས་མཁན་ར་དེ་འདྲས་༼དེ་འདྲ་༽བྱུང་སོང་ན་ཨ་ནི་ཞབས་ཞུ་གནང།
  • རྒན་ལགས
    གཅིག་གསོལ་ཇ་བཀྱག་མཆོད་ཆང་བཀྱག།
  • རྒན་ལགས
    བཞེས་ཏོག་བཀྱག་ག་རེ་བྱེད་དགོ་༼དགོས་༽ཀྱི་འདུག་ནའི་༼ན་ཡང་༽ཡང་ང་ཚོ་མི་འདང་གི་མ་རེད་པཱ།
  • རྒན་ལགས
    འོང་འདུག་ཟེར་༼འདི་འདྲ་ཟེར་༽གནང་རོགས་གནང་ཟེར།
  • རྒན་ལགས
    འོང་འདི་ད་དེ་རིང་གི་བྱེད་སྒོ་ར་པོ་དེ་ཀྱས་དེ་འོང་དེ་འདྲས་༼དེ་འདྲ་༽ཡིན།
  • རྒན་ལགས
    ཨ་ནི་ཚོགས་འདུ་གྲུབ་སོང།
  • ཨ་མ་ལགས
    གནོངས་སོ།
  • ཨ་ཅག་ལགས
    ལགས་སེ།
  • ཨ་མ་ལགས
    ཨ་ནི་ག་རེ་ཟེར་དགོ་༼དགོས་༽རས་༼རེད་དམ་༽ཕྱག་ཤོ་བསྐྱོན་མཁན་ཡོའོ་༼ཡོད་༽རེད་པས་ངའི་ནང་ལ་ཤོ་ཆས་ཡོད་པས་ནི།
  • རྒན་ལགས
    འོ་ཙིས་ཡོད་དང་ཡོད།
  • རྒན་ལགས
    སྐུ་རྩེད་གི་༼གྱིའི་༽རིགས་ག་རེ་ཡོད་ནའི་༼ཡོད་ནའང་༽བསྣམས་ཕེབས་ཅིག་ད།
  • ཨ་མ་ལགས
    ལགས་སེ་ཨ་ནི་ང་ཤོ་ཆས་གཅིག་འཁྱེར་ཡོང་གི་ཡིན་དང།
  • རྒན་ལགས
    ཡོང་ང།
  • ཨ་མ་ལགས
    ཨ་ནི་དེ་ནས་ད་དུང་བཀའ་འདྲི་ཞུ་ཡག་གཅིག་འདུག་གའི་ནི།
  • ཨ་མ་ལགས
    གཟའ་ལྷག་པའི་ཉིན་མོ་གཙང་སྦྲ་རེད་གསུངས་དུས་ཨ་ནི་གཙང་སྦྲའི་ལག་ཆ་ར་གཅིག་ཡང་ག་རེ་ཁིར་༼འཁྱེར་༽དགོ་༼དགོས་༽ཀྱི་ཡོད་ན།
  • ཨ་མ་ལགས
    དེ་པ་ལ་ལག་ཆ་ར་གཅིག།
  • རྒན་ལགས
    འོང་བསྣམས་ཐད་དགོ་མ་རེད་ལ།
  • ཨ་མ་ལགས
    གནོངས་སོ།
  • རྒན་ལགས
    དེ་ང་ཚོའི་ལས་ཁུངས་ལ་ཡོའོ་༼ཡོད་༽རེད་ལ་ཆ་ཚང།
  • ཨ་མ་ལགས
    གནོངས་སོ།
  • རྒན་ལགས
    དེའི་སྔན་ནས་༼སྔོན་ནས་༽ལྗགས་མ་ཟེར་ངན་འདྲ་པོ་ཕྱག་མ་ཟེར་ངན་འདྲ་པོ།
  • རྒན་ལགས
    དེ་ཚོ་ཁག་གཅིག་ང་ཚོས་ད་དེའི་སྔན་ལ་ཉོས་བྱས་བཞག་ཡོའོ་༼ཡོད་༽རེད།མ
  • རྒན་ལགས
    ད་བར་དེ་བག་ལ་ཏིས་ཙ་ཏིས་ཙ་༼ཏོག་ཙམ་༽བརླག་འགྲོ་གིས་ཏའི་༼སྟེ༽
  • རྒན་ལགས
    ད་བྱས་ནའི་ལས་ད་ལྟ་ཏས་ཙ་༼ཏོག་ཙམ་༽བཏོན་ཡག་ཡོད།
  • ཨ་མ་ལགས་དང་ཨ་ཅག་ལགས
    ལགས་སེ།
  • རྒན་ལགས
    མང་པོ་ཡོད་དེ་བསྣམས་ཐད་དགོ་ཡང་ཡར་ནས་མར་བྱབ་ལྟ་ཁག་པོ་ཞེ་དྲག་༼ཧ་ཅང་༽ཡོའོ་༼ཡོད་༽རེད།
  • ཨ་མ་ལགས
    གནོངས་སོ།
  • རྒན་ལགས
    འོང་འདུག་ཟེར་གནང་རོགས་གནང།
  • རྒན་ལགས
    ད་ཡིན་ནའི་ལས་༼ཡིན་ནའང་༽ནམ་བཟའ་༼ན་བཟའ་༽ཅི་དག་ཡང་བརྗེད་བྱས་ཕེབས་མ་གཏོགས།
  • རྒན་ལགས
    ཡང་དེ་ཕར་བག་ཐལ་ལ་དང་གཅིག་དང་བྱས་བྱས་༼བྱས་ནས་༽འདི་གནང་གི་རེད།
  • རྒན་ལགས
    བཙོག་པ་བཟོ་གི་རེད།
  • རྒན་ལགས
    འོ་ཡ།
  • རྒན་ལགས
    ད་ལྷན་རྒྱས་ཚོར་ག་རེ་ཡོའོ་༼ཡོད་དམ་༽དགོངས་ཆར།
  • ཨ་མ་ལགས་དང་ཨ་ཅག་ལགས
    གླིང་ཁའི་ཉིན་མོ་པུ་གུ་འཁྲིད་ན་ཡོང་གི་རེད་པས་ལ།
  • རྒན་ལགས
    འོང་ཡོང་གི་རེད་ཡོང་གི་རེད།
  • ཨ་མ་ལགས་དང་ཨ་ཅག་ལགས
    འོང་ལགས་སེ།
  • རྒན་ལགས
    པུ་གུ་འཁྲིད་ཕེབས་ཤོག།
  • ཨ་མ་ལགས་དང་ཨ་ཅག་ལགས
    ལགས་སེ་ལགས་སེ།
  • རྒན་ལགས
    སྣང་དག་ཡོའོ་༼ཡོད་༽མ་རེད་ཨ་ནི་གུ་ཡང་ཡང་དང།
  • རྒན་ལགས
    བྱས་ཁྱེད་རྣམས་ཚོ་ནང་མི་ཚོ་པུ་གུ་འཁྲིད་ཡག་ཡོད་ན་པུ་གུ་འཁྲིད་ཕེབས་ཤོག།
  • ཨ་མ་ལགས
    ལགས་འོང།
  • ཨ་མ་ལགས་དང་ཨ་ཅག་ལགས
    ལགས་སེ།
  • ཨ་མ་ལགས
    གསོལ་ཇའི་ཞལ་དཀར་འཁྱེར་དགོ་གི་ཡོད་ན་མེད་ན།
  • ཨ་མ་ལགས
    བཀའ་འདྲི་གཅིག་གནང་དང།
  • ཨ་མ་ལགས་དང་ཨ་ཅག་ལགས
    ལགས་སེ།
  • ཨ་མ་ལགས་དང་ཨ་ཅག་ལགས
    རྒན་ལགས་གསོལ་ཇའི་ཞལ་དཀར་འཁྱེར་ཡོང་དགོ་༼དགོས་༽རས་༼རེད་དམ་༽ག་རེ་བྱེད་དགོ་༼དགོས་༽རས་༼རེད་དམ།་༽
  • རྒན་ལགས
    ད་ལྟོས་ཨ་ཞལ་དཀར་་་་་་་་་་
  • རྒན་ལགས
    ཁྱེད་རྣམས་ཚོ་ད་མིའི་སོ་སོ་སོ་འདོད་མོས་བྱས་བྱས་༼བྱས་ནས་༽བསྣམས་ཕེབས་ནའི་༼ཡང་༽ཕེབས་ཤོག་ཡང།
  • རྒན་ལགས
    གཙང་མ་བྱས་ཡག་པོ་ཡོའོ་༼ཡོད་༽རེད།
  • རྒན་ལགས
    ཤན་མ་གཙང་ང་ཚོས་འདའི་༼འདིར་༽འགང་དགའ་༼ཚང་མ་༽གྷི་ལ་སི་གྲ་སྒྲིག་བྱས་ཡོའོ་༼ཡོད་༽རེད།
  • རྒན་ལགས
    ཞལ་དཀར་བྱས།
  • ཨ་མ་ལགས་དང་ཨ་ཅག་ལགས
    ཨ་ནི་ཞལ་ཏོག་བཟོ་འདྲ་དེ་འདྲས་༼དེ་འདྲ་༽སོ་སོས་འཁྱེར་ཡོང་དགོ་༼དགོས་༽རེད་པས།
  • རྒན་ལགས
    ཞལ་ཏོག་བསྣམས་ཕེབས་ཤོག་ཞལ་ཏོག་བསྣམས་ཕེབས་ཤོག་ཡང་ཞལ་ཏོག་དེ་སོ་སོ་སོ་ཚོས་ཏས་ཙ་༼ཏོག་ཙམ་༽བསྣམས་ཕེབས་དང་ཡང་ཕུན་སུམ་ཚོགས་པ་ཡོང་གི་རེད།
  • ཨ་མ་ལགས་དང་ཨ་ཅག་ལགས
    རེད་པ་ལ་འོ་རེད།
  • རྒན་ལགས
    རང་མོས་བྱས་བསྣམས་ཕེབས་ཤོག།
  • ཨ་མ་ལགས་དང་ཨ་ཅག་ལགས
    འོ་རེད།
  • རྒན་ལགས
    ཨ་ནི་ཡོད་ཡག་དེ་ཀྱས་༼དེ་ཚོ་༽ང་ཚོ་དེ་ནས་ཚང་མ།
  • རྒན་ལགས
    ཞལ་ཏོག་དང་འགང་དགའ་༼ཚང་མ་༽ད་སྣེ་ཁ་འཛོམས་པོ་ཟེར་དེ་འདྲས་༼དེ་འདྲ་༽ཞེ་པོ་༼ཧ་ཅང་༽ཡོང་གི་མ་རེད་ད་ད་ཡོད་པ་རང་དེ་ཀྱས།
  • ཨ་མ་ལགས་དང་ཨ་ཅག་ལགས
    ལགས་སེ།
  • རྒན་ལགས
    ཨའུ་ཙ་༼ཙམ་༽ཨའུ་ཙ་ར་གཅིག་ཡོའོ་༼ཡོད་༽རེད།
  • ཨ་མ་ལགས་དང་ཨ་ཅག་ལགས
    ལགས་སེ།
  • རྒན་ལགས
    ཡིན་ནའི་ཏས་ཙ་༼ཏོག་ཙམ་༽་འདི་ལས་ཡང་མིའི་སྣམ་པ་མི་འདྲ་ར་གཅིག་ཕུན་སུམ་ཚོགས་པ་ཡོང་ཡག་ར་གཅིག།
  • རྒན་ལགས
    ཡང་གཅིག་བསྣམས་ཕེབས་ནའི།
  • ཨ་མ་ལགས
    གནོངས་སོ།
  • ཨ་མ་ལགས་དང་ཨ་ཅག་ལགས
    འོ་རེད།
  • ཨ་མ་ལགས་དང་ཨ་ཅག་ལགས
    ཚ་བ་ཡོའོ་༼ཡོད་༽པཱ་ལ།
  • རྒན་ལགས
    རེད།
  • ཨ་མ་ལགས་དང་ཨ་ཅག་ལགས
    འོ་རེད་ལ།
  • རྒན་ལགས
    འོང་་ཕྱེད་ཀར་འདའི་༼འདིར་༽ཏག་ཏག་ཕེབས་ཤོག།
  • ཨ་ཅག་ལགས
    ལགས་སེ།
  • རྒན་ལགས
    དེ་ནས་མོ་གྲྭ་ཐོན་གྱི་རེད་པ་ལ།
  • ཨ་མ་ལགས་དང་ཨ་ཅག་ལགས
    ཨ་ནི་ང་ཚོ་ཤར་རྒྱག་མར་ཕྱིན་ནའི་༼ནའང་༽འགྲིག་གི་རེད་པས་ལ་དགུ་དང་ཕྱེད་ཀར་ལ།
  • ཨ་ཅག་ལགས
    ཆུ་ཚོད་དགུ་དང་ཕྱེད་ཀར་འདའི་༼འདིར་༽ལས་ཁུངས་ལ་སྒུག་རྒྱུ་རེད་རེད་པ་ལ།
  • རྒན་ལགས
    འགྲིག་གི་རེད་འགྲིག་གི་རེད་ལ།
  • ཨ་མ་ལགས་དང་ཨ་ཅག་ལགས
    ནོར་བུ་གླིང་ཁར་རེད་པ་ལ།
  • རྒན་ལགས
    ནོར་བུ་གླིང་ཁར་རང་རེད།
  • ཨ་མ་ལགས
    ལགས་ལགས་སེ།
  • རྒན་ལགས
    ད་ལྟ་འདི་ཡོད་པ་སྤྱན་གསལ་ཕོ་བྲང།
  • ཨ་མ་ལགས་དང་ཨ་ཅག་ལགས
    འོང་ལ།
  • རྒན་ལགས
    སྤྱན་གསལ་ཕོ་བྲང་གི་མདུན་འདའི་༼འདིར་༽ཡག།
  • རྒན་ལགས
    རྒྱ་ཆེན་པོ་གཅིག་མེད་པས།
  • ཨ་མ་ལགས
    འོང་འོང།
  • རྒན་ལགས
    ལྷ་མོ་འཁྲབ་ས་་གཅིག།
  • ཨ་མ་ལགས་དང་ཨ་ཅག་ལགས
    འོང་ལ།
  • རྒན་ལགས
    འོང་འདའི་༼འདིར་༽
  • ཨ་མ་ལགས
    འདི་དྲིསཔའི་ཡག་པོ་བྱས་འདི་ཡག་པོ་གཅིག་བྱུང་སོང།
  • རྒན་ལགས
    འདའི་༼འདིར་༽གཏན་འཁེལ་སོང།
  • ཨ་མ་ལགས
    གནོངས་སོ།
  • རྒན་ལགས
    ཁོང་ཚོ་སང་ཉིན་ནས་ཁོང་ཚོ་ཕ་གའི་ཡར་བྱ་གཡབ་བརྒྱབ་ས་བྱས་གུར་བརྒྱབ་བྱེད་གི་ཡིན་ཟག།
  • རྒན་ལགས
    ཁོང་ཚོ་ཁག་གཅིག་བཏང་བཞག་ཡོད།
  • ཨ་མ་ལགས་དང་ཨ་ཅག་ལགས
    འོང་ལ།
  • རྒན་ལགས
    འོང་ད་ད་ག་ཡིན།
  • ཨ་མ་ལགས
    མཆོད་ཆང་ཏས་ཙ་༼ཏོག་ཙམ་༽གཟིགས་གནང་ན་ཡག་པོ་ཡོའོ་༼ཡོད་༽རེད་ད།
  • རྒན་ལགས
    མཆོད་ཆང་ཡོད་ལ།
  • ཨ་མ་ལགས
    ཡོའོ་༼ཡོད་༽རེད་པས་ལ།
  • ཨ་མ་ལགས
    གནོངས་སོ།
  • རྒན་ལགས
    མཆོད་ཆང་ཡོད། མངར་མོ་མཆོད་ན་མངར་མོ་ཡོད་གར་པོ་མཆོད་ན་གར་པོ་ཡོད།
  • ཨ་མ་ལགས
    གནོངས་སོ།
  • རྒན་ལགས
    ཁ་སྦུག་མཆོད་ན་ཁ་སྦུག་ཡོད།
  • རྒན་ལགས
    འོ་ཡ་ད་སྐྱུར་མོ་མེད།
  • ཨ་མ་ལགས
    འོ་ད་སྐྱུར་མོ་ཞུ་ཐུབ་པ་མིན་འདུག།
  • ཨ་མ་ལགས་དང་ཨ་ཅག་ལགས
    གསོལ་ཇ་མངར་མོ་དང་བོད་ཇ་གཉིས་ཀ་གྲ་སྒྲིག་བྱས་ཡོའོ༼ཡོད་༽རེད་པས་ལ།
  • རྒན་ལགས
    གཉིས་ཀ་ཡོད་གསོལ་ཇའི་རྩིས་གཞི་དེ་སྣང་དག་མེད།
  • ཨ་མ་ལགས་དང་ཨ་ཅག་ལགས
    ཡག་པོ་འདུག་བྱས་ཙང།
  • རྒན་ལགས
    ད་ག་རེ་ཡོད།
  • ཨ་མ་ལགས་དང་ཨ་ཅག་ལགས
    ད་གའི་མེད།
  • ཨ་མ་ལགས
    ད་ག་མ་རེད་པས།
  • ཨ་མ་ལགས་དང་ཨ་ཅག་ལགས
    འོ་ད་ད་ག་རེད།
  • རྒན་ལགས
    ད་དེ་ནས་དེའི་གཞུ་གུ་༼རྗེས་ལ་༽་འདའི་ཡག་ང་ཚོས་ཀོང་པོར་གཅིག་ཕེབས་དགོས་ཀྱི་འདུག་ག་ལ་ཕལ་ཆེར།
  • ཨ་མ་ལགས
    འོང་ལ།
  • རྒན་ལགས
    ་ཁྱེད་རང་ཕེབས་དགོ་༼དགོས་༽་བྱས་པ་ཡིན་ན་ཁྱེད་རྣམས་གཉིས་ནས་གཅིག་ཕེབས་དགོ་བྱེད་པ།
  • ཨ་མ་ལགས་དང་ཨ་ཅག་ལགས
    གཟའ་འཁོར་རྗེས་མ་རེད་པ།
  • རྒན་ལགས
    དེའི་རྗེས་མ་རེད།
  • ཨ་མ་ལགས་དང་ཨ་ཅག་ལགས
    ག་དུས་ཁེས་གི་ཡོད་ན།
  • རྒན་ལགས
    གཟའ་འཁོར་རྗེས་མ།
  • ཨ་མ་ལགས་དང་ཨ་ཅག་ལགས
    གཟའ།
  • རྒན་ལགས
    གཟའ་ཚེས་དེ་བག་༼དེའི་བར་༽ལ་ཚེས་པ་བཅུ་གཉིས་ལ་ཁེས་གི་མེད་འགྲོ།
  • ཨ་མ་ལགས་དང་ཨ་ཅག་ལགས
    བཅུ་གཉིས་ཟེར་དུས་ཙ་ནས་གཟའ་པ་སངས་ཁེས་ཉན་བཟོ་འདྲ་བྱེད་ཀྱི་འདུག་ག་མ་རེད་པས།
  • རྒན་ལགས
    གཟའ་འཁོར་རྗེས་མ་རེད་ཟག།
  • ཨ་མ་ལགས་དང་ཨ་ཅག་ལགས
    འོང་ད་འདི་འདྲས་༼འདི་འདྲ་༽་ཡིན་ན་ཡང་ང་དགོངས་པ་གཅིག་ཞུ་དགོ་༼དགོས་༽འཁེལ་གི་རེད།
  • ཨ་མ་ལགས་དང་ཨ་ཅག་ལགས
    ད་ངའི་སྤུན་བཀྱག་འོག་མ་ཆང་ས་རེད་པ་ལ།
  • རྒན་ལགས
    འོང་འོང།
  • ཨ་མ་ལགས་དང་ཨ་ཅག་ལགས
    ཆང་ས་ཡིན་ལ་ཨ་ནི་ཆང་ས་སོང་ཙང་ཡང་ཨ་ལ་ང་རོགས་པ་རྐང་ར་གཅིག་བྱེད་དགོ་༼དགོས་༽རེད་པ།
  • རྒན་ལགས
    འོང།
  • ཨ་མ་ལགས་དང་ཨ་ཅག་ལགས
    འོང་འདི་སོང་ཙང་ཨ་ནི་འདི་རྒན་ལགས་ལ་དགོངས་པ་གཅིག་བཞེས་རོགས་གནང་ཞུ་གི་ཡིན།
  • རྒན་ལགས
    འོང་འོང་ལ།
  • རྒན་ལགས
    ད་བྱས་ན་དེ་འདྲས་གནང་ད་དེ་མིའི་གལ་ཆེན་པོ་རེད་ཡང་མིའི།
  • རྒན་ལགས
    དེ་འདྲས་༼དེ་འདྲ་༽སོང་ཙང་ཁྱེད་རྣམས་གཉིས་རྗེས་པོ་བཀྱོན།
  • རྒན་ལགས
    ཁྱེད་རང་ཐད།
  • ཨ་ཅག་ལགས
    ལགས་སེ།
  • རྒན་ལགས
    ཐད་གཙོ་བོ་མ་གའི་༼གིར་༽ཡ་ག་རེ་གནང་རྒྱུ་རས་༼རེད་དམ་༽ཟེར་ན་མ་གའི་དམངས་ཚོགས་རྒྱུ་རྩལ་གཅིག་ཡོའོ་༼ཡོད་༽རེད།
  • རྒན་ལགས
    ང་རང་ཚོ་དེའི་གོང་ལ་ཡ་ཏིས་ཙ་ཏིས་ཙ་༼ཏོག་ཙམ་༽འབྲེལ་བ་ཡོའོ་༼ཡོད་༽རེད།
  • རྒན་ལགས
    བྱས་ཙང་དེའི་སྐོར་ལ་ཡ།
  • རྒན་ལགས
    དམངས་ཚོགས་རྒྱུ་རྩལ་དེ།
  • རྒན་ལགས
    དེའི་གོང་ལ་ཁོང་ཚོ་མ་གིའི་འདི།
  • རྒན་ལགས
    གསར་པ་བཙུགས་འགྲོའོ་སོང་ཙང་ད་ལྟ་མང་ཆེ་བ་གཅིག་གིས་གནས་ཚུལ་སྒྲིག་གཞིའི་ཐོག་ལ་གནས་ཚུལ་གསལ་པོ་ཞེ་དྲག་༼ཧ་ཅང་༽མི་འདུག།
  • རྒན་ལགས
    དེ་གང་འདྲས་༼གང་འདྲ་༽ར་གཅིག་ཕ་གའི་ཡ་མིའི་སྐོར་རེད་དེ་ནས་ཁོང་ཚོའི་དམངས་ཚོགས་གིས་ཨ་ནི་རྒྱུ་རྩལ་སྐོར་གི་རྣམས་གྲངས་ར་དེ།
  • རྒན་ལགས
    གང་འདྲས་འདུག།
  • རྒན་ལགས
    ད་བཞག་༼དེང་སང་༽ག་རེ་བྱེད་སྒོ་ར་ག་རེ་སྤེལ་གི་༼གྱི་༽ཡོད་མེད།
  • རྒན་ལགས
    འོང་དེ་འདྲས་སྐོར་གི་༼གྱི་༽དེ་ཏས་ཙ་༼ཏོག་ཙམ་༽ཞིབ་འཇུག་ར་གཅིག།
  • རྒན་ལགས
    བཟོ་འདྲ་ད་ག་རེ་ཟེར་དགོ་༼དགོས་༽རས་༼རེད་དམ་༽བརྟག་དཔྱད་གཅིག་བལྟས་བྱས།
  • རྒན་ལགས
    ཁོང་ཚོ་དང་སྐད་ཆ་བྱས་ང་ཚོས་ཡང་དེ་ནས་མར་མི་བཏང་དགོ་ཡག་རག་འདུག་གས་འདི་བྱས།
  • རྒན་ལགས
    འདི་སྔན་མ་ང་ཚོ་སྐད་ཆ་གཅིག་ཡོའོ་༼ཡོད་༽རེད།
  • རྒན་ལགས
    ཡ་ནས་མར་གོང་ནས་ཨ་ནི་ཁོ་ཚོར་ཡག་འདུག་ཟེར་ཨ་ནི་འདི་བྱེད་དགོ་ཡོད་ཟེར།
  • རྒན་ལགས
    ཡང་འདི་ང་ཚོའི་འདི་ལས་ཕྱིན་པ་ཡིན་ན་ཡང་རྗེས་མག་ང་ཚོའི་ལས་འགན་འགྲུབ་མིན་འདུག་གསུངས་གི་རེད།
  • རྒན་ལགས
    དེ་གཙོ་བོ་ག་རེ་ཟག་བརྟག་དཔྱད་བྱས།
  • རྒན་ལགས
    ཁོང་ཚོ་བཙུགས་ནས་ད་བར་ལས་ཀ་ར་ཞིག་ག་རེ་བྱུང་འདུག།
  • རྒན་ལགས
    ད་དུང་བྱེད་དགོ་ཡག་ག་རེ་འདུག།
  • རྒན་ལགས
    ང་ཚོའི་ངོས་ནས་བྱས་ན་དེ་ནས་མར་ག་རེ་བྱེད་དགོ་གི་འདུག།
  • རྒན་ལགས
    འོ་འདི་འདི་བརྟག་དཔྱད་བྱེད་ཡག།
  • རྒན་ལགས
    གཙོ་བོ་འདི་རེད་ཨ་ནི་འདི་མཇུག་བསྡོམས་༼ཕྱོགས་བསྡོམས་༽ཟེར་དགོ་རས་༼རེད་དམ་༽
  • རྒན་ལགས
    སྤྱིད་བསྡུས་གི་བཟོ་འདྲ་གཅིག་བྲིས་བྱས།
  • རྒན་ལགས
    བྱུང་ན་ཡིག་ཐོག་ནས་ཡར་བྲིས་བྱས།
  • རྒན་ལགས
    འོང་ཁྱེད་རང།
  • ཨ་མ་ལགས་དང་ཨ་ཅག་ལགས
    རང་འགྲོ་ཐུབ་པ་འདུག་གས་༼གམ་༽།
  • ཨ་ཅག་ལགས
    ང་འགྲོ་ཐུབ་པ།
  • ཨ་ཅག་ལགས
    ཨ་ནི་རྒན་ལགས་མ་གའི་དུས་ཚོད་རིང་ལོས་འགོར་གི་༼གྱི་༽ཡོའོ་༼ཡོད་༽རས་༼རེད་དམ་༽
  • རྒན་ལགས
    ད་འདི་དུས་ཚོད་འདི་ཁྱེད་རང་གིས་འདི་བལྟ་རྒྱུ་རེད།
  • རྒན་ལགས
    གཙོ་བོ་འདི་གཙོ་བོ་དེ་ཀྱས་༼དེ་རྣམས་༽བལྟས་ཚར་ནི་བརྟག་དཔྱད་བྱས་དེའི་གནས་ཚུལ་བལྟས་གནས་ཚུལ་ལ་བརྟེན་བྱས་༼ནས་༽དེ་ཀྱས་དེ་ཨ་ནི་དེ་གཅིག་བྲིས།
  • རྒན་ལགས
    སྤྱི་བསྡུས་ཀྱི་ཡི་གེ་གཅིག་བྲིས་མཇུག་མཇུག་བསྡོམས་གཅིག་བརྒྱབ་བྱས་དེ་ཡི་གེ་གཅིག་བྲིས་ཡི་གེ་དེ་ང་ཚོར་ཡར་ཁེར་ཡོང་བྱས།
  • རྒན་ལགས
    ཡར་ཨ་ནི་རིམ་པ་གོང་མར་ཡར་རིག་གནས་ཐིང་ལ་ཡ་ཕུལ་དགོ་གི་ཡོའོ་༼ཡོད་༽རེད།
  • ཨ་ཅག་ལགས
    འོང་ལགས་སེ།
  • རྒན་ལགས
    འོང་འདུག་ཟེར།
  • ཨ་ཅག་ལགས
    ཨ་ནི་རྒན་ལགས་འགྲོ་དུས་དེ་ནས་མོ་གྲྭ་ཡོའོ་༼ཡོད་༽རས་༼རེད་དམ་༽
  • ཨ་ཅག་ལགས
    སོ་སོས་འགྲོ་རྒྱུ་རས་༼རེད་དམ༽་ཡང་ན།
  • རྒན་ལགས
    འོང་དེ་ནས་ཁོང་ཚོ་ད་ལྟ་འགྲོ་ཉན་མི་ཁ་ཤས་གཅིག་ཡོའོ་༼ཡོད་༽རེད་མར་འགྲོ་ཉན།
  • རྒན་ལགས
    ཁོང་ཚོ་མཉམ་པོ་ཕྱིན་ན་འགྲིག་གི་རེད་མ་གའི་༼གིར་༽།
  • རྒན་ལགས
    ཁོང་ཚོར་མོ་གྲྭ་འདི་གཅིག་ཡོའོ་༼ཡོད་༽རེད།
  • རྒན་ལགས
    འོང་མོ་གྲྭ་མི་དེ་ཕྱུར་པ་གཅིག་ཡོའོ་རེད་བཅུ་གཉིས་ར་གཅིག་ཕྱུར་པ་གཅིག་ཡོའོ་༼ཡོད་༽རེད།
  • ཨ་ཅག་ལགས
    འོང་ལགས་སེ།
  • རྒན་ལགས
    ཆེན་པོ་ཆེན་པོ་ཨ་འདྲས་༼དེ་འདྲ་༽
  • རྒན་ལགས
    ཨ་ནི་འདི་ཏོག་ཏོག་ར་གཅིག་ཡོའོ་༼ཡོད་༽རེད།
  • རྒན་ལགས
    དེ་ཁོང་ཚོས་གྲ་སྒྲིག་བྱེད་གི་ཡིན་གསུངས་པ་རེད།
  • རྒན་ལགས
    ཡ་ནས་ཨ་ནི་ཡར་ནས།
  • རྒན་ལགས
    བྱས་དེ་དུས་ཚོད་དེ་ག་དུས་ཐོན་གི་ཡོད་མིན་དེ་ང་ཚོས་སྐབས་འཕྲལ་ལ་ཡ་ཁ་པར་བརྒྱབ་བྱས་ཁྱེད་རང་ལ་ཡ་ལབ་ཆོག།
  • ཨ་ཅག་ལགས
    ལགས་སེ།
  • རྒན་ལགས
    རེད་པ།
  • རྒན་ལགས
    དེ་ང་ཚོ་འདུག་ཟེར་བྱས།
  • ཨ་མ་ལགས
    ཨ་ནི་ང་ཁ་སིང་༼ཁ་སང་༽འདའི་ག་རེ་ཞུ་དགོ་༼དགོས་༽རས་༼རེད་དམ་༽གནམ་གྲུ་ཐང་ལ་ཞོགས་ཀས་༼ཞོགས་པ་༽སྐུ་མགྲོན་གཅིག་ཕེབས་བསུར་རྒྱུགས་གསུངས་གི་འདུག་ག་ལ།
  • ཨ་མ་ལགས
    ད་དུས་ཚོད་ཁ་སིང་གསུངས་པ་ད་ག་ཡིན་ནའོ་༼ནམ་༽ཚེས་པ་བཅུ་ལ་རྒྱུག་གསུངས་ང་རེད་པ་ལ།
  • ཨ་མ་ལགས
    འགྱུར་ལྡོག་ཡོའོ་༼ཡོད་༽མ་རེད་པ་ལ།
  • རྒན་ལགས
    འགྱུར་ལྡོག་ཡོའོ་མ་རེད་ལ།
  • ཨ་མ་ལགས
    ལགས་སེ་ལགས་སེ།
  • རྒན་ལགས
    ད་དེ་འགྱུར་ལྡོག་མེད་ཁ་སང་འདའི་༼འདིར༽
  • རྒན་ལགས
    ད་ད་བཞག་༼དེང་སང་༽གཅིག་འདྲ་ཡང་ཁོང་ཚོས།
  • རྒན་ལགས
    གནམ་གྲུ་ཐང་རང་གིས་འདི་བྱེད་ཀྱི་འདུག་ག་ལ་འདི།
  • རྒན་ལགས
    འདི་ག་རེ་ཟེར་དགོ་༼དགོས་༽་རས་༼རེད་དམ་༽གནམ་གཤིས་ཡག་པོ་མིན་འདུག།
  • རྒན་ལགས
    ཐོབ་བཀྱག་གོབ་བཀྱག་ལ་འགྱུར་ལྡོག་ར་གཅིག།
  • རྒན་ལགས
    བབས་མ་ཐུབ་པའོ་བཟོ་འདྲ་དེ་འདྲས་ཕྱིན་པ་ཡིན་ན་ང་ཚོའི་འདི་འགྱུར་ལྡོག་གཅིག་ཡའི་༼ཡང་༽་ཡོའོ་མ་རེད།
  • རྒན་ལགས
    ད་གར་གཏན་འཁེལ་རེད།
  • ཨ་མ་ལགས་དང་ཨ་ཅག་ལགས
    ལའོ་སེ་ལ།
  • རྒན་ལགས
    འོང་འདུག་ཟེར་ཡིན།
  • ཨ་མ་ལགས་དང་ཨ་ཅག་ལགས
    འོང་ལགས་སེ།
  • རྒན་ལགས
    ད་གསལ་པོ་བྱུང་སོང་ངས།
  • ཨ་མ་ལགས་དང་ཨ་ཅག་ལགས
    གསལ་པོ་ཞེ་དྲག་༼ཧ་ཅང་༽བྱུང་སོང་ད།
  • རྒན་ལགས
    འོ་ཡ།
  • རྒན་ལགས
    ཨ་ནི་ཁྱེད་རྣམས་གཉིས་བརྗེ་པོ་བཀྱོན་རེད་པ།
  • རྒན་ལགས
    རེད་པ་ ཨ་ནི་ཡང་རྗེས་མ་ཁྱེད་རང་འདི་ལས་ཀ་ཡང་གཞན་པ།
  • རྒན་ལགས
    རྫ་དྲག་པོ་བྱུང་སོང་ན་ཡང་ང་ཚོ་འདུག་ཟེར་བརྗེ་པོ་བརྒྱབ་གིན་བརྒྱབ་གིན་བྱས་ན་འགྲིག་གི་རེད།
  • ཨ་ཅག་ལགས
    ལགས་སེ།
  • ཨ་མ་ལགས
    ལགས་འོང་རེད་ལ།
  • རྒན་ལགས
    མ་རས་༼རེད་དམ་༽།
  • ཨ་མ་ལགས་དང་ཨ་ཅག་ལགས
    ལགས་སེ།
  • ཨ་མ་ལགས་དང་ཨ་ཅག་ལགས
    ད་ཨ་ལའི་ང་ཚོ་གཅིག་འགྲོ་གི་ཡིན།
  • རྒན་ལགས
    ལགས་སེ།
  • ཨ་ཅག་ལགས
    རྒན་ལགས་བཞུགས་དགོའོ།
  • ཨ་མ་ལགས
    ཨ་ལའི་བཞུགས་གདན་འཇགས་དགོའོ།
  • རྒན་ལགས
    ལགས་སེ།